ཧི་མ་ལ་ཡའི་འཕྲུལ་སྨྱུག
མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་པ་ཁ་ཅིག་གིས། མདོ་ལུང་ཟ་ཟུར་རེ་དྲངས་ནས་ཚད་མ་རིག་པའི་ཁུངས་སངས་རྒྱས་ཀྱི་གསུང་ལ་གཏུག་ཅི་ཐུབ་མཛད་ཡོད་ཀྱང༌། གསུང་རབ་གང་དུ་ཡང་ཚད་མ་དང་ཚད་མིན་གྱི་རྣམ་གཞག་དང༌། རྟགས་ཡང་དག་དང་ལྟར་སྣང་གི་རྣམ་དབྱེ་གསལ་པོར་མ་གསུངས་ཤིང༌། མཚན་གཞི་ཙམ་ནི་འཇིག་རྟེན་འཚོ་བའི་ཁྲོད་དུའང་ཡོད་པས་ཁུངས་སུ་མི་འགྲོ། དེས་ན་རིག་གཞུང་འདི་ཐོག་མར་མུ་སྟེགས་རིགས་པ་ཅན་པའི་ཁྲོད་དུ་༼གཽཏམ་མེདྷཱཏི་ཐིས། སྐལ་པ་གཉིས་ལྡན་གྱི་དུས་སུ་རྟོག་གེའི་བསྟན་བཅོས་ཀྱི་ཐོག་མ། རིགས་མདོ་ཞེས་པ་དེ་བྱུང་བ་ནས་གཞུང་ལུགས་དེ་ད་ལྟའི་བར་རྒྱ་གར་དུ་༽རང་རྐྱ་ཐུབ་༼པ་གནས་ཡོད་༽ཅིང༌། ༼སངས་རྒྱས་པའི་ངོས་ནས་དྲང་སྲོང་དེའི་ལྟ་གྲུབ་སྐོར་ལ་དཔྱད་བརྗོད་གནང་བ་ནི། ལང་ཀར་གཤེགས་པའི་མདོ་དང༌། པཱལིའི་མདོ་དགའ་ཞིག་ཏུ་ཏཀྐིཝིམཱཾས་སམ་རྟོག་གེ་ལ་དཔྱོད་པའི་ལྟ་བ་དང༌། དེའི་གྲུབ་མཐའ་ཡོད་ཚུལ་སོགས་གསལ་ལ། ད་ཡོད་བསྟན་བཅོས་ཀྱི་ཐོག་མ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་ཡིན་པར་མངོན་ནོ།།
རིགས་མདོ་ལ་སོགས་པའི་མུ་སྟེགས་པའི་གཞུང་ལུགས་ལས་ལེགས་ཆ་རྩལ་དུ་བཏོན་པ་ནི།༽ ཕྱིས་སུ་སངས་རྒྱས་པའི་མཁས་པ་ཚོས་རང་ལུགས་ཟུར་དུ་ཕྱེས་པར་གྲགས་པ་ཉིད་དོན་ལ་གནས་སོ་སྙམ་༼ཞེས་པ་དེར་བདེན་ཁ་སྦྱིན་ནའང་འོས་ཏེ། ཆེས་ཐོག་མར་ནི། སློབ་དབྱིག་གཉེན་གྱི་རྩོད་སྒྲུབ་དང༌། རྩོད་ཆོག་ལས་མཆེད་པའི་རྒྱ་གཞུང་བོད་ཡིག་ཏུ་བསྒྱུར་བ་ ༦༠ ལྷག་མཆིས་ཤིང༌། བོད་ཀྱི་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་སྔ་ཤོས་ནི། རྔོག་ལེགས་པའི་ཤེས་རབ་ཀྱིས་ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་དེ་ཡིན་ལ། དེ་ཕྱིན་བོད་འགྲེལ་གྱི་ཡིག་ཆ་སྡོམ་འབོར་གྱི་དབང་དུ་བྱས་ན་ ༢༠༠ ཡས་མས་ཤིག་ཟིན་གྱི་ཡོད།
ནུབ་ཕྱོགས་པའི་གཏན་ཚིག་རིགས་པ་ཐོག་མ་ནི། གྷེ་རེ་སེའི་ལོ་རྗིག་ཟེར་བའམ་གྲུབ་གསུམ་སྨྲ་བ་ཞེས་པ་དེ་ཡིན་པར་གྲགས་སོ།།༽
ཧི་མ་ལ་ཡའི་འཕྲུལ་སྨྱུག་ལགས་སུ་འདྲི་བ་འགའ་ཡོད་པས་ལན་སྟེར་བར་ཞུ།
༡༽ ཁྱེད་ཀྱིས་ཡི་གེ་ཁག་གཅིག་འགུག་རྟགས་༼༽ནང་ལ་བཅུག་པ་དེ་དག་གཞན་པའི་ལུང་འདྲེན་ཡིན་ནམ། ཡིན་ན་སུའི་ལུང་ཡིན་པ་དྲོངས་ཤིག
༢༽ མཁས་གྲུབ་རྗེའི་གསུང་ངོ་མ་དེ་དག་དྲངས་ནས་དཔྱད་པ་བྱས་ན་མཁས་པའི་གཤིས་ལ་ཞུགས། དེ་མིན་ཁོས་འདི་ཟེར། མོས་འདི་ཟེར། འོན་ཀྱང་དེ་དག་བདེན་པ་མ་རེད་ཅེས་ཟེར་ན། ཁོ་ཟེར་མོ་ཟེར་དེ་བདེན་པ་ཡིན་མིན་སུས་ཤེས། ཁྱེད་ཀྱིས་ཁས་གྲུབ་རྗེའི་གསུང་ཇི་བཞིན་བཀོད་མིན་འདུག
༣༽ཚད་མའི་གཞུང་ལ། ཚད་མ་འདི་ཕྱི་པའི་གཞུང་ཡིན་པ་ལ་སློབ་དཔོན་ཆོས་གྲགས་སོགས་ཀྱི་ལོ་རྒྱུས་ལས་གསལ་ཞིང་། བོད་རྒྱུད་ནང་པ་མང་ཆེ་བས། ཚད་མ་ནི་ཕྱི་གཞུང་ནང་ལ་འདྲེན་པ་ཡིན་པ་ཁས་ལེན་ཞིང་། རྣ་ཡོད་ཐམས་ཅད་ཀྱི་གོ་མྱོང་བ་ཞིག་དང་། མིག་ཡོད་ཀུན་གྱི་མཐོང་མྱོང་བའི་གནས་ལུགས་ཤིག་ལ། འདིར་གསར་བརྙེད་ལྟ་བུའི་ངོམས་རྒྱག་པ་ནི། གཞུང་འདི་ལ་སྦྱང་པ་ཆེས་མ་མཆིས་པ་རྣམས་ཀྱི་ངོ་ལ་སོ་འཐོན་གྱི་སྦྱངས་པ་ཐོན་ཟིན་པ་རྣམས་ལ་ནི། སྤྲིན་ལས་ཆར་པ་ཐོན་པ་ལྟ་བུའི་
རྒྱུན་གཏན་གྱི་ཤེས་བྱ་ཞིག་ལགས།
༤༽ཁྱེད་མཁས་གྲུབ་རིན་པོ་ཆེའི་གསུང་ལ་ཞིབ་པར་གཟིགས་དང་། ཁྱེད་གཉིས་ཀྱི་དབར་ན་ཁྱད་པར་ཕ་བོང་ཆེན་པོ་ཞིག་འདུག ང་ཚོ་ཕྱིས་ཀྱི་བོད་པའི་རྩོམ་པ་པོ་མང་པོ་ཞིག་འུར་སློང་བ་དང་། སྒྲོ་བཏགས་པར་དགའ་ཞིང་། དེ་བས་རི་བོང་ཅལ་འདྲོགས་ཀྱི་རྒྱུ་ལ་ཤིན་དུ་གོམས་པའི་ཚུལ་ལ་སྣང་། ནུབ་ཕྱོགས་པའི་མཁས་པ་རྣམས་ནི། དེ་ལས་ལྡོག་ཏེ། བྱ་བ་ཞིབ་ཆ་ཤིན་དུ་ནས་ཆེ་བ། ལྷོད་རྒྱུག་ཡེ་ནས་སྤོངས་གང་ཐུབ་དང་། ཚིག་དོན་གཉིས་ཀྱི་དབར་ལ་སྲང་སྤུ་ཙམ་ཡང་མི་གཏོང་བའི་བཙུན་པའི་ཡོན་ཏན་ཤིན་དུ་ནས་བཟང་བ་མང་པོ་འདུག་པས། དེ་ཚོར་མིག་ལྟོས་བྱས་ན་ཕན་པ་ཆེ་ཞེས་སྐུལ་ལྕག་གིས་མཇུག་བསྡུའོ།
(བོད་ཀྱི་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་སྔ་ཤོས་ནི། རྔོག་ལེགས་པའི་ཤེས་རབ་ཀྱིས་ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་དེ་ཡིན་ལ།)
དེའི་སྔོན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་ཡང་དག་པའི་ཚད་མ་ཞེས་པ་ཞིག་ཀྱང་མཛད་ཡོད་ལགས།
དབང་འདུས་ལགས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ཞེས་པའི་དཔེ་ཆ་དེ་ཁྱེད་ཀྱི་དངོས་སུ་གཟིགས་ཡོད་མེད་དང༌། གཟིགས་ཡོད་ཚེ་དཔེ་ཆ་ས་ཆ་གང་ཞིག་ནས་རག་གི་ཡོད་མེད་གསུང་རོག་ཞུ།
དྲང་པོ་ལེགས། སྤྱིར་གཏང་ཧི་སྨྱུག་གིས་རྩོམ་ཉོག་འདི་གོ་དཀའ་བ་མཐོང་ན་ཡང༌། ཁོ་རང་གི་གླེང་བརྗོད་དུ་འདི་འདྲ་ཞིག་བཀོད་འདུག
ཐོག་མར། འདི་འདྲ་ཞིག་བྲི་དགོས་པའི་རྐྱེན་ཇི་ལྟར་འཕྲད་པའི་སྐོར་ནི། སྤྱི་ལོ་༢༠༡༠ ཟླ་བ་༦ པའི་ནང་དུ། འཕགས་ཡུལ་བྱང་ཕྱོགས་རང་དགོན་དུ་ཡོད་སྐབས། བལ་ཡུལ་ནས་ཕེབས་པའི་ངའི་གྲོགས་པོ་ཞིག་ལ། ད་ལྟ་དེ་ཕྱོགས་སུ་གནས་ཚུལ་གསར་པ་ཇི་འདྲ་ཡོད་མེད་དྲིས་པ་ན། ཁོང་ནས་དེང་སང་དེ་ཁུལ་དུ་གསར་འགྱུར་ནི། བོད་ནས་ཡིན་པའི་ཚ་བ་མདའ་སྨྱུག་ཅེས་པ་ཞིག་གིས། ལོག་རྟོགས་སྙིང་སྟོབས་ཞེས་པ་ཞིག་དྲ་རྒྱའི་ནང་དུ་ལྟ་རྒྱུ་ཡོད་པ་དེའི་སྐོར་ རེད། ཟ་ཁང་དང༌། ཇ་ཁང་གང་མང་ནང་དུ་བོད་ཡིག་ཐོག་གནས་ཚད་མཐོ་ཙམ་ཡོད་པ་རྣམས་ནས། རང་རང་གི་བསམ་འཆར་སྣ་ཚོགས་པ་ཞིག་གླེང་བཞིན་ཡོད་རབས་ཐོས་བྱུང༌།
དེ་ནས་ཁོ་བོ་ལས་སྒྱུར་དང་ འབྲེལ་བལ་ཡུལ་དུ་དེའི་སྐོར་དྲིས་རྩད་བྱས་ཀྱང༌། གྲོགས་པོ་ལ་ལ་ནས་ཁྱེད་རང་དེ་འདྲ་བའི་རྩོམ་དེ་མཚོ་ལ་ལྟ་རྒྱུ་མི་འདུག གལ་སྲིད་ལྟས་པ་ཡིན་ན་ནང་ཆོས་ལ་ལོག་ལྟ་སྐྱེ་ངེས་རེད་སོགས་བརྗོད་བྱུང་ལ། ཁ་ཤས་ནས་སང་བ་ཆེ་མདོག་གི་འདྲ་ཤུས་བྱེད་རྒྱུར་གཡར་པོ་ཞུས་ཀྱང༌། ངའི་དེ་དཔར་གསལ་པོ་ཞེ་དྲག་མེད་ལུགས་དང༌། ད་ལྟ་རང་གཞན་ཞིག་གི་ཁྱེར་སོང་ཞེས་བརྗོད་དེ། ཁ་གཡོར་ས་ཅི་རྙེད་ཞིག་ཀྱང་བྱས་བྱུང༌། སྤྱི་ལོ་༢༠༡༡ ཟླ་བ་༣ ཚེས་༢༣ ཉིན་ངོ་ཤེས་པ་ཞིག་གི་ནང་དུ་དེ་ཉིད་མཐོང་སྐབས། འདྲ་ཤུས་ཆེད་གཡར་པོ་ཞུས་ཀྱང༌། ཁོའི་དེ་ལ་ནི་ཁ་བྱང་འདི་དང་འབྲེལ་བའི་སྐོར་དེ་ཡང་ཚང་མི་འདུག་ལ། འོག་མ་རྣམས་ཀྱང་གོང་འོག་འཁྲུག་ཡོད་པ་ཞིག་ལས་གཡོར་རྒྱུ་མ་རག་ནའང༌། ཟླ་ཤས་རྗེས་སུ་སེང་རྡོར་དྲ་བའི་ནང་དུ་ལྟ་རྒྱུ་ཡོད་པ་ཤེས་པས། དེ་ཉིད་མགོ་མཇུག་ཚང་བ་ཚར་འགའ་ཙམ་ཀློག་རྗེས། འདི་ལ་བསམ་ཚུལ་ཐེབས་ཆག་ཅིག་བྲི་ཐུབ་པ་ཡིན་ན།
གཅིག་ནས། ཚ་སྨྱུག་པའི་རྩོམ་འདི་འདྲ་ཤུས་བྱེད་རྒྱུ་ཙམ་ཡང་གཡོར་བར་དཀའ་བའི་གྲོགས་པོ་ འགའི་ཞེ་གནག་དེར་གོ་རྒྱུ་གཅིག་སྤྲོད་ཐུབ་པ་ཡོང་ཆེད་དང༌།
གཉིས་ནས། དྲ་རྒྱ་དང༌། ཇ་ཁང༌། ཟ་ཁང་ཁག་ཏུ་བསྒྲགས་རྩོམ་འདིའི་རྐྱེན་ལ་བརྟེན་ནས། ནང་ཆོས་ལ་སྒྲོ་སྐུར་གྱིས་ཉེས་ཚབ་ལོ་བཞི་ཙམ་རིང་བཞུར་བ་རྣམས་ལ། འཕྲལ་སེལ་གྱིས་ཆུ་ལོན་ལྟ་བུ་ཞིག་གྱུར་ན་ཅི་མ་རུང་སྙམ་པའི་ཀུན་སློང་གི་མཚམས་ སྦྱར་བ་དང༌།
གསུམ་ནས། བགྲང་བྱ་གང་མང་རིང་བཤད་གྲྭ་ཁག་ཏུ་གཞུང་བཀའ་པོད་ལྔ་ཙམ་མ་ཟད། ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པར་སྦྱང་བརྩོན་ཆ་ཤས་ཙམ་གྱིས་པ་རྣམས་ཕྱིར་དྲན་ ཕྲན་བུ་ཡོང་སླད་དུ་དམིགས་ཏེ། ཚ་བ་མདའ་སྨྱུག་དང་འབྲེལ་བའི་གཏམ་དྲང་བདེན་གྱི་སྙིང་སྟོབས། ཞེས་པའི་ལས་གཞི་འདི་མགོ་བརྩམས་པ་ཡིན།
རྒྱ་ཆེ་ཀློག་པ་པོ་རྣམ་ པས་ངེས་པར་དུ་ཐུགས་སྣང་དགོས་རྒྱུར། ཡི་གེ་ནག་པོ་སྦོམ་པ་རྣམས་ནི། ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། དབྱིན་ཡིག་གི་གུག་རྟམས་()འདིའི་ ནང་བཀོད་པའི་ཡི་གེ་རྣམས་ནི། བསྒྲགས་རྩོམ་འདིའི་ཚིག་ཕྲེང་ལུང་འདྲེན་གྱི་ཚུལ་དུ་ཐད་ཀར་དྲངས་པ་ཞིག་ཡིན། གུག་རྟགས་འདིའི་ནང་དུ་བཀོད་པའི་༼༽དཀྱུས་མ་རྣམས་ནི། ཁོ་བོས་བྲིས་པ་ཞིག་ཡིན་པ་ཤེས་དགོས་ལ། (())གུག་ རྟགས་ཉིས་གཤིབ་ནང་བཙུད་པ་རྣམས་ནི། དཔྱད་བརྗོད་ཀྱིས་དགོས་པ་མ་མཐོང་སྟེ། མ་ཕྱི་རང་སོར་བཞག་པ་བཅས་ཡིད་ཟབ་དགོས་ངེས་དང་ཆབས་ཅིག ཚིག་སྦྱོར་དང་དག་ཆ་སོགས་ལ་དེ་ཙམ་ཞིབ་ཆ་མ་བྱུང་ན་ཡང༌། ཉི་མ་གཉིས་རེའི་མཚམས་སུ་དུམ་བུ་རེ་རེ་མུ་འགོད་བྱེད་རྒྱུ་ལགས་ན། སྐབས་བབ་དང་འབྲེལ་བའི་དགོངས་ཚུལ་ལྷུག་སྩོལ་ཡོང་བ་ཞུ་རྒྱུ་བཅས།
ཧི་མ་ལ་ཡའི་འཕྲུལ་སྨྱུག་གིས་སྤྱི་ལོ་༢༠༡༢ ཟླ་བ་༡༡ ཚེས་༢༨ ཉིན་བྲིས།།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཡང་དག་པའི་ཚད་མ་ང་ལ་ཡོད།
ཚད་མ་རྣམ་འགྲེལ་ཡག་པོ་སྦྱངས་ནས་གཞི་ནས་ཚད་མའི་སྐོར་གླེང་ན་མི་བཟང་ངམ། ལགས།
བཅོམ་ལྡན་འདས་ཀྱི་གསུང་ན། གཏན་ཚིགས་བསྟན་པ་ལ། མ་རྟོགས་པ་དང་ལོག་པར་རྟོག་པ་ཡོད་པ་དག་ལ། རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོས་མང་དུ་བཀོད་པ་ལས། གཅིག་ནི་ཚིགས་བཅད་འདི་སྟེ།
་
དུ་བ་ལས་ནི་མེ་ཤེས་དང་།
ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།
རིགས་ནི་མཚན་མ་དག་ལས་ཤེས།།
་
ཚད་མ་རིགས་རྒྱན། དབུས་སྤར་ཤོག ༣པ་ན།
བདུད་འཇོམས་རྒྱལ་རབས་ནང་བཙད་པོ་ཁྲི་སྲོང་གིས་མ་ཧ་ཡོ་གའི་སྒྲུབ་སྡེ་ལས་སྐུ་འཇམ་དཔལ་ལ་དངོས་གྲུབ་བརྙེས་པས་བཀའ་ཡང་དག་པའི་ཚད་མ་མཛད་དོ་ཞེས་གསུངས་ཀྱང་ཚད་མ་ཟེར་དུས་ཚད་མའི་གཞུང་ཞིག་ཡིན་ཨ་དགོས་བསམ། གང་ལྟར་དཔེ་མ་མཇལ། གལ་ཏེ་ཚད་མའི་གཞུང་ཡིན་ན་བོད་པས་བྱས་པའི་ཚད་གཞུང་དང་པོ་དེ་ཡིན་པ་ལ་རྩོད་པ་མེད།
དུ་བ་ལས་ནི་མེ་ཤེས་དང་། །ཞེས་སོགས་ཀྱིས་འབྲས་རྟགས་དང་། ང་དང་ང་འདྲ་བའི་གང་ཟག་གིས་ཚོད་བཟུང་གི གང་ཟག་གིས་གང་ཟག་ཚོད་མི་བཟུང་སྟེ། ཉམས་པ་འགྱུར་ཏ་རེ། ཞེས་པ་འདི་མ་དམིགས་པའི་རྟགས་ཀྱི་ཁུངས་སུ་དྲངས་ཡོད་སྙམ་ལགས།
ཧི་མ་ལ་ཡའི་འཕྲུལ་སྨྱུག་གི་ཆེད་རྩོམ་འགའ་ཤས་བཀླགས་པ་འདི་དག་གི་ནང་ལ་ནང་བསྟན་ལ་འགན་འཁུར་མེད་པར་ལྡོག་ཕྱོགས་ནས་རྐྱང་རྐྱང་གླེང་བཞིན་འདིས། གུས་པ་ཅུང་ཟད་བློ་མི་བདེ་བར་གྱུར་བཅུག་སོང་གདའ།
དྲང་བདེན་གི་སྙིང་སྟོབས་འམ་ཕྲག་དོག་གི་སྙིང་སྟོབས་ཟེར་བ་དེ་ནི་ངོ་ཚ་ཉོ་བྱེད་འམ་ཡི་དྭགས་གི་གཟུགས་སྙན་ངོམ་པ་ལྟར་བུ་འདུག་པས་ཟབ་པར་འཚལ། གསེར་སྐུ་རག་ལ་མ་བསྒྱུར་རོག ཧི་མ་ལ་ཡིའི་ཡི་དྭགས།
ལྷ་བཙད་པོ་བྱང་ཆུབ་རྫུ་འཕྲུལ་གྱི་བཀའ་ཡང་དག་པའི་ཚད་མ་དང་། (གཞུང་འདིས་རྒྱུ་བྱ་བ་བྱེད་པ་སོགས་རིགས་པ་བཞི་རྩལ་དུ་འདོན་པར་བྱེད་)དེ་བཞིན་སྔ་འགྱུར་གྱི་མཁས་པས་བྱས་པ་ད་ལྟ་བསྟན་འགྱུར་སྣ་ཚོགས་ཀྱི་གྲས་སུ་བཞུགས་པའི་ཚད་མའི་བསྟན་བཅོས་ཐོ་རེ་བ་འགའ་ཞིག་བཞུགས་ཏེ། འདི་ལ་ཡང་བསམ་གཞིགས་གནང་དགོས། གཏན་ཚིགས་རིག་པའི་ཁུངས་སངས་རྒྱས་ལ་གཏུགས་མཁན་ནི། མཁས་གྲུབ་རྗེ་ཙམ་མིན་པར་གཙོ་བོ་དེ་དཔལ་ཆོས་ཀྱི་གྲགས་པ་རེད། དེ་རྣམ་འགྲེལ་དུ་དམིགས་བསལ་སངས་རྒྱས་ཀྱི་མདོའི་ལུང་དཔེ་བརྗོད་དུ་དྲངས་པའི་ཐོག་ནས་གསུངས་པ་དེ་ཀ་རེད།
མ་གཞི་འདི་རིགས་ལ་སྡོམ་རྒྱག་རྒྱུ་དེ་དེ་ཙམ་ལས་སླ་པོ་ཞིག་ནི་མིན་པ་འདྲ།
བཀའ་ཡང་དག་པའི་ཚད་མ་སོགས་སྡེ་དགེ་བསྟན་འགྱུར་སྣ་ཚོགས་ཀྱི་གྲས་སུ་བཞུགས་པ་རེད་ལགས།
བསྟན་འགྱུར་སྣ་ཚོགས་ཀྱི་གྲས་འདི་ནི་སློབ་དཔོན་བློ་གྲོས་བསྟན་པའི་མངོན་འགྲེལ་ཆེན་མོ་ལྟ་བུ་མངོན་པའི་སྐབས་རང་དུ་མེད་པའི་གསར་བསྣན་གྱི་བསྟན་བཅོས་དང་། བཀའ་ཡང་དག་པའི་ཚད་མ་དང་། གཉན་དཔལ་དབྱིངས་ཀྱི་ལྟ་བ་ཡང་དག་པའི་སྒྲོན་མ་ལྟ་བུ་བོད་ཀྱི་མཁས་པ་སྔ་མས་བྱས་པའི་བསྟན་བཅོས་ཁག་ཅིག་བཞུགས་ན་ཡང་མང་པོ་ཞིག་གིས་ཅི་བཞིན་ཧ་མ་གོ་བར་ལྷག་ནས་བསྡད་ཡོད་པ་འདྲ།
དཀར་ཆག་གི་སྣ་ཚོགས་ཀྱི་སྐོར་ལ་གཟིགས་དང་ཤེས་པར་འགྱུར་རོ། །
ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་ཁྲི་སྲོང་ལྡེ་བཙན་གྱི་མཚན་གྱི་རྣམ་གྲངས་རེད་དམ། བཀའ་ཡང་དག་པའི་ཚད་མའི་བརྗོད་བྱ་རིགས་པ་བཞིའི་སྐོར་ཡིན་ན་ཚད་གཞུང་དུ་འཇོག་དགོས་སྙམ།
་་་་་ དེས་ན་རིག་གཞུང་འདི་ཐོག་མར་མུ་སྟེགས་རིགས་པ་ཅན་པའི་ཁྲོད་དུ་༼གཽཏམ་མེདྷཱཏི་ཐིས། སྐལ་པ་གཉིས་ལྡན་གྱི་དུས་སུ་རྟོག་གེའི་བསྟན་བཅོས་ཀྱི་ཐོག་མ། རིགས་མདོ་ཞེས་པ་དེ་བྱུང་བ་ནས་་་་་་ ཟེར་ན་་ནི།
ནང་ཆོས་ནས་ཀྱང་སྟོན་པ་ཤྰཀྱ་ཐུབ་པ་ནི་རྣམ་འདྲེན་བཞི་པ་ཡིན་པས། གཉིས་པ་འོད་སྲུང་དང་། གསུམ་སེར་ཐུབ། དང་པོ་འཁོར་བ་འཇིག་སྐབས་སུ་ཡང་ནང་པའི་གཏན་ཚིགས་རིག་པ་ཡོད་པས་་་་ཟེར་བ་དང་མཚུངས་སོ། །
གཏན་ཚིགས་རིག་པའི་གནས་འདི་རྒྱས་པར་སྟོན་པའི་རང་སྡེ་ནང་པ་རྒྱས་པའི་གཞུང་གི་གཙོ་བོ་ནི། དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང་། རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་གཉིས་ཀྱིས་སྡེ་བདུན་མདོ་དང་བཅས་པ་ཡིན་ལ།
དེ་ཡང་ཚད་མ་རྣམ་འགྲེལ། རྣམ་ངེས། རིགས་ཐིགས། གཏན་ཚིག་ཐིག་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ།
རྩོད་པིའ་རིགས་པ་བཅས་ཚད་མ་སྡེ་བདུན་དང་།
དེ་དག་གི་བརྗོད་བྱའི་གཙོ་བོ་རྟོག་གེའི་ཚིག་དོན་བརྒྱད་ནི། མངོན་གསུམ་ཡང་དག་ལྟར་སྣང་གཉིས། རྗེས་དཔག་ཡང་དག་སྣང་གཉིས། སྒྲུབ་དག་ཡང་དག་ལྟར་སྣང་གཉིས། སུན་འབྱིན་ཡང་དག་ལྟར་སྣང་གཉིས་ཏེ་བརྒྱད་དོ། །
བསྡུས་གྲྭ་དང་། བློ་རིག རྟགས་རིགས་ཀྱི་གཞུང་ནི། བོད་ཀྱི་མཁས་དབང་ཆ་པ་ཆོས་ཀྱི་སེང་གེ་༼༡༡༠༩་་༡༡༦༩༽དང་། དེའི་དངོས་སློབ་གཙང་ནག་བརྩོན་འགྲུས་སེང་གེ་སོགས་སེང་ཆེན་བརྒྱད་ཀྱི་སྐུ་རིང་ལ་གཏན་ལ་འབེབས་པ་མ་གཏོགས་རྒྱ་གར་འཕགས་པའི་ཡུལ་དུ་ཡང་བྱུང་མེད་པ་དེ་ཡང་། མ་བརྗེད་པར་གྱིས་ཤིག