ཡ་མ་ཚེ་རིང་གིས།
ཕྱི་ལོ་༡༦ ཟླ་ ༡༢ ཚེས་ ༡༨ ནས་ཉིན་གསུམ་རིང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དབུ་བཞུགས་ཀྱིས། འབྲས་སྤུངས་བློ་གླིང་གྲྭ་ཚང་གི་སྤྲུལ་བའི་གཙུག་ལག་ཁང་དུ། ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་དང་འདྲ་མཉམ་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད།
ཚོགས་འདུ་དེ་ནི་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩ་རིག་པ་སོཊ་ཀྱི་སྐོར་ལ་མགོན་པོ་གང་ཉིད་ཀྱིས་དབུས་པའི་ཚན་རིག་པ་དང་།
ལྟ་གྲུབ་སྨྲ་པ། ཆེད་མཁས་པ། རྣམ་དཔྱོད་ཡངས་ཤིང་ཚན་རིག་ལ་སྦྱངས་པ་མི་དམན་པ་ཐོབ་པའི་ནང་པའི་དགེ་འདུན་པ་ཁག་ཅིག་གི་དབར་གྱི་གྲོས་མོལ་ཞིག་རེད།
ཚོགས་འདུ་དེེར་དགའ་ལྡན་ཁྲི་གདན་ཟུར་བླ་སྤྲུལ་དགེ་བཤེས། སྲིད་སྐྱོང་། ཁྲིམས་བཟོ་ལྷན་ཁང་གི་ཚོགས་གཙོ། བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དབུས་པའི་གནད་ཡོད་སྐུ་མགྲོན་རྣམ་པས་རྒྱབ་སྐྱོར་དང་གཟི་མདངས་བསྣན་ཅིང་། ད་རུང་ཟུར་ཉན་གྱི་ཚུལ་དུ་སྐྱ་སེར་ཕོ་མོ་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཡོད།
གྲོས་མོལ་འདིའི་བརྗོད་གཞི་ཁག་ནི། འཇིག་རྟེན་ཁམས་ཀྱི་རྩོམ་བྱེད་མཐར་ཐུག་ཅི་ཡིན་དང་། རྩོམ་བྱེད་དེ་དག་ཐོག་མར་ཇི་ལྟར་གྲུབ་པ་དང་། ཚེ་སྲོག་གི་གོ་དོན། སྐྱེས་དངོས་འཚར་ལོངས་དང་འཕེལ་རིམ་ཁྲོད་ཀྱི་ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས། སེམས་དང་ལུས་པོའི་དབར་གྱི་འབྲེལ་པ། སེམས་དང་མྱོང་བ་ཞུ་བ་དེ་ཅི་ཡིན་སོགས་ལ་བགྲོ་གླེང་ལྷུག་པོར་གནང་བ་རེད།
ད་ཐང་གི་ཚོགས་འདུ་དེར་ཆས་ཤས་བླངས་པའི་ནང་པའི་དགེ་འདུན་པ་དག་གིས་ནི། བོད་བརྒྱུད་ནང་བསྟན་གྱི་ངོ་སོ་དགུང་ལ་བཏེགས་ཤིང་། ༸སྐྱབས་མགོན་ཡིད་བཞིན་ནོར་བུས་”ཁྱེད་ཅག་ནི་གནའ་དེང་ཤེས་ཡོན་གཤོག་པ་ཟུང་ལྡན་དུ་གྱུར་འདུག”ཅེས་ངག་བརྗོད་ཀྱི་མེ་ཏོག་གཏོར། ད་རུང་གདན་ས་ཁག་ཏུ་གཉུག་མར་གནས་པའི་ཆོས་གྲོགས་ཚོ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་ཡིད་སྨོན་ཤོར་བཅུགས་ཡོད།
འབྱུང་འགྱུར་ཡང་རྣམ་པ་ཚོས་རྒྱལ་བའི་བཀའ་སློབ་ལམ་སྟོན་གཞིར་གཞག་སྟེ། སྔར་ལས་ལྷག་པའི་ངལ་བ་ལྷུར་བསྐྱེད་དང་རྐང་འགན་བཞེས་ནས་གདན་ས་ཁག་ཏུ་ཁྱེད་ཚོ་དང་འདྲ་བའི་ཤེས་ཡོན་འདབ་གཤོག་ཟུང་ལྡན་མང་ཙམ་ཐོན་ཐུབ་པའི་རེ་བ་ཤིན་ཏུ་ཆེའོ། །
བགྲོ་གླེང་ཚོགས་འདུ་འདི་ནི། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ཏཱ་ལའི་བླ་མའི་དགེ་རྩ་གཉིས་ཀྱིས་གོ་སྒྲིག་དང་རྒྱུ་གྲོན་མཐུན་རྐྱེན་གཙོ་བོར་སྦྱར་ཞིང་། འབྲས་སྤུངས་བློ་གསལ་གླིང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ནས་རམ་འདེགས་མཐུན་འགྱུར་འོག་སྐོང་ཚོགས་བྱས་པ་ཞིག་རེད།
ད་དུང་འདི་ནི་༸འཇམ་མགོན་བླ་མ་ཙོང་ཁ་པའི་དངོས་སློབ་༸འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་འབྲས་དཀར་སྤུངས་པའི་དགོན་པ་ཕྱག་བཏབ་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་ཤིག་ཀྱང་ཡིན་པ་རེད།
རྒྱ་ནག་གི་གསར་འགྱུར་འདྲ་ཞིག་འདུག་ཀྱང་སྙན་པོ་ཡང་འདུག
ཕྱི་ལོ་ ༡༦ ཟེར་ནལོ་ ༢༠༠༠ སྔོན་ལ་གོ་དགོས་མ་རེད་པས།
ཡིག་ནོར་སྤུངས་འདུག ངོ་སོ་བསྟོད།
རྒྱན་སྲོལ་ཟེར་ན་གང་རེད། རྒྱུན་སྲོལ་ཟེར་འདོ་དམ། ཡ་མ་ལགས།
བཀྲ་ཤིས་ལ་ལན་དུ། ཡུལ་དང་། དུས། བརྗོད་འདོད་ཅི་ཡིན་སོཊ་ལ་གཞིག་ནས་མ་གོ་ན། མི་དེ་ལ་གླེན་པ་ཟེར། སྔར་མི་ཞིག་དམག་ལ་ཆས་ཁར་ཆུང་མས་མདུང་མགོ་རྟིང་བསློགས་ནས་ལག་ཏུ་བཞག འཛིང་དུས་ཀྱང་མདུང་རྩེ་རང་གཏད་ནས་དགྲ་ལ་འཐབ། ཚུལ་དེ་འཐབ་གྲོགས་ཚོས་རིག་སྟེ། “རང་གིས་མདུང་འཛིན་སྟངས་ལྟོས”ཞེས་སྤྱོས་ཤིང་འཕྱ་སྨོད་བྱས་པ་ན། ངའི་ལག་ཏུ་རྒད་མོས་དེ་ལྟར་བཞག་སོང་ཞེས་ལན་བཏབ། དངོས་སྒྲུང་དེའི་ནང་གི་མི་དེ་ཁྱོད་དང་འདྲ་བོ་མི་འདུག་གམ།
རྒྱུན་སྲོལ་བཅོས་རོགས།
བཀྲ་ཤིས་ལ་ལན་དུ། ཡུལ་དང་། དུས། བརྗོད་འདོད་ཅི་ཡིན་སོཊ་ལ་གཞིག་ནས་མ་གོ་ན། མི་དེ་ལ་གླེན་པ་ཟེར། སྔར་མི་ཞིག་དམག་ལ་ཆས་ཁར་ཆུང་མས་མདུང་མགོ་རྟིང་བསློགས་ནས་ལག་ཏུ་བཞག འཛིང་དུས་ཀྱང་མདུང་རྩེ་རང་གཏད་ནས་དགྲ་ལ་འཐབ། ཚུལ་དེ་འཐབ་གྲོགས་ཚོས་རིག་སྟེ། “རང་གིས་མདུང་འཛིན་སྟངས་ལ་ལྟོས”ཞེས་སྤྱོས་ཤིང་འཕྱ་སྨོད་བྱས་པ་ན། ངའི་ལག་ཏུ་རྒད་མོས་དེ་ལྟར་བཞག་སོང་ཞེས་ལན་བཏབ། དངོས་སྒྲུང་དེའི་ནང་གི་མི་དེ་ཁྱོད་དང་འདྲ་བོ་མི་འདུག་གམ།
ཀླུ་སྨྱོན་དང་ཀརྡོ་གཉིས་ལ། རྒྱུན་སྲོལ། ལྟ་གྲུབ་སྨྲ་བ། ཞེས་སོགས་སུ་འབྲི་དགོས་པ་ལ་རྒྱན་སྲོལ་དང་ལྟ་གྲུབ་སྨྲ་པ་ཞེས་ཡིག་ནོར་ཤོར་བར་དགོངས་སེལ་ཞུ། འོན་ཀྱང་ཡིག་ནོར་སྤུངས་འདུག་ཟེར་ན་ཅུང་ཟད་ཐལ་ཆེ་མི་འདུག་གམ།
ནང་ཆོས་ཚན་རིག་ལྟ་སྒྲུབ་ཡ་འགལ་འཕྲོད་།
གཉིས་སྨན་ཐབས་ལམ་རང་ལྟ་དཀྱུར་ལ་རེམས་།
བདེན་གཉིས་སྨྲ་བའི་ཚན་མའི་རྣམ་བཞག་དང་།
རིག་རྩལ་རྒྱུད་པའི་ཚན་རིག་ཤེས་བྱའི་ལྟ་།
བཟུང་དུ་སྦྲེལ་ནས་སྲོག་ལྡན་སྐྱོབས་ལ་རེམ་།
མཐའ་གཉིས་མ་ལྷུང་རང་ལྟ་སྲུང་དགའ་།
ངས་ཚར་གཅིག་བལྟ་ཚར་ཡིན་ཡིན་ན་ཡང་ཡིག་ནོར་སྤུངས་འདུག་ཟེར་ན་ཅུང་ཐལ་མིན་ནམ་སྙམ་་ཀླུ་སྨྱོན་ཟེར་བའི་སྐྱོ་མིན་སེར་མིན་དགེ་མིན་རྙིང་མིན་དེ་ལ་ཆགས་འཇོག་རྩ་བ་ནས་མེད།
ཐང་
ཆས་ཤས་
ངག་བརྗོད
རྒྱན་སྲོལ
སྨྲ་པ
ཡིག་ནོར་ལྔ་ལ་སྤུངས་པའི་ཐ་སྙད་སྦྱར་ཆོག་གི་རེད། དཔེར་ན་དེབ་ལྔ་ཡོད་ན་སྤུངས་པའི་ཐ་སྙད་སྦྱར་ཆོག་པ་བཞིན་ནོ།། ཡིག་ནོར་ལ་ཡིག་ནོར་དུ་ཤེས་ན་དག་ཆ་ལ་ཡར་སྐྱེད་ཡོང་ཐུབ། དེ་མིན་ཡིག་ནོར་འདུག་ལབ་ཚེ་ད་དུང་ཁོང་ཁྲོ་ཟོས་ན་ལོས་ཀྱང་ཆོག
རྒྱ་ཞིང་མྱི་དཀར། ཁྱེད་ཀྱིས་”བལྟ་ཚར་”ཞེས་བྲིས་པ་དེ་སློབ་དཔོན་ཐོན་མིས་མ་གསུངས་པའི་བརྡ་སྤྲོད་གསར་པའི་གྲས་རེད་ཡ།
གཞིས་ཆགས་པ་ཚོས། ང་བལྟ་ཚར། ང་མིག་གིས་མཐོང་སོང་། ང་ཉོ་གི་ཡིན། ཁྱེད་རང་ཕ་གིར་མིན་འདུག་སོགས་ཁ་ནས་བཤད་པ་མ་ཟད་དེང་རབས་བོད་སྐད་བོད་ཡིག་སློབ་དེབ་ཏུ་ཡང་བཅུག་འདུག འདི་ཚོ་བོད་ཡིག་རྣལ་མ་འཇིག་པའི་སྔ་ལྟས་སུ་གོ་དགོས།
ང་བལྟ་ཚར། ང་མིག་གིས་མཐོང་སོང་། ང་ཉོ་གི་ཡིན། ཁྱེད་རང་ཕ་གིར་མིན་འདུག
འདི་དག
ངས་བལྟས་ཚར། ངའི་མིག་གིས་མཐོང་སོང་། ངས་ཉོ་གི་ཡིན། ཁྱེད་རང་ཕ་གིར་མི་འདུག
ཡང་ན།
ངས་བལྟས་ཚར་བ་ཡིན།
ངའི་མིག་གིས་མཐོང་ཚར་སོང་།
ངས་ཉོ་བགྱི་ཡིན།
ཁྱེད་རང་ཕ་གི་ལ་མི་འདུག
ཡང་ན།
ཁྱེད་རང་ ཕ་ཀི་ལ་ མི་འདུག
ནང་ཆོས་རིག་པས་འཇིག་རྟེན་བདེ་ལམ་བསྟན་།
ཚན་རྩལ་རིག་པས་འཇིག་རྟེན་འཇིག་པའི་ཉེན་།
ལྟ་སྒྲུབ་འགལ་ནས་འཇིག་རྟེན་བདེ་ཐབས་སུ་།
དོན་མཐུན་འགྲུབ་པའི་རིག་པའི་རྣམ་བཞག་ཚོལ་།
རླད་རྩ་ཚོལ་ལ་འབྱུང་རྩ་ཤེས་པ་བགྱིས་།
འབྱུང་བཞིའི་འོག་ཏུ་སྲོག་ལྡན་འཚོ་།
འབྱུང་རྩ་མ་སྙེད་རླད་རྩ་ཚོལ་བ་དེ་།
བསམ་མེད་བྱིས་པས་བྱེ་ཁང་རྩིག་པ་འདྲ་།
བྱེད་པོ་ཐམས་ཅད་འབྱུང་བ་རླུང་གི་འཕྲུལ་།
དང་པོ་འཇིག་རྟེན་གོ་ང་རླུང་གི་གཏོལ་།
བར་དུ་འཇིག་རྟེན་རྒྱུ་མ་རླུང་གི་བསྟན་།
རླུང་ལམ་མ་ཤེས་ས་ཆུ་མེ་རླུང་འཁྲུགས་།
རྒྱུ་མའི་འཇིག་རྟེན་བསྐྲུན་མཁན་འབྱུང་བ་རླུང་།
རླུང་གི་འབྱུང་ཁུངས་ཤེས་ན་མཁས་པ་རེད་།
རླུང་རྩ་མ་ཤེས་གླད་རྩ་ཚོལ་མཁན་ཚོ་།
དོན་མེད་མི་རྒྱུའི་འགྲོ་སོང་ཕར་ཐོས་ཙམ་།
རྒྱུ་མའི་འཇིག་རྟེན་རླུང་གོང་འཐོར་ནས་ཆགས་།།
དང་པོ་འཇིག་རྟེན་བསྐྲུན་མཁན་འབྱུང་བ་རླུང་།
བར་དུ་འཇིག་རྟེན་འཚོ་མཁན་འབྱུང་བ་རླུང་།
མཐའ་མར་འཇིག་རྟེན་འཇིག་མཁན་འབྱུང་བ་རླུང་།
རླུང་རྩ་འགག་ན་སྲོག་གི་ནུས་པ་བྲལ་།
རླུང་རྩ་མ་འགག་སྲོག་གི་ནུསཔ་གནས་།
འབྱུང་བའི་རྒྱལ་པོ་རླུང་ཞེས་གྲགས་།
རླུང་རྩ་འགག་ཉིན་སྲོག་ཆགས་མིང་ཙམ་མེད་།
།
ནང་ཆོས་ཚན་རིག་རིག་པའི་སྒོ་ཆེན་ཕྱེ་།
ཀླུ་སྨྱོན། ནོར་བཅོས་བྱས་པར་བཀའ་དྲིན་ཆེ། འོན་ཀྱང་། མ་ནོར་བ་ཞིག་ནོར་སོང་ལབ་ན། ཁྱོད་བརྡ་སྤྲོད་ལ་རྟོགས་པོ་མཐོན་པོ་ཞིག་ཡིན་རུང་ངོས་ལེན་ཞུ་ཐབས་བྲལ། དཔེར་ན། ད་ཐང་ལྟ་བུ་རེད། དཔེ་རྙིང་ཁག་ཏུ། ད་རེབ་དང་ད་རེས་སོཊ་ཀྱི་དོན་གཅིག་ལ། ད་ཐང་ལས་ད་ཐེངས་བྲིས་པ་ཧ་ཅང་ཉུང་ཉུང་རེད། རེད་དེ། དེང་སང་གི་ཚིག་མཛོད་ཁག་ཏུ་དེ་ལས་ལྡོག་སྟེ་བྲིས་ཡོད་པས། དེ་ལ་བརྟེན་པ་ཡིན་ཤག་རེད་དེ། ཚིག་མཛོད་ཁག་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་བློས་འཁེལ་ཐལ་ཆེ་མི་རུང་སྟེ། དེ་ལའང་ནོར་བ་འཁྲུལ་བ་མང་བའི་ཕྱིར། གང་ལྟར་དཔྱད་ཞིབ་གནང་གལ་ཆེ།
༧རྒྱལ་བ་རིན་པོ་ཆེས་ལོ་མང་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ནང་པའི་ཆོས་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་གཉིས་ཀྱི་འོད་མདངས་ནུབ་ཕྱོགས་རྒྱལ་ཁབ་གཙོས་འཛམ་གླིང་ས་ཕྱོགས་གང་སར་འཕྲོས་ནས་རྣམ་དཔྱོད་ཀྱི་མིག་ཡངས་པོར་ཕྱེ་བའི་གཟུར་གནས་བློ་ལྡན་དག་གི་ཡིད་དབང་མེད་དུ་འཕྲོག་བཞིན་པ་ཡིན། དེ་འདྲ་སོང་ཙང་བོད་རིགས་མ་ཡིན་པ་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་དུས་ལ་སླེབས་ཡོད།