བོང་རྫི། (བོད་འབྱོར།)
ཐོག་མར་གླེང་སློང་བ།
དེ་ཡང་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་ཏུ། “རང་རེའི་མཁས་བ་རྣམས་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ་དང། རྩོམ་པའི་སྒྲིག་སྟངས། ཆས་དང། ཆོ་ག་སོགས་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་པའི་ཤན་གྱི་ཁྱབ་ནས་ཡོད་ཅིང། ཐ་ན་ཚིགས་བཅད་དུམ་རེའི་ནང་དུ་དཔེ་འགའ་ཞིག་སྟོན་དགོས་ཚེའང་རྒྱ་གར་གྱི་ཆུ་བོ་རི་ལྗོངས་སོགས་ཀྱི་མིང་ཁོ་ན་འོངས”ཞེས་གསུངས་ཡོད་པ་བཞིན།
“དེང་རབས་བོད་ཀྱི་རྩོམ་རིགས་”ཟེར་བ་འདི་དང།རྩོམ་པ་པོ་དེ་དག་གི་སེམས་ཀྱི་འཆར་སྟངས་དང། རྩོམ་གྱི་སྒྲིག་སྟངས། མཛེས་བའི་ཉམས་བཏོད་ཚུལ། ལུས་ངག་ཡིད་གསུམ་ཀྱི་རྣམ་འགྱུར་ཐམས་ཅད་ལ་མ་ཧ་ཙི་ནའི་ཤན་མ་ཞུགས་པ་ཞིག་ཧ་ལམ་མེད་ཅིང། ལྷག་པར་ཏུ་རིག་གནས་གསར་བརྗེ་ཆེན་མོ་ཞེས་བའི་དུས་འགྱུར་ཆེན་མོ་དེ་ཡིས་ཤན་ཞུགས་ཏེ།ཐ་ན་གནད་སྟོན་པའི་ཚིག་འགའ་རེ་བཀོལ་དགོས་ཚེའང།
རིག་གནསགསར་བརྗེའི་ཐ་སྙད་སྟེ།“རྙིང་ཞེན”དང་”གཞོན་ནུ།”“སྙིང་སྟོབས”སོགས་བཀོལ་བཞིན་ཡོད་པ་དང།ཐ་སྙད་དེ་ཚོ་ནི་་ཁོང་ཚོའི་སེམས་སུ་ཐུན་མོང་མ་ཡིན་པའི་ངར་ཆེན་པོ་སྟེར་པའི་མཚོན་ཆ་ལྟ་བུར་གྱུར་ཏེ། ནམ་ཡིན་ཡང་ལེགས་ཉེས་ཀྱི་འཇོག་སྟངས་དང། བདེ་སྡུག་གི་དབྱེ་བ། རིགས་ལམ་ཀྱི་ཁྱད་ཆོས་རྣམས་ཀྱང་ཚད་འདི་ལྟ་བུ་བརྟེན་ནས་འཇོག་བཞིན་ཡོད། དེ་བཞིན་ཁོ་ཚོས་“སློབ་གྲྭ”སོང་བ་ཞིག་གིས་གཏམ་བཤད་སོགས་གོ་ཡོང་དུས། བརྗོད་བྱ་དེ་ལ་ཞིབ་འཇུག་བྱས་ཡོད་པ་དང། མི་དེ་དག་ལ་ཞིབ་འཇུག་པ། མཁས་བ་སོགས་ཀྱི་མིང་བྱིན་ནས་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་སྲོལ་ཡོད།
དེ་བཞིན་དགོན་སྡེ་ཞིག་ནས་ཡོང་བའི་མི་ཞིག་གིས་བརྗོད་བྱ་གཅིག་པ་ཞིག་བཤད་ཀྱང།གྲྭ་བཙུན་དེ་དག་གི་སྐད་ཆ་ནི་ཉམ་ཆུང་བ་དང། གཟི་བརྗིད་མེད་པ་འདྲ་བ་ཞིག་ཏུ་བརྩི་བཞིན་ཡོད། ཁོང་ཚོས་སེམས་ཀྱི་ཕུགས་སུ་ནམ་ཡིན་ཡང། རྙིང་བ་དང་གསར་བ། ཆོས་བ་དང་སྐྱ་བོ། དེ་བཞིན་ཚན་རིག་དང་ཆོས་ལུགས་སོགས་ཀྱི་ཁྱད་པར་རྒྱ་ཆེན་པོ་ཡོད་པ་དང་། དེ་དག་ལ་གཞི་མཐུན་ཅི་ཡང་མེད་པའི་འདོད་ཚུལ་ཞིག་ཁོ་ཚོའི་སེམས་སུ་ཏན་ཏན་ཡོད་པ་མ་ཟད། བོད་ཀྱི་སྔོན་སྲོལ་གྱི་ཤེས་ཡོན་དང། མཁས་བ། དེ་བཞིན་བསྟན་བཅོས་སོགས་ལ་སེམས་ཀྱི་གཏིང་ནས་དོགས་པ་དང། འཁོན་འཛིན་སོགས་ཡོད། ཁ་ཅིག་གིས་དེ་བས་ཀྱང་སྔོན་སྲོལ་ཐམས་ཅད་ཁོ་ཚོའི་མི་ཚེ་དང། ལྟ་བ། གོ་གནས་སོགས་ཀྱི་དགྲ་ཟླ་ལྟ་བའི་འགལ་བ་བཟུང་ཏེ་དུས་ནམ་ཡང་ཆེད་དུ་འཐབ་པ་དང་རྩོད་པའང་བྱེད་བཞིན་ཡོད། རྙིང་གཏོར་གྱི་གྲུབ་མཐའ་འདི་དུས་་གང་ཞིག་ལ་བྱུང་བ་དང།རྒྱུ་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་དམ་ཞེ་ན། དེ་ནི་ད་ལྟ་ནས་བརྩིས་བའི་མི་ལོ་བཞི་བཅུ་ཙམ་གྱི་ནང་བྱུང་བ་དང་། རྒྱུ་དང་རྐྱེན་དུ་མ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་འདོད་དོ། རྒྱུ་དང་རྐྱེན་ནི་ནང་བའི་ཆོས་སུ་སྤྱི་མཐུན་གྱི་ལས་དང། དེང་དུས་འཇིག་རྟེན་གྱི་རྣམ་བཞག་ཏུ་ལོ་རྒྱུས། ཆབ་སྲིད་ཀྱི་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་རེད། ལར་ཏུ་རྒྱུ་རྐྱེན་དེ་དག་ཐམས་ཅད་གསལ་ཙམ་ཞིག་བཤད་ན། བོད་ཀྱི་རྣམ་དཔྱོད་ཅན་རྣམས་ལ་ཕན་པའི་རྒྱུ་དང། ལོ་རྒྱུས་དངོས་རྟོགས་པ་ལ་ཕན་པ་མང་པོ་ཞིག་ངེས་པར་ཏུ་འགྱུར་སྲིད་མོད། དེ་ལྟ་བའི་རྒྱ་ཆེ་བའི་རྣམ་བཞག་ཅིག་ལེའུ་འདི་ལྟ་བུ་ཞིག་གི་ནང་གི་ཆུད་པའི་བཟོ་མི་འདུག་ཅིང།
དེ་བས་རྒྱ་མཚོ་ནང་གི་ཆུ་ཐིགས་ལྟ་བུ་ཙམ་ཞིག་གླེང་མོལ་གྱི་ཚུལ་དུ་་དྲངས་ནས་བཤད་ན། དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་འདི་མ་ཧཱ་ཙི་ནའི་ཡུལ་གྱི་ལྔ་བཞི་ལས་འགུལ་གྱི་རྙིང་གཏོར་གྱི་ལྟ་བ་དང། ལྷག་པར་ཏུ་རིག་གནས་གསར་ཆེན་པོའི་དམར་སྲུང་དམག་གི་ལྟ་བ་ལས་བྱུང་ཞིང།
གཞུང་གི་སློབ་གྲྭ་ལ་སོང་བའི་སློབ་གྲྭ་བ་འགས་གསར་ཏུ་བཏོན་པ་ཡིན། ཁོ་ཚོས་ལྟ་བ་འདི་དེང་རབས་ཅན་དང། ཚན་རིག། ལྷག་པར་དེང་རབས་བོད་ཀྱི་རྩོམ་རིགས་ཟེར་པའི་དར་གྱི་འོག་ནས་སྤེལ་བ་ཡིན་མོད། བསམ་བློ་སྙིང་ཐག་པ་ནས་་བཏང་ཡོང་དུས།
སེམས་ཀྱི་འཁྱེར་སྟངས་དང། ཚིག་གི་བཀོལ་སྟངས། གཞི་ལམ་འབྲས་གསུམ་ཐམས་ཅད་དོན་གྱིས་ད་དུང་རིག་གནས་གསར་བརྗེ་ཆེན་མོ་ལས་ཐར་ཐུབ་མི་འདུག
འདི་ནི་ཆེད་དུ་ལོ་མང་པོ་ཞིབ་འཇུག་བྱས་བའི་འབྲས་བུ་མ་ཡིན་ལ། གཞན་གྱི་ལྟ་བ་དང་མི་ཚེ་ལ་སྣང་མེད་དང། མཐོང་ཆུང་སོགས་ཀྱིས་ཚུལ་ཀྱང་མེད་པར། བློ་གཟུ་བོ་ཞིག་གིས་ངང་ཚུལ་གྱིས་བོད་ཀྱི་དོན་གཉེར་ཅན་དག་ལ་འཕྲོས་མོལ་ཙམ་བྱེད་པ་དེ་ཡིན།
བསྟན་བཅོས་འདི་བོད་ཡིག་ཏུ་འབྲི་བའི་སྐབས་སུ། བོད་མི་རྣམས་ཀྱིས་གོ་བདེ་བ་དང།
ཀློག་བདེ་བའི་ཕྱིར་ཏུ།དབྱིན་ཇི་དང་རྒྱ་ནག་སོགས་ཀྱི་སྔོན་དང་དེང་གི་ རྩོམ་རིགས་ཀྱི་ལྟ་བ་མཚོན་པའི་ཡི་གེ་དང།གྲུབ་མཐའི་རྣམ་བཞག་བོད་ཡིག་ཏུ་མེད་པ་རྣམས་ལུང་དྲངས་བ་དང། བཀོལ་སྤྱོད་བྱས་མེད། རྒྱུ་མཚན་ཅི་ཡིན་ཞེ་ན།
ཕྲན་གྱིས་བསམ་པར་དེང་དུས་མི་མང་པོ་ཞིག་གིས་རང་གིས་ལུང་དྲངས་བ་རང་གིས་ཀྱང་ཧ་མ་གོ་བར་དྲངས་བ་མཐོང་ཤིང།་ ཁྱད་པར་ཏུ་དབྱིན་ཇི་དང། རྒྱ་ཡིག་སོགས་ཀྱི་སྐད་ཆ་འདྲ་ལུང་དྲངས་ན། སྐྲག་སློང་བ་ལྟ་བུ་ཤིག་ཏུའང་མཐོང་བས།འདིར་ལུང་དྲངས་བ་ཐམས་ཅད། བོད་ཡིག་གི་བསྟན་བཅོས་རྣམས་ལས་བཀོལ་ཅི་ཐུབ་བྱས་ཡོད་།
ཡིན་ནའང། དཔྱད་པ་བྱེད་སྟངས་དེང་དུས་ནུབ་ཕྱོགས་སུ་དར་བཞིན་པའི་མཁས་བའི་ དཔྱད་རྩོམ་འབྲི་བའི་སྲོལ་བཞིན་ཏུ། རྩ་བའི་དམ་བཅའ་དེ་སྒྲུབ་པའི་ཆེད་དུ་རིགས་པ་དང།ལུང་འདྲེན་སྣ་ཚོགས་བྱས་ཏེ་རང་གི་རྩ་བའི་དམ་བཅའ་སྒྲུབ་ཐབས་བྱས་ཡོད།
སྤྱིར་བཏང་ཕྲན་གྱིས་ཡིག་ཆ་མང་པོ་སྦྱོར་ཀློག་དང། དེ་དག་ལ་ལོ་མང་པོར་ཞིབ་དཔྱད་བྱས་ན། ཚད་དང་ལྡན་པའི་བསྟན་བཅོས་ཞིག་ཏུའང་ཆགས་སྲིད་མོད། འདིར་གླེང་མོལ་ཙམ་དང། བོད་ཀྱི་མཁས་དབང་དག་གིས་ཁྲོད་དུ་ཆེད་དུ་སྐད་ཆ་སློང་བའི་ཕྱིར་ཏུ། དོན་སྤྱི་ལས་བྱེ་བྲག་དམིགས་སུ་བཟུང་ཏེ་བྲིས་ཡོད་པས། ཚིག་དང་དོན་རྩུབ་པོ་འགའ་རེའང་ཞོར་ཏུ་བྲིས་ཡོད། ལུང་རིགས་གཉིས་ཀྱིས་སྒྲུབ་པའི་རྩ་བའི་དམ་བཅའ་ཟིན་ཡོད་མེད་ནི། གཟུར་གནས་གྱི་མཁས་བ་དག་གི་སྤྱན་སྔར་གཡུགས་ཏེ། དཔྱད་པར་བྱ་ཞེས་བཤད་པ་ལས་སྐད་ཆ་གཞན་པ་ཞུ་རྒྱུ་མེད། ང་ལ་སྡང་བས་ཅི་ཡང་མི་འོང། རིགས་པ་དང་བདེན་པ་གཙོ་བོ་ཡིན། དེའི་ཕྱིར་འདི་ལས་འཕྲོས་བའི་སྐད་ཆ་འདྲ་བྱུང་ན།རིགས་པའི་གཞུང་ལུགས་ཤིག་གི་འཕྲོས་མོལ་ཤིག་ལས། སྒེར་གྱི་འཁོན་སེམས་་ཞིག་ནམ་ཡང་མི་འཛིན་པའི་རེ་བ་ལན་བརྒྱ་ཞུ་བ་ཡིན། དེ་ན་ཆེད་དུ་བྲིས་བའི་བསྟན་བཅོས་འདིའི་ནང་དུ་ཐོག་མར།
༼ཀ༽རིག་གསར་གྱི་འབྱུང་ཁུངས་དང། ལྟ་གྲུབ། ཁྱད་པར་རྩོམ་གཤིས་སོགས་ཅུང་ཟད་ཅིག་འབྲི་རྒྱུ་ཡིན། དེ་ནས་དོན་གྲུབ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་དང། རིག་གསར་གྱི་ཤན་ཞུགས་སོགས་མདོར་བསྡུས་ཞིག་འབྲི་རྒྱུ་ཡིན།
༼ཁ༽ དོན་གྲུབ་རྒྱལ་གྱི་རྩོམ་སྐད་གྲགས་ཅན། ལང་ཚོའི་རྦབ་ཆུ་དང། སད་ཀྱིས་བཅོམ་པའི་མེ་ཏོག རྐང་ལམ་ཕྲ་མོ་སོགས་ལ་ཞིབ་དཔྱད་ཅུང་ཟད་བྱ་རྒྱུ་ཡིན་ཞིང། འདི་དག་གིས་དོན་གྲུབ་རྒྱལ་གྱི་ལྟ་གྲུབ་དང། རྩོམ་གཤིས་ཇི་བཞིན་མཚོན་ཐུབ་པའི་རེ་བ་ཡོད།
༼ག༽ དེ་རྗེས་དོན་གྲུབ་རྒྱལ་ལས་འཕྲོས་བའི་དེང་རབས་ཀྱི་རྩོམ་དང། ཁྱད་པར་ཏུ་དེང་དུས་ཀྱི་བོད་ཀྱི་གསར་བརྗེ་བ། ཞོགས་དུང། མེ་ལྕེ་སོགས་ཀྱི་ལྟ་གྲུབ་སོགས་ཅུང་ཟད་ངོ་སྤྲོད་ཀྱི་ཚུལ་དུ་དཔྱད་རྒྱུ་ཡིན། འདིས་དེང་དུས་བོད་ཕྱི་ནང་ཀུན་དུ་གླེང་བཞིན་པའི་བོད་ཀྱི་རྩོམ་རིགས་ཟེར་བ་དེའི་ངོ་བོ་དང། ཁྱད་ཆོས་སོགས་ཅུང་ཟད་ཤེས་ཐུབ་པའི་རེ་བ་ཡོད།
༼ང༽ བོད་ནང་གི་དེང་རབས་ཀྱི་རྩོམ་རིགས་སྐོར་ལ་དཔྱད་པ་ཅུང་ཟད་བྱས་རྗེས། པད་མ་འབུམ་སོགས་ཀྱིས་རྙིང་གཏོར་དང། རིག་གསར་གྱི་ངོ་བོ་མཚོན་པའི་བོད་ཀྱི་དེང་རབས་རྩོམ་རིགས་གསར་བ་འདི་ཕྱི་རྒྱལ་གྱི་བོད་མིའི་ཁྲོད་དུ་ཇི་ལྟར་སྤེལ་ཚུལ་དང། དེ་དག་གི་ལྟ་གྲུབ། དེ་ལས་འཕྲོས་བའི་དེང་རབས་བོད་ཀྱི་རྩོམ་རིགས་ཀྱི་ལྟ་གྲུབ་དང།སྤྱོད་ཚུལ་སོགས་ཀྱང་ཅུང་ཟད་རེ་བྲི་འདོད་ཡོད།
༼ཅ༽མཐའ་དཔྱོད་ལྟ་བུ་ལ། བོད་ཀྱི་དེང་རབས་རྩོམ་རིགས་ཀྱི་གནས་བབས་དང། བོད་ཀྱི་ཤེས་རིག་གཉིས་ཀྱི་འབྲེལ་བ། ཁྱད་པར་ཏུ། ཞོགས་དུང་དང་པད་མ་འབུམ་སོགས་ཀྱིས་”དེང་རབས་བོད་ཀྱི་རྩོམ་རིག”་འདི་”དེང་རབས་ ཅན་”གྱི་རྩོམ་གཤིས་ཞིག་ཡིན་ཁུལ་གྱིས་སྤེལ་ཅི་ཐུབ་བྱ་བཞིན་ཡོད་པ། འདིར་ “དེང་ རབས་ཅན་”དང་ “དེང་རབས་བོད་ཀྱི་རྩོམ་རིག”གཉིས་ཀྱི་འགལ་འབྲེལ་གྱི་སྐོར་ལ་ཅུང་ཟད་དཔྱད་ཏེ་རེ་ཞིག་རྩོམ་འདི་འཇུག་བསྡུ་བར་བྱ་རྒྱུ་ཡིན།
རིག་གནས་གསར་བརྗེ་ཆེན་པོ།
སྤྱིར་བཏང་“གསར་བརྗེ་”ཟེར་བའི་ཚིག་འདི་ནི། ཡོ་རོབ་གླིང་གིས་མཁས་བ་རྣམས་ཀྱིས་སྲིད་དོན་དང། དཔལ་འབྱོར། ཡང་ན་མི་རྣམས་ཀྱི་སེམས་ཀྱི་འཆར་ཚུལ་སོགས་སྔོན་གྱི་སྲོལ་ལུགས་དེ་རྩ་བ་ཉིད་ནས་གསར་བ་ཞིག་ཏུ་བརྗེ་བ་དེ་ལ་ཟེར་བཞིན་ཡོད་ཅིང། ཡོ་རོབ་གླིང་གི་ལོ་རྒྱུས་སུ་ཆབ་སྲིད་ལ་ཆ་བཞག་ནས་ཧྥ་རན་སིའི་དུས་འགྱུར་ཆེན་པོ་The French Revolution (1789–1799)དང། ཨ་རིའི་དུས་འགྱུར་ཆེན་པོ་(American Revolution 1775)ལྟ་བུ་རེད། འདི་གཉིས་ནི་སྔོན་གྱི་རྒྱལ་བོའི་སྲོལ་ལུགས་སྟེ་བརྒྱ་ཁ་གཅིག་གཅོད་ཀྱི་ལུགས་དེ།
མི་ཐམས་ཅད་ཀྱི་གྲོས་མོལ་དང། མི་མང་གི་ཚབ་དུ་འཐུས་མི་འདེམས་པ་སོགས་ཀྱིས་ཐག་གཅོད་པའི་ལུགས་ལྟ་བུ་ཞིག་ཏུ་བསྒྱུར་པའི་སྲོལ་དེ་ལྟ་བུ་དང་། དེ་བཞིན་དཔལ་འབྱོར་ལའང་གསར་བརྗེ་ཡོད་དེ། དཔེར་ན་སྔོན་གྱི་རྒྱལ་བོ་དང། དཔོན་པོ་རྣམས་ཀྱིས་རིན་གོང་ཐག་གཅོད་པའི་ལུགས་སྲོལ་དེ། རྗེས་སུ་མི་ཕན་ཚུན་ལ་དགོས་མིན་གྱི་དབང་གིས་རིན་གོང་ལས་ཐག་གཅོད་པའི་ལུགས་སྲོལ་ཞིག་ཏུ་བསྒྱུར་བ་ལྟ་བུ་དང། བྲན་གཡོག་ལམ་ལུགས་ཀྱི་དཔལ་འབྱོར་ལས། མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལ་བསྒྱུར་པ་ལྟ་བུ་ལ་ཟེར་བཞིན་ཡོད། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན།གསར་བརྗེ་ཟེར་བ་རང་བཞིན་གྱིས་འགྱུར་བ་ཙམ་ལ་མི་ཟེར་ཅིང། བཙན་དང་ཤུགས་ཡང་ན་གློ་བུར་ཏུ་ལམ་ལུགས་འགྱུར་བ་ཟེར་པར་མངོན། འཛམ་གླིང་དུ་བྱུང་བའི་གསར་བརྗེ་མང་ཆེ་བ་ནི་ཆབ་སྲིད་དང། དཔལ་འབྱོར་གྱི་གསར་བརྗེ་ཡིན། དེ་ན་རིག་གནས་གསར་བརྗེ་མེད་པ་རེད་དམ་ཞེ་ན། དེ་ཡང་མ་ཡིན་སྟེ། འཇིག་རྟེན་འདི་ལ་རིག་གནས་ལ་མིང་བཏགས་པའི་གསར་བརྗེ་འགའ་ཤས་བྱུང་ཡོད།འཇར་མན་ན་ཙེ་ཏང་དང། ཉེ་རབས་ཀྱི་ཨོ་རྒྱན་ཡུལ་གྱི་ཁ་ཆེ་ཐ་ལེབ་པན་སོགས་ཀྱིས་རིག་གནས་གསར་བརྗེ་ལྟ་བུ་རེད།
དེ་ནི་ཐབས་ཤེས་སྣ་ཚོགས་སྤྱད་དེ་མིའི་རང་མོས་ཀྱི་སེམས་ཀྱི་འཁྱེར་སྲོལ་དང། རྣམ་དཔྱོད་ཀྱི་འཆར་སྟངས། དེ་བཞིན་སེམས་ཀྱི་དམིགས་ས་ཚང་མ་རྩ་བ་ཉིད་ནས་བརྗེ་ནས་སྲིད་གཞུང་ངམ། མི་སྒེར་གྱི་གྲུབ་མཐའ། ཡང་ན་ཆོས་ལུགས་ག་གེ་མོ་ཞིག་གི་གཞི་ལམ་འབྲས་གསུམ་ལ་བསམ་བཞིན་དུ་དད་པ་བྱེད་དུ་བཅུག་པ་དེ་རེད།ཡིན་ནའང་“རིག་གནས་གསར་བརྗེ”་བྱུང་བ་ནི་ཤིན་ཏུ་ནས་ཉུང་ཉུང་རེད། རིག་གནས་ཟེར་པའི་ཚིག་འདི་ཤིན་ཏུ་ནས་རྩོད་རྙོག་ཅན་གྱི་ཐ་སྙད་ཅིག་ཡིན་ཞིང། ལྷག་པར་ཏུ་ཐ་སྙད་འདི་ཇི་ལྟར་བྱུང་ཚུལ་དེ་བས་ཀྱང་རྙོག
http://www.tibetanparliament.org/index.php?option=com_content&view=article&id=127:2011-02-16-08-35-57&catid=84:2011-02-16-08-31-21&Itemid=130
འདི་ལ་གཟིགས་དང་།
རྣམ་དཔྱོད་ཅན་བོང་རྫི་ལེགས། བོད་ཤར་ཕྱོགས་པས་བོད་ཚུལ་དུ། བོང་རྫི་ལགས། ཁྱེད་ཀྱིས་རྣམ་དཔྱོད་ཅན་གྱི་བྲིས་བཀླགས་པས་དགའ་བ་བྱུང་། བྲིས་ཞེས་པའི་ཚིག་བཀོལ་པ་འདི་རྒྱ་གར་པའི་ཤན་ཞུགས་ཡིན་ངེས། བོད་ལྟར་ན། བྲིས་རྩོམ་ཞེས་སམ་སྙམ། རང་རེས་བོད་ཤར་ནུབ་ལྷོ་བྱང་དབུས་ཚང་མ་མཐུན་པ་ཆོས་སྐད་ཡིན་པ་ཞིག་བཀོལ་ན། བོད་ཀྱི་རིག་གཞུང་ཡུན་རིང་གནས་པ་ལ་ཕན། འདིར་མཁས་དབང་མཚུངས་མེད་དམ་པ་དགེ་འདུན་ཆོས་འཕེལ་ཞབས་ཀྱིས་བྲིས་པའི་རབ་བྱེད་འདི། བདག་ཅག་ད་ལྟའི་བོད་ཀྱི་འབྲི་བ་པོ་དག་ལ་ཤིན་ཏུ་ནས་མཁོ་བར་མཐོང་ནས་བྲི་བར་བྱ་སྟེ།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
ལྷ་ས་ཧོར་ཁང་སྤར་མ། ཤོག་གྲངས། ༣༢
ཁྱེད་ཀྱི་ཡི་གེ་དག་ན། མིང་མཐའ་འདྲེན་ཚུལ་ལ་ཆོས་སྐད་དང་མཐུན་པར་ཁོ་བོས་འདི་ལྟར་བྲིས་ཏེ། དཔེར་ན། ངར་ཆེན་པོ་སྟེར་པའི་མཚོན་༴ ངར་ཆེན་པོ་སྟེར་བའི་མཚོན། གོ་ཡོང་དུས་༴ གོ་འོང་དུས། མཁས་བ་༴ མཁས་པ། རྙིང་བ་དང་གསར་བ།༴རྙིང་པ་དང་གསར་པ། ཆོས་བ་དང་སྐྱ་བོ།༴ ཆོས་པ་དང་སྐྱ་བོ། ཡོད་པ་མ་ཟད།༴ཡོད་པར་མ་ཟད། ཁ་ཆིག་གིས་དེ་བས་ཀྱང་སྔོན་སྲོལ་ཐམས་ཅད་ཁོ་ཚོའི་མི་ཚེ་དང། ལྟ་བ། གོ་གནས་སོགས་ཀྱི་དགྲ་ཟླ་ལྟ་བའི་འགལ་བ་བཟུང་ཏེ་དུས་ནམ་ཡང་ཆེད་དུ་འཐབ་པ་དང་རྩོད་པའང་བྱེད་བཞིན་ཡོད། ཚིག་བརྗོད་འདིར། ཁ་ཅིག་གིས་ཞེས་པ་བྱེད་པ་པོ་དང་། སྔོན་སྲོལ་ཐམས་ཅད་ཅེས་པ་བྱ་ཡུལ་དང་། ཁོ་ཚོའི་མི་ཚེ་དང། ལྟ་བ། གོ་གནས་སོགས་ཀྱི་དགྲ་ཟླ་ལྟ་བའི་འགལ་བ་ཞེས་པ། དེ་ཡིན་པར་སྟོན་བྱེད། ཅེས་ཨཻ་སྐད་དུ་དེ་འདྲའི་ཐ་སྙད་བྱེད་ཀྱང་། བོད་སྐད་དུ་ཁོ་བོས་མི་ཤེས། ཅི་ལྟར་ཡང་། ལྷག་བཅས་ཀྱི་སྒྲ་ཡོད་ན དེ་ལ་ལ་དོན་རྒྱབ་དགོས། དེས་ན། བརྗོད་ཚིག་དེ་ནང་གི་འགལ་བ་ཞེས་པར་འགལ་བར་རམ། འགལ་བ་རུ་ཞེས་འདོན་པའམ་འབྲི་དགོས། ནང་བའི་ཆོས་༴ ནང་པའི་ཆོས། ལར་ཏུ་རྒྱུ་རྐྱེན་༴འདིར་ལ་དོན་མེད་པ། ལར་རྒྱུ་རྐྱེན་དག་པར་མཐོང་སྟེ། ལར་ད་ལྟ་གངས་རི་ཁྲོད་འདི་ན། ཞེས་པ་ལྟ་བུ། མཁས་པ་ཚད་ལྡན་བྲིས་ན་སྣང་། ཞོར་ཏུ་ གློ་བུར་ཏུ་ ཞེས་པ་དག་ཏུ་ད་ཡང་འཇུག་མི་མངོན་པའི་ཚུལ་དུ་ཡོད་ན། ཏུ་ཞེས་དག་ཀྱང་། དེ་དག་ལ་ཡང་འཇུག་ད་མེད་ན། ཞོར་དུ། གློ་བུར་དུ་ཞེས་དག་པར་སེམས། གློ་བུར་ཞེས་པའི་སྒྲ་འབྱུང་སྟངས་ཇི་ལྟར་ལགས་སམ། འཁོན་སེམས་ཞིག་ གཤིས་ཞིག་༴འཁོན་སེམས་ཤིག་ གཤིས་ཤིག གསར་བ་༴གསར་པ། ཅེས་བྲི་ན་བརྡ་སྤྲོད་དང་མཐུན། འབྲེལ་བ།༴འབྲེལ་པ། རྒྱལ་བོའི་སྲོལ་ལུགས།༴རྒྱལ་པོའི་སྲོལ་ལུགས། བསྟན་བཅོས་སྐད་ན་གྲགས། བསྒྱུར་པའི ཟེར་པའི་ འདི་དག་གིས་ད་ཡང་འཇུག་ཡོད་པས་འདས་ཚིག་ཡིན་པར་སྟོན། དང། ཞེས་སོགས་ང་ཡིག་དང་ཤད་གཉིས་བར་ན། ཁྱེད་ཀྱིས་ཚེག་རྒྱབ་མི་འདུག་པས། བཀའ་བསྟན་སོགས་སྐད་བྲིས་ཚང་མ་ན་ཡོད་པ་བཞིན་དུ་འབྲི་དགོས།
འདི་ལྟར་བྲིས་པ་ཡང་ཁྱེད་ལ་དམའ་འབེབས་པའི་ཕྱིར་མ་ཡིན་གྱི། བོད་ཀྱི་ཆོས་སྐད་ཉམས་པ་གསོ་བ་དང་མ་ཉམས་གོང་འཕེལ་དོན་དུ་ལགས་ན། རང་རེ་ཀུན་ཚང་མས་དེ་ལ་བརྩོན་པར་ཞུ་བ་ལགས་སོ།།
ལྭ་དྭགས་བློ་བཟང་འཇམ་དཔལ་ལགས། སྐུ་ཉིད་ཀྱི་དགོངས་ཚུལ་དེ་ལ་སྙིང་རུས་ནས་ཡི་རང་ཡོད། རྩོམ་པ་པོ་ཁོ་རང་ངོ་སྤྲོད་མདོར་ཙམ་བྱེད་ན། ཁོང་གིས་དེ་སྔོན་ཨ་རིའི་མཐོ་སློབ་ཅིག་ཏུ་ལོ་བརྒྱད་ཀྱི་རིང་སློབ་སྦྱོང་བྱས་ནས་སློབ་མཐར་ཕྱིན་རྗེས་ད་ལྟ་England་ཡི་སློབ་གྲྭ་ཆེན་མོ་ཞིག་གི་ཉམས་ཞིབ་པའི་སྡེ་ཚན་དུ་ལས་ཀ་གཉེར་བཞིན་པ་དང་བོད་ནང་དུ་བསྐྱོད་པའི་བར་སེང་གི་ཞོར་དུ་བྲེལ་སྟབས་ཀྱིས་ངང་ནས་བྲིས་པ་ཞིག་ཡིན་འདུག་པ་དང་གོང་བཀོད་རྩོམ་ཡིག་དེའི་ཞུ་དག་གི་ལས་ཀ་ང་རང་ལ་བཅོལ་བས་ཚགས་ཚུད་ཅིག་ཡོང་མ་སོང་། དགོངས་དག་ཞུ།
མིག་བརྒྱད་པ་ལགས། ལན་དང་། རྩོམ་པ་པོའི་ངོ་སྤྲོད་ལ་་བཀའ་དྲིན་ཆེ། ཁྱེད་ཉིད་དང་། རྩོམ་པ་པོའི་བོད་ཀྱི་རིག་གཞུང་སྐོར་ཕྱག་ལས་དག་གོང་འཕེལ་ཕྱིར་ཡིན་སྨོན་ཞུ།