བོད་ཀྱི་ཤེས་རིག་གི་བསྟི་གནས་རྗར་མེ་ནི་བོད་ཀྱི་ཁང་པའི་ནང་གསར་བརྗེ་ཞེས་མིང་དུ་བཏགས་པའི་དཔར་རིས་འགྲེམས་སྟོན་གྱི་དབུ་འབྱེད་ཞིག་སྤྱི་ཟླ་གཉིས་པའི་ཚེས་གཉིས་ཉིན་བྱ་རྒྱུ་རེད།
དཔར་དེ་རྣམས་རིག་གནས་གསར་བརྗེའི་སྐབས་ལྷ་སར་བརྒྱབས་པ་ཤ་གཅིག་ཡིན་པ་དང་། པར་ལེན་མཁན་ནི་སྐུ་ཞབས་ཚེ་རིང་རྡོ་རྗེ་ཞུ་བ་ཁོང་རེད། ཚེ་རིང་རྡོ་རྗེ་ལགས་ནི་ད་ལྟ་པེ་ཅིན་ནང་གཏན་སྡོད་གནང་མཁན་འོད་ཟེར་ལགས་ཀྱི་ཡབ་ཡིན་པ་དང་། ཚེ་རིང་རྡོ་རྗེ་ལགས་ནི་རྒྱུན་དུ་དཔར་ལེན་་རྒྱུར་སྤྲོ་བ་་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད། ཚེ་རིང་རྡོ་རྗེ་ལགས་ནི་བོད་ཁམས་ཁུལ་དུ་འཁྲུངས་པ་དང་། དགུང་ལོ་བཅུ་གསུམ་ལ་ལོན་སྐབས་བཅིང་འགྲོལ་དམག་དཔུང་ནང་འཛུལ་གནང་བ་རེད། ཁོང་ནི་རིག་གནས་གསར་བརྗེའི་སྐབས་ལྷ་ས་ཁུལ་དུ་ཡོད་པ་དང་། དུས་སྐབས་དེར་ལྷ་སར་ལྷག་བཞིན་པའི་ལོ་རྒྱུས་ཀྱི་འབྱུང་བ་ཁག་གཅིག་ཁོང་གིས་པར་དུ་བླངས་ཡོད། ཁོང་སྐུ་འཚོ་ཞུགས་སྐབས་དཔར་དེ་རྣམས་མི་གཞན་གྱི་མིག་ལམ་དུ་སྟོན་གནང་མེད་པའམ་ཐུབ་མེད་རུང་། ཕྱིས་སུ་ཁོང་གི་བུ་མོ་འོད་ཟེར་ལགས་ཀྱིས་དཔར་དེ་རྣམས་བརྙན་དེབ་ཅིག་ཕྱོགས་བསྒྲིགས་གནང་ཡོད་པ་དང་། དེབ་དེ་རྒྱ་ཡིག་ནང་ཀློག་རྒྱུ་ཡོད་པའི་ཁར། བོད་ཡིག་ནང་ཨེ་ཤེ་ཡ་རླུང་འཕྲིན་ཁང་གི་སྒྲོལ་དཀར་ལགས་ཀྱིས་རྒྱ་ཡིག་ལས་བོད་ཡིག་ནང་བསྒྱུར་གནང་བ་དང་། ད་ཆ་གློག་དེབ་ནང་ལའང་ལྗགས་ཀློག་གནང་རྒྱུ་ཡོད།
ད་རེས་བོད་ཀྱི་ཁང་པའི་ནང་ཁྱོན་བསྡོམས་དཔར་གྲངས་བཅུ་ཕྱོགས་འདེམས་ཀྱིས་འགྲིམས་སྟོན་ཞུ་རྒྱུ་ཡིན་པ་དང་། དཔར་སོ་སོ་དང་། དེའི་ལོ་རྒྱུས་རྣམས་རྗར་སྐད་ནང་བྲིས་ཡོད། རིང་མིན་སྐད་རིགས་གསུམ་ཤན་སྦྱར་གྱི་དཀར་ཆག་ཞིག་བཟོ་རྩིས་འདུག།
དབུ་འབྱེད་ཉིན་རྒྱ་ནག་རིག་པ་སྨྲ་བ་དང་། ལྷག་པར་དུ་རིག་གནས་གསར་བརྗེའི་ཐོག་ཞིབ་འཇུག་གནང་མཁན་སྐུ་ཞབས་ཧེལ་མོ་ཏི་ནས་རིག་གནས་གསར་བརྗེའི་སྐོར་གཏམ་བཤད་གནང་རྒྱུ་དང་། དེ་ནས་འོད་ཟེར་ལགས་ཀྱིས་ཐད་བཀར་དྲྭ་ལམ་བརྒྱུད་ཁོང་གི་ཡབ་དམ་པ་དང་། ཡབ་དམ་པ་དང་དཔར་རིས་དེ་རྣམས་ཀྱི་འབྲེལ་བའི་སྐོར་གྱི་རྒྱབ་ལྗོངས་ལོ་རྒྱུས་ཁག་གཅིག་འགྲེམས་སྟོན་ལ་གཟིགས་པར་ཕེབས་མཁན་རྣམ་པར་གསུང་གི་ཡོད།
པར་དེ་རྣམས་བོད་ཀྱི་ཁང་པའི་ནང་ཟླ་བ་དྲུག་རིང་འགྲེམས་སྟོན་ཞུ་རྒྱུ་ཡིན་ལ་བོད་ཀྱི་ཁང་པ་དང་། བསྟི་གནས་དེའི་མཛད་རིམ་སྐོར་མཁྱེན་འདོད་ཡོད་ན་དྲྭ་ཚིགས་ཁ་བྱང་འདི་ཡིན་པས་དགོངས་འཇགས་ཞུ།
www.tibethaus.com
ཨ་རོགས་ཕུན་ཚེ་ལགས། རིག་གནས་གསར་བརྗེའི་ཉེར་ལེན་ལས་ཡིག་ནོར་སྒྲ་ལོག་༼བསྟེ་གནས།༽འདི་བྱུང་བ་ཨེ་རེད། གསལ་སྒྲག་སྤེལ་དུས་བརྡ་སྤྲོད་ལ་གཟབ་གཟབ་བྱེད་དགོས། དེ་མིན་ན་རིག་གནས་གསར་བརྗེ་ལས་ཆེ་བའི་སྐྱོན་བཟོ་བར་ཁྲིག་ཁྲིག་མེད། རྗེས་མར་༼ལྟེ་གནས་༽ཞེས་འབྲི་རོགས་གནོངས། མི་རིག་ན་སྒང་ལ་བུད། མི་ཤེས་ན་མྱི་ལ་དྲིས།
དེ་མིན་ན་༼བསྟི་གནས༽ཞེས་བྲིས་ནའང་འགྲིག
དཔར་དེ་རྣམས་རིག་གནས་གསར་བརྗེའི་སྐབས་ལྷ་སར་བརྒྱབས་པ་ཤ་གཅིག་ཡིན་པ་དང་། ཞེས་པའི་’ཤ་གཅིག་’ཟེར་བའི་དོན་གང་ཡིན་ནམ།
“ཤ་གཅིག་”་ཟེར་བ་འདི་ཕལ་ཆེར་ཤ་སྟག་རེད་ཟེར་གྱིན་ཡོད་པ་འདྲ། ཅི་འདྲའི་གསལ་སྒྲག་ཐབས་ཆག་ཅིག་རེད་ཨང་།
འགའ་ཤས་ཀྱིས་སྡུག་དཀའ་ལས་ཤི་མི་ཤི་ཙམ་ཞིག་བརྒྱབ་ནས་ཁྲག་དང་རྔུལ་ཆུ་ཐིམས་པའི་གྲུབ་འབྲས་རེ་འཇིག་རྟེན་འདིར་སྟོན། འགའ་ཤས་ཀྱིས་དེ་ལས་སློ་པོའི་སྒོ་ནས་ཚོང་རྫས་སུ་བསྒྱུར་ནས་ཡོང་འབབ་གསོག ཕྱི་རྒྱལ་དུ་འདི་ལྟ་བུའི་འགྲེམས་སྟོན་རེ་བྱེད་དུས་དངུལ་ག་ཚོད་ཡོང་མིན་ཤེས་ནི་རེད། ʼʼབོད་ཀྱི་ཁང་ʼʼ པ་ནང་སྡོད་མཁན་དེ་ཚོས་ཡོང་འབབ་མ་གསོག་གོང་བོད་སྐད་ཡག་པོ་སྦྱོང་དགོས་པ་འདྲ།
པར་དེའི་ནང་དུ་དམར་སྲུང་དམག་དང་སྔོན་ཐོན་པ་ཚོས་གྲལ་རིམ་མཐོ་གྲས་ལ་འཐབ་རྩོད་ཇི་ཙམ་བྱས་པ་བསྟན་ཡོད་པ་རེད།དབུས་གཙང་མངའ་རིས་དང་བཅས་པ་གཞུང་སྒེར་ཆོས་གསུམ་གྱི་འོག་ཞིང་བྲན་ཡིན་པ་མང་པོ་ཅིག་ནས།གསར་བརྗེ་དང་འགྱུར་བ་དེ་ཚོར་དགའ་མོས་བྱེད་བཞིན་པའང་མཐོང་།འོན་ཀྱང་།ཆབ་སྲིད་རྐྱང་བའི་སྐད་ཆ་བཤད་ན་དེ་ནི་དམྱལ་བ་མི་ཡུལ་དུ་འཕོས་པ་ཅིག་ཡིན་པ་རེད།
ཤ་སྟག་དང་། ཤ་གཅིག་ཨེ།
ཤ་སྟག ཅེས་འབྲི་སྟངས་རྙིང་པ་འདི། ཤ་སྟགས་ཞེས་བྲིས་ན་ཡག་ག་ཡོད་རེད། གང་ཡིན་ཞེ་ན། ཤ་སྟག་ནི། ལུས་ཀྱི་ཤ་དང་སེམས་ཅན་སྟག་གི་སྡུས་ཚིག་དང་ནོར་སྲིད་པ་རེད།
རིག་གནས་གསར་བརྗེ་སོགས་ཀྱི་པར་རིས་འགྲེམས་སྟོན་བྱ་རྒྱུ་ཕྱི་དྲགས་པའི་དུས་ལ་སླེབས་པ་མིན་ནམ་སྙམ་མོ།།