དེ་རིང་ངས་བོད་ཀྱི་དུས་བབ་གསར་ཤོག་གི་དྲ་རྒྱའི་སྟེང་ནས་བོད་དུ་རིག་གནས་གསར་བརྗེ་ཡང་བསྐྱར་ཡོང་རྒྱུ་ཡིན་པའི་སྐད་ཆ་ཞིག་བཀོད་པ་མཐོང་བྱུང་། ད་ལོའི་ཟླ་བ་གསུམ་པ་ནས་བཟུང་ང་ཚོ་བོད་ནང་ལ་འབྲེལ་བ་ཡོད་མཁན་ཚོས་འཇིགས་དངངས་དང་། འཚབ་འཚུབ། གཟབ་གཟབ། སེམས་འཚབ་སོགས་ཅི་ཙམ་བྱེད་དགོས་པ་འདི་ཤེས་གསལ་ཡིན། ད་ནི་འདི་འདྲའི་སྐད་ཆ་ཞིག་སླེབས་དུས་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད། རྒྱ་འདི་ལ་རང་གི་ལྟོ་གོས་གཏམ་གསུམ་ལས་གཞན་མི་དགོས་པ་ནི་ཁ་གསལ་རེད། འདིས་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཅི་ཡང་བཤད་ཕོད་ལ་ཅི་ཡང་བྱེད་ཕོད་པ་ཞིག་རེད། འདི་ལ་ངོ་ཚ་མི་འདུག འདི་ལ་སྐྲག་སྣང་མི་འདུག འདི་ལ་འཛེམས་ཟོན་མི་འདུག འདི་ལ་གནས་ལུགས་མི་འདུག ད་ཅི་བྱེད། ཁྱེད་ཚོས་དེའི་སྐོར་གོ་ཐོས་བྱུང་ངམ། དཀའ་ངལ་མྱོང་མཁན་ནི་བོད་མི་དཀྱུས་མ་ཚོ་ཆགས་རྒྱུ་རེད། སྐྱེ་བ་སྔ་ཕྱི་ལ་བསམས་ནས་བླ་མ་དཀོན་མཆོག་བྱས་ནས་སྡོད་མཁན་བོད་མི་ཚོས་མྱངས་རྒྱུ་རེད།
ཡང་ངས་སྐད་ཆ་ཁུངས་གྲགས་ཅན་ཞིག་ནས་གོ་བ་ལ། ཨོ་ལིམ་པིག་གི་རྗེས་སུ་རྒྱ་ནག་གིས་བོད་དུ་རྒྱ་མི་གནས་སྤོར་འབོར་ཆེན་ཞིག་བྱེད་རྒྱུ་གཏན་འཁེལ་ཡོད་རེད་ཟེར།
བོད་ཀྱི་དུས་བབ་ལ་གཟིགས་ན་གཤམ་གསལ་གྱི་འབྲེལ་ཐག་ལ་བསྣུན་རོགས།
བོད་ཀྱི་དུས་བབ་
རིག་གནས་གསར་བརྗེ་ཞིག་ཡོང་སྲིད་ཀྱི་མ་རེད། གལ་སྲིད་རིག་གནས་གསར་བརྗེ་ཞིག་ཡོང་བ་ཡིན་ན་དེ་ལ་ལོ་གཅིག་མང་ན་ལོ་གཉིས་ཀྱི་ཚེ་མ་གཏོགས་ཡོད་མི་སྲིད། དེས་ཁོ་ཚོའི་ཆེ་མཐོང་ལ་གནོད་རྒྱུ་ཡིན་པ་མ་ཟད་ཁོ་ཚོའི་རླུང་རྟ་རྒྱུག་བཞིན་པའི་དཔལ་འབྱོར་ལའང་གྱོང་གུན་ཐེབས་ཀྱི་རེད། སྔོན་མ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའིདོན་རྐྱེན་ལ་བརྟེན་ནས་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཁོ་ཚོའི་སྣ་ཁུག་ཐེངས་གཅིག་བརྡབས་ཚར་རེད། ད་ཡང་སྐྱར་སྣ་ཁུག་རྡབ་བཅུག་གི་ཨེ་ཡོད།