བསོད་ནམས།
པར་རྙིང་རྣམས་ནི་སྤྱི་ལོ་༡༩༦༠དང་༡༩༧༠ནང་ལ་བོད་ཁུལ་ཡོངས་རྫོངས་སུ་བོད་མི་གྲངས་མང་སྡེབ་གསོད་བྱས་པའི་ནང་ནས། བྱེ་བྲག་པར་མང་ཆེ་བ་བོད་ལྗོངས་སྙེ་མོ་རྫོང་གི་ས་ཁུལ་ནས་བོད་མི་འབོལ་ཆེན་མེ་མདའི་མདའ་འབེན་( 枪毙)ལ་བཞག་ནས་སྡེབ་གསོད་བྱས་པའི་འདྲ་པར་དག་རེད།
རྒྱ་གཞུང་གི་ཡིག་ཆའི་ནང་ལ་བཀོད་པ་ལྟར་ན་སྐབས་དེར་སྙེ་མོ་ཡུལ་ནས་ཉི་རེའི་འཐབ་འཁྲུག་ནང་ལ་བསད་པའི་བོད་མི་མ་རྩིས་པར། བཙན་དབང་གིས་མེ་འདས་མདའ་འབེན་(枪毙) ལ་བཞག་སྟེ་དམར་གསོད་ལ་བཏང་བ་ལ་ཉིན་རེར་བོད་མི་༥༠ ལྷག་བསད་ཡོད་ཅེས་བཀོད་འདུག།
མདའ་འབེན་གྱིས་དམར་གསོད་བྱས་པའི་ནང་ལ་ཇོ་མོ་དང་མི་སྐྱ བུད་མེད་དང་ལོ་ན་མཐོ་བའི་རྒན་རྒོན གྲྭ་བ་སོགས་ཡོད། བླ་མ་བྱམས་པ་བསྟན་འཛིན་ཞུ་བ་ཡང་མདའ་འབེན་ལ་བཞག་སྟེ་དམར་གསོད་བྱས་ཡོད་འདུག། དེ་བཞིན་འཕྲིན་ལས་ཆོས་སྒོན་ཞུ་བའི་རྒྱལ་གཅེས་དཔའ་མོ་ཞིག་ཡོད་པ། ཁོང་མོ་ནི་ཚོགས་པའི་མགོ་འཛིན་ཡིན་ཞེས་བཀོད་འདུག ཨུ་རྒྱན་འགྱུར་མེད་ཟེར་བ་ཡང་ཚོགས་པའི་མགོ་གཙོ་ཡིན་ཞེས་བཀོད་འདུག ཡིག་ཆའི་ནང་གསལ་དོན་༡༩༦༩ལོའི་ཟླ་བ་༦པའི་ནང་ལ་འཐབ་འཁྲུག་ཐེངས་མང་བྱས་ཤིང་དགོས་སུ་༦ པའི་ཚེས ༡༩དང་༢༠བཅས་ཉིན་གཉིས་ལ་དྲག་འཐབ་ཆེན་པོ་བྱས་ནས་བོད་མི་འབོར་ཆེན་སྡེབ་བསད་བྱས་ཡོད་པ་དང་བོད་མི་༥༠༠ ལྷག་འཛིན་བཟུང་བྱས་ཡོད་ཅེས་བཀོད་འདུག ཁུངས་གསལ་ལོ་རྒྱུས་བོད་ལྗོངས་སྙེ་མོ་ས་ཁུལ་ནས་ཡིན་པའི་རྒན་རབས་ཚོ་ལ་ཚང་མས་འདྲི་རོགས་ཞུ ། མ་གཞིའི་པར་རྣམས་ནག་པར་ཡིན་པ་དང་མི་ལོ་མི་ཉུང་བ་འདས་པས་དམར་གསོད་བྱས་པ་མང་ཆེ་བའི་མཚན་དང་བསད་པའི་ལོ་ཚེས་གསལ་བོ་མཐོང་ཐུབ་དཀའ་འདུག འོན་ཀྱང་པར་གསལ་པོ་རེ་ཟུང་ཡོད་པ་ནི། རྒྱལ་གཅེས་དཔའ་མོ་འཕྲིན་ལས་ཆོས་སྒྲོན་ལགས་དང་ཨུ་རྒྱན་མི་འགྱུར་སོགས་ཀྱི་མིང་གསལ་འདུག
བོད་མི་འབོར་ཆེན་༡༩༧༠ ལོའི་ཟླ་༦པའི་ཚེས་༡༣ཉིན་ཡང་མདའ་འབེན་ལ་བཞག་ནས་མི་མང་མཉམ་བསད་བྱས་པ་གསལ་འདུག དེ་བཞིན་འཕྲིན་ལས་ཆོས་སྒྲོན་དང་ཨོ་རྒྱན་མི་འགྱུར་གཉིས་གསོད་ཉིན་ཡང་བླ་མ་བྱམས་པ་བསྟན་འཛིན་བསོད་ཉིན་དང་གཅིག་པ་ཡིན་པ་འདྲ། དེ་འདྲ་ཡིན་ན་སྙེ་མོ་ཡུལ་གྱི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་གཅེས་སྲོག་མི་རིགས་འདི་དང་རྒྱལ་ཁབ་འདིའི་ཆེད་དུ་ཤོར་ཉིན་ཕར་ཆེར་༡༩༧༠ལོའི་ཟླ་བ་༦ ནང་མིན་ནམ་སྙམ།
ངོ་མ་བོད་མིའི་ལས་དབང་འདི། སྤྱན་རས་གཟིགས་མཁྱེན་ནོ།
དགྲ་བོ་རྒྱ་དམར་གྱིས་་མྱི་གསོད་རྟ་གསོད་བྱས་བའི་རིགས་མང་ཙམ་ཞིག་འདི་ལྟར་གཞོན་གཞོན་ཚོའི་མིག་སྔར་སྦྱོར་ཐུབ་ན་བཟང་ཆ་ཆེན་པོ་འདུག་བསམ་སོང་།
པར་དེ་ཚོ་རྩ་ཆེན་པོ་རེད། ཡོང་ཁུངས་གང་ནས་ཡིན་ན
སྤྱན་རས་གཟིགས་ཀྱི་སྤྱན་དེ་ཉེ་རིང་མེད་པར་འགྲོ་བ་ཀུན་ལ་ཆ་སྙོམས་གཟིགས་པ་མ་གཏོག་བྱེ་བྲག་བོད་མི་རིགས་ཀྱི་ལས་དབང་ལ་གཟིགས་མེད་པ་རྒྱ་དམར་གྱིས་བོད་མི་རིགས་ཉེས་མེད་དམར་གསོད་བཏང་བའི་དཔར་རིས་འདི་ནས་གསལ་པོར་རྟོགས་ནུས།
དེས་ན་སྤྱན་རས་གཟིགས་ཀྱིས་རྒྱ་རིགས་བོད་རིགས་དབྱེ་འབྱེད་མེད་པར་གཅིག་ཏུ་གཟིགས་ཀྱིན་པ་དེ་རེད། མིན་ན་བོད་མི་རིགས་ཀྱི་མགོ་ཐོག་ཏུ་བབས་པའི་ཆག་ཆེ་ཉམ་ང་འདི་རྒྱ་བོད་མི་རིགས་གཉིས་ཀྱི་འགལ་ཟླ་མིན་ཞེས་ས་བསྒྲགས་གནམ་བསྒྲགས་བསྐྱངས་པས་སོ།
་་་་། འོན་ཀྱང་པར་གསལ་པོ་རེ་ཟུང་ཡོད་པ་ནི། རྒྱལ་གཅེས་དཔའ་མོ་འཕྲིན་ལས་ཆོས་སྒྲོན་ལགས་དང་ཨུ་རྒྱན་མི་འགྱུར་སོགས་ཀྱི་མིང་གསལ་འདུག ་་་་་ཟེར།
ཡང་ཀརྡོ་གཉེར་ཕྱག་པས་ཚིག་རྩ་གལ་ཆེན་ཞིག་བཟུང་ཡོད་གི རྒྱ་ཆེ་བའི་ཀློག་པ་པོ་རྣམས་པ་ཅིག་ལྟོས་དང་།
པར་འདི་དག་ནི་ཧ་ཅང་རྩ་ཆེན་རེད། ལོ་རྒྱུས་ཀྱི་ཡིག་ཚང་ནང་ལ་ཉར་དགོས།
རྒྱ་ནག་གི་་་་་་
མའོ་དམར་པོ་ཀླ་ཀློ་ཡིས། །
བུད་མེད་སུམ་བརྒྱར་བཙན་གཡེམ་པ། །
ཏིང་རྒན་ཉ་ལུ་ཁྲེལ་མེད་ཀྱིས། །
ལིག་ཞའོ་ཆིན་མ་ཟུར་བསྟེན་བྱས། །
པོ་ཞི་ལེ་ལའང་ཅང་ཙེ་མིན་ལྟར། །
ཟུར་བསྟེན་མང་པོ་ཉར་བ་སོགས། །
ཆོས་མེད་ངོ་ཚ་མེད་པ་སྟེ། །
གུང་བྲན་མ་རབས་དུས་རབས་རེད། །
་་་་་ རྒྱ་གཞུང་གི་ཡིག་ཆའི་ནང་ལ་བཀོད་པ་ལྟར་ན་སྐབས་དེར་སྙེ་མོ་ཡུལ་ནས་ཉི་རེའི་འཐབ་འཁྲུག་ནང་ལ་བསད་པའི་བོད་མི་མ་རྩིས་པར། བཙན་དབང་གིས་མེ་འདས་མདའ་འབེན་(枪毙) ལ་བཞག་སྟེ་དམར་གསོད་ལ་བཏང་བ་ལ་ཉིན་རེར་བོད་མི་༥༠ ལྷག་བསད་ཡོད་ཅེས་བཀོད་འདུག ་་་་་་་་
རིག་གནས་གསར་བརྗེ་མ་རེད།
རིག་གནས་དམར་བརྗེ་རེད་འདུག
མའོས། མི་འབོར་ས་ཡ། སུམ་ཅུ་ནས་བཞི་བཅུ་བར། དམར་གསོད་བཏང་ཡོད་པར། ཤོད་བགྱིད་འདུག
རྒྱ་ནག་དམར་གཞུང་གི། རྒྱལ་དར་འདི། རྒྱལ་དར་མ་རེད། ཁྲག་དར་རེད་འདུག
མའོའི་རོ་གོག་དེ། ཕྱིར་བཏོན་ནས། རྒྱ་གཞུང་གི རྒྱལ་དར་གྱི། མཚོན་མདོག་དེ་ཡང་། ངེས་པར་དུ། བརྗེ་དགོས་པ་ཅིག མི་དུག་གམ། རྒྱ་ཆེའི་མི་མངས་ཚོ།། །།