རྟེན་འབྱུང་།
བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་བ་ཚོས་སྡིག་པ་མིག་བཙུམ་གྱིས་སྒྲོ་འདོགས་བསྐུར་འདེབས་བྱེད་པ་ནི་སྤུ་གྲི་སྟོང་གིས་སྙིང་ཁར་བསྣུན་པ་ལས་ཀྱང་བཟོད་ཐབས་བྲལ་བ་ཞིག་རེད། དེར་བརྟེན་ཁྱི་སྤྱང་ལག་སྦྲེལ་གྱི་བྱ་སྤྱོད་དེ་རིགས་ལ་བོད་མི་སྤྱི་སྒེར་ཡོངས་ནས་གདོང་ལེན་གནང་དགོས། དེ་ཡང་དོལ་རྒྱལ་བ་ཚོས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་ནི་སྲིང་ལམ་གྱི་ཁྱིས་འོད་སྟོང་འཕྲོ་བའི་ཉི་མར་ཟུག་པ་དང་གཉིས་སུ་མ་མཆིས་མོད། དེ་མུར་བཞག་ན་ངན་པ་ལངས་ཤོར་དུ་འགྲོ་ཉེན་ཆེ་བས་རིགས་པ་སྟོང་གི་དགག་བསྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ་རེད།
ཁོ་བ་ཚོས་ཆོས་པ་རྫུན་མ། ཆོས་རྫུན་མ། ལོ་རྒྱུས་རྫུན་མ། གསར་འགྱུར་རྫུན་མ། འཁྲབ་སྟོན་རྫུན་མ་སྤེལ་སྤེལ་ནས་ད་དུང་༧གོང་ས་མཆོག་ལ་རྫུན་མ་བཤད་ཅེས་ངོ་རྒོལ་བྱེད་པ་ནི་བདུད་ལྷས་བྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ངོ་རྒོལ་བྱས་པ་དང་གཅིག་མཚུངས་རེད། ༧གོང་ས་མཆོག་གིས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་དེ་བཀག་སྡོམ་གནང་བ་ནི་ནང་བ་སངས་རྒྱས་པའི་ཆོས་གཞུང་དང་ཤིན་ཏུ་མཐུན་པ་མ་ཟད་རྗེ་རིན་པོ་ཆེའི་ལམ་སྲོལ་དྲི་མ་མེད་པ་རི་བོ་དགེ་ལྡན་པའི་རང་ལུགས་དང་ཡང་ཤིན་ཏུ་མཐུན་པ་ཡིན།
མདོར་ན་ནང་བ་སངས་རྒྱས་པའི་གྲུབ་མཐའ་ཆེ་ཆུང་ཀུན་དང་ཤིན་ཏུ་མཐུན་པས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་དེ་བཀའ་སྡོམ་གནང་བས་རྫུན་པ་བཤད་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཡང་རྫུན་བཤད་པར་ཐལ་འགྲོ་བ་དང་གུ་རུ་རིན་པོ་ཆེ་དང་རྗེ་རིན་པོ་ཆེ། རྒྱལ་དབང་ལྔ་བ་སོགས་ཡང་དེ་ལྟར་ཐལ་དགོས། མགོན་པོ་ཀླུ་སྒྲུབ་སོགས་རྒྱ་གར་གྱི་མཁས་གྲུབ་རྣམས་ཀྱང་དེ་ལྟར་ཐལ་དགོས་པས་ཁྱེད་ཚོའི་ཆོས་དེ་སྡིག་པ་མིག་བཙུམ་གྱི་ཆོས་ཞིག་ཡིན་ན་མ་གཏོགས་། ༼ལམ་རིམ་ཆེན་མོའི་ནང་དྲངས་པ། །མྱ་ངན་ལས་འདས་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ།།ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ།།དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ།།དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན།།ཞེས་གསུངས་པ་ལྟར། ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །དེ་ལ་དང་པོ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་བ་ཙམ་ལ་མི་རུང་བ་མེད་དེ། དཔེར་ན། སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང༌། སྨན་པ་ལ་ནད་གསོ་བའི་རེ་བལྟོས་འཆའ་བ་བཞིན་ནོ། གཉིས་པ་ནི། མི་དང་དུད་འགྲོ་ལ་སོགས་པ་ལ་བརྡེག་པ་དང་འཆིང་བ་དང་གོ་རར་གཞུག་པ་དང༌། སྣ་འབུགས་པ་དང་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་བསམ་པ་དང་སྦྱོར་བས་སེམས་ཅན་ལ་གནོད་པ་དང་འཚེ་བ་སྤོང་བའོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཡིད་མི་ཆེས་ཤིང༌། སྐུར་བར་བྱེད་པ་རྣམས་དང་མཐུན་པར་མི་བྱེད་པའོ།།༽ ཞེས་གསུངས་ཡོད་པ་གཟིགས་ན་ཤེས་ཐུབ། དེར་བརྟེན་གདན་ས་ཁག་གིས་དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟིང་ཟིང་གི་འབྲེལ་བ་གཙང་བཅད་གནང་བ་ཡང་ཆོས་དང་མཐུན་པ་ཡིན་པ་གོང་གི་གསུང་དེས་ཤེས་ནུས།
ལྷག་ཏུ་དོལ་རྒྱལ་བ་ཚོར་ཁྱད་ཆོས་ཆེན་པོ་ཞིག་ཡོད་ནི་རྒྱུ་མཚན་ཁས་མི་ལེན། ལོ་རྒྱུས་ཁས་མི་ལེན་པ་དེ་ཡིན། ཁོང་ཚོ་ལ་བསྒྲུབ་བྱེད་ཀྱི་རྒྱུ་མཚན་དང་ལོ་རྒྱུས་བཤད་ན་ཁས་མི་ལེན་པར་མ་ཟད་ཚུར་བཤད་ཡའི་རྒྱུ་མཚན་དང་ལོ་རྒྱུས་ཤོག་ལེ་ཙམ་བསྟན་ཡ་མེད་པར་སྡིག་པ་མིག་བཙུམ་ཁོ་ན་བྱེད་རྒྱུ་དེ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་གླེན་པ་ཞིག་གི་ནང་ནས་སྤྱང་པོ་ཡང་རེད་གང་ཡིན་ཟེར་ན་སྤྱང་ཀི་ལག་ནས་དངུལ་མང་པོ་རག་གི་ཡོད་པས་རེད།
གང་ལྟར་མི་ལོ་ཉི་ཤུ་ཙམ་ནང་རྡ་སར་མཚན་ཉིད་སློབ་གྲྭའི་དབུ་འཛིན་དམ་པ་དང་སློབ་ཕྲུག་གཉིས་ངན་གསོད་བྱས་པ། དགའ་ལྡན་བྱང་རྩེ་ཏྲེ་ཧོར་མཁན་ཟུར་གཟིམ་ཤག་ཏུ་ས་སྣུམ་བླུགས་ནས་མི་གསོན་པོ་མེར་བསྲེགས་པ། གྲྭ་ཚང་གི་འབྲུ་མཛོད་མེ་བརྒྱབ་པ། བྷེལ་ཀོབ་གཞིས་ཆགས་ཀྱི་དོན་གཅོད་དང་ཁོང་གི་སྐྱེ་དམན་ལ་གཅར་བརྡུང་བཏང་ནས་སྲོག་གི་ཉེར་ཁར་ཆགས་བཅུག་པ། དེ་བཞིན་ལྡི་ལི་སོགས་བོད་མི་གཞིས་ཆགས་ག་ས་གང་ལ་བོད་མི་མཐོ་དམན་མང་པོར་བསམ་ཡིད་ལས་འདས་པའི་སྡུག་སྦྱོང་བཏང་པ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ནང་བཞིན་ཆགས་ཡོད། མི་གསོན་པོ་ས་སྣུམ་བླུགས་ནས་མེར་བསྲེགས་པ་ནི་འཇིགས་སྐུལ་རིང་ལུགས་པའི་ཀྱང་བྱས་མྱོང་མེད། ད་དུང་ནང་བ་ཡིན་མདོག་བྱས་པ་ནི་གད་མོའི་གནས་རེད། བཙན་བྱོལ་ནང་དོལ་རྒྱལ་བ་བརྒྱ་ཆ་གཅིག་ལས་ཟིན་གྱི་མེད།་འོན་ཀྱང་བརྒྱ་ཆ་གཅིག་གིས་བརྒྱ་ཆ་དགུ་བཅུ་གོ་དགུ་བསམ་ཡིད་ལས་འདས་པའི་སྡུག་གྱོང་མང་པོ་བཏང་ཡོད་པ་ཚང་མའི་ཤེས་དགོས་པ་མ་ཟད་དོལ་རྒྱལ་བསྟེན་མཁན་ཚོ་ཡང་ཤེས་ན་འགྲིག།
ཁྱེད་ཚོ་འདོད་པ་ཡོད་ན་ལོ་རྒྱུས་དང་རིགས་པ་ལ་ཁོངས་གཏུགས་ནས་བགྲོ་གླེང་གནང་ཆོག མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ་ཞེས་གསུངས་པ་ལྟར། ཐབས་སྐྱོ་བ་ཞིག་ལ་ཁྱེད་ཚོས་རྒྱུ་མཚན་དང་རིགས་པ་ཁས་མི་ལེན་ན་ཐབས་ཤེས་གཞན་ག་རེ་ཡོད། ཆོས་དང་ཟིང་ཟིང་གི་འབྲེལ་བ་གཙང་བཅད་བྱེད་རྒྱུ་ལས་ཐབས་གཞན་མེད་པ་རེད།
གཉིས་པ།
དགེ་ལུགས་མ་དགོན་གྱི་དབུ་ཁྲིད་དང་ལས་བྱེད་ལྷན་རྒྱས་མཆོག་ལ། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་གི་མིང་འཁུར་མཁན་ལུང་རིགས་རྣམ་རྒྱལ་ནས་རྒྱ་གུང་བྲན་གྱི་དངུལ་ལ་རྔམས་ནས་བོད་ཀྱི་ཆོས་དང་སྲིད་མི་རིགས་བཅས་ལ་གནོད་གཞི་རྒྱ་ཆེར་སྤེལ་བཞིན་པ་ཤེས་བཞིན་ད་དུང་དགའ་ལྡན་ཁྲི་བའི་ཁུངས་ལ་བཞག་ན་དགེ་ལུགས་པའི་ཞབས་འདྲེན་མ་རེད་དམ།
དགའ་ལྡན་ཁྲི་བའི་མིང་ཐོབ་པ་དེ་ཡང་༧གོང་ས་མཆོག་ལ་གཡོ་འཕྲུལ་གྱི་རྫུན་བཤད་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གཙང་མ་བྱས་ཚར་བ་ཡིན་ཟེར་ནས་མཐར་༧གོང་ས་མཆོག་གིས་དགའ་ལྡན་ཁྲི་བའི་ཕྱག་རྟགས་གནང་བ་རེད། ཕྱག་རྟགས་ཐོབ་རྗེས་དྲིན་ལན་ལོག་མཇལ་གྱིས་ཕྱི་ནང་གང་སར་དོལ་རྒྱལ་སྤེལ་བཞིན་པ་མ་ཟད་གོང་ས་མཆོག་ལ་སྐུར་འདེབས་དང་། རྒྱ་གུང་བྲན་ལ་ལག་སྦྲེལ་གྱིས་པཎ་ཆེན་རྫུན་མ་ངོས་ལེན་གྱིས་བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་གཞི་སྤེལ་བ་ཧ་ཅང་མང་དྲགས་པས་དགའ་ལྡན་ཁྲི་བའི་ཁོངས་ནས་ཕྱིར་ཕུད་གཏོང་ནས་ལོ་རྒྱུས་ཀྱི་རྡོ་རིང་ཞིག་འཛུགས་དགོས་པ་ལས་སྣང་མེད་དུ་བཞག་ན་ང་ཚོ་དགེ་ལུགས་པ་ཞིག་ཡིན་པའི་ཆ་ནས་ངོས་ལེན་བྱེད་ཐབས་མི་འདུག འུ་ཐུག་ན་དགེ་ལུགས་མ་དགོན་གྱི་ལས་བྱེད་ཡོངས་ལ་ངོ་རྒོལ་སྤེལ་ཡ་ལས་མེད།
དགེ་འདུན་གྱི་ནང་ཁྲིམས་དང་འགལ་ན་དགའ་ལྡན་བྱང་རྩེ་གྲྭ་ཚང་གིས་མཁར་ཟུར་ཞིག་གྲྭ་ཚང་ནས་ཕྱིར་ཕུད་བཏང་ཡོད་པའི་དཔེ་མཚོན་དེར་གཟིགས་ནས་དགེ་ལུགས་སྤྱིའི་ཁྲིམས་གཞི་མང་པོ་བཟོས་ཀྱང་ཁྲི་ཟུར་སྣང་མེད་འཇོག་ན་གནས་ལུགས་དང་ཡང་མཐུན་ནམ་བསམ་གཞིགས་ཡག་པོ་གནང་རོགས།།
གངས་ཅན་བླ་མའི་མིང་ཅན་དང་དགེ་བཤེས་སྐལ་བཟང་མིང་ཅན་གཉིས་གྲྭ་ཚང་སོ་སོའི་ཁོངས་ནས་ཕྱིར་ཕུད་བཏང་ཟིན་པས་དགའ་ལྡན་ཁྲི་ཟུར་གྱི་མིང་འཁུར་མཁན་ལུང་རིགས་རྣམ་རྒྱལ་དེ་ཡང་དགེ་ལུགས་ཁྲི་བའི་ཁོངས་ནས་ཕྱིར་ཕུད་གཏོང་ན་མ་གཏོགས་འགྲིག་ཐབས་མེད་པ་ཞིག་རེད།།
༢༠༡༤།༣།༦ལ།
གོང་ལ་མཆོག་གི་རྐང་པ་གཉིས་ཀར་ནས་འཐེན་མཁན་གཅིག་འདི་ལ་འདུག གསོལ་རྒྱལ་རིན་པོ་ཆེས་ཡང་བུད་མེད་གཞན་པ་ཞིག་ལ་བཙན་གཡེམ་བཏང་ནས་རྙོག་ཁྲ་མགོ་ཚུགས་འདུག
http://www.youtube.com/watch?v=yWhIivvmMnk
ནོར། གསོལ་རྒྱལ་
བཅོས། བསོད་རྒྱལ་
བསམ་ཤེས་ཁྱོད་ཀྱི་རང་མདོག་སྟོན་མ་སོང་ངམ། ཁྱོད་ཚོས་བསོ་རྒྱལ་རིན་པོ་ཆེ་སྐྱག་རྫུན་བཤད་ནས་ཡུ་ཏྲུབ་བཟོས་འདུག་ག བཟོ་མཁན་འདི་ཚོ་རེད། ཁྱོད་ཚོ་གཅིག་པ་རེད། ཏྰ་ལའི་བླ་མའི་དབུ་ཞབས་གང་ནས་དྲུད་འདུག་ལྟོས་དང་ལྟད་མོ་འདུག་གོ།
https://www.youtube.com/watch?v=zp0N72-uv58
ལུང་རིགས་ཡོད་ན་གོང་གི་རྟེན་འབྱུང་གསུང་ལ་དགག་སྒྲུབ་ཀྱིས་དང་ལུང་རིགས་ཀྱི་རྩེད་མོ་རྩེ་ཆོག
སྐུ་ཞབས་པད་མ་ལགས། ངས་མདོག་གཅིག་བསྟན་ཡོད་པ་ནི་ཆོས་ཁ་ལ་ཁྱེར་ནས་སྒེར་གྱི་དངུལ་དང་རྒྱོ་སྒྲུབ་མཁན་དེ་ཚོའི་མདོག་བསྟན་ཡོད། དོལ་ཚོགས་འདྲེ་ཁ་ཁྱེར་དང་ཆོས་ཁ་ལ་ཁྱེར་ནས་བུད་མེད་བཙན་གཡེམ་བྱེད་མཁན་གཉིས་ཀ་མ་གིའི་གཤིན་རྗེས་གཟིགས་ན་ལྕི་ཡང་མཐོང་གི་མིན་འདུག ཚང་མ་བསྟན་པའི་དགྲ་རེད། རྡོག་རྡོག་འདི་ཡིན་ཨེ་མ་ཧོ་ལགས།
བསོད་རྒྱལ་རིན་པོ་ཆེ་ནི་སྔ་འགྱུར་བསྟན་པའི་མཛེས་རྒྱན་ཞིག་རེད། ཕྲག་དོག་ཟ་རུང་རང་སྡུག་ལས་ཅི་ཡོད།
་་་་་་་ གང་ལྟར་མི་ལོ་ཉི་ཤུ་ཙམ་ནང་རྡ་སར་མཚན་ཉིད་སློབ་གྲྭའི་དབུ་འཛིན་དམ་པ་དང་སློབ་ཕྲུག་གཉིས་ངན་གསོད་བྱས་པ། དགའ་ལྡན་བྱང་རྩེ་ཏྲེ་ཧོར་མཁན་ཟུར་གཟིམ་ཤག་ཏུ་ས་སྣུམ་བླུགས་ནས་མི་གསོན་པོ་མེར་བསྲེགས་པ། གྲྭ་ཚང་གི་འབྲུ་མཛོད་མེ་བརྒྱབ་པ། བྷེལ་ཀོབ་གཞིས་ཆགས་ཀྱི་དོན་གཅོད་དང་ཁོང་གི་སྐྱེ་དམན་ལ་གཅར་བརྡུང་བཏང་ནས་སྲོག་གི་ཉེར་ཁར་ཆགས་བཅུག་པ།
དེ་བཞིན་ལྡི་ལི་སོགས་བོད་མི་གཞིས་ཆགས་ག་ས་གང་ལ་བོད་མི་མཐོ་དམན་མང་པོར་བསམ་ཡིད་ལས་འདས་པའི་སྡུག་སྦྱོང་བཏང་པ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ནང་བཞིན་ཆགས་ཡོད། མི་གསོན་པོ་ས་སྣུམ་བླུགས་ནས་མེར་བསྲེགས་པ་ནི་འཇིགས་སྐུལ་རིང་ལུགས་པའི་ཀྱང་བྱས་མྱོང་མེད། ད་དུང་ནང་བ་ཡིན་མདོག་བྱས་པ་ནི་གད་མོའི་གནས་རེད། བཙན་བྱོལ་ནང་དོལ་རྒྱལ་བ་བརྒྱ་ཆ་གཅིག་ལས་ཟིན་གྱི་མེད།་འོན་ཀྱང་བརྒྱ་ཆ་གཅིག་གིས་བརྒྱ་ཆ་དགུ་བཅུ་གོ་དགུ་བསམ་ཡིད་ལས་འདས་པའི་སྡུག་གྱོང་མང་པོ་བཏང་ཡོད་པ་ཚང་མའི་ཤེས་དགོས་པ་མ་ཟད་དོལ་རྒྱལ་བསྟེན་མཁན་ཚོ་ཡང་ཤེས་ན་འགྲིག། ་་་་་་་
གོང་གི་པར་འདི་ནི།
བོང་རྒན་ཅིག བོང་ཕྲུག་ཅིག་ལ་སྐྱབས་བཅོལ་བ་འདྲ་པོ་མི་འདུག་གམ། ལགས། ཧཧཧ།
བོད་ཀྱི་དོལ་རྒྱལ་སྐོར་ཞི་འཇགས་ཐབས་ལམ་གསུམ་ནི།
༡༽ དོལ་རྒྱལ་རྗེས་འབྲངས་པ་ལ། ཤུགས་ལྡན་ནམ། དོལ་རྒྱལ་བསྟེན་དུ་ཆུགས།
༢༽ འོནད་ཀྱང་། ༸གོང་ས་མཆོག་གི་ཐུགས་བཞེད་ལྟར།༸གོང་ས་མཆོག་གི་གསུང་ཆོས་ལ་འོང་མ་བཅུག
༣༽ ད་དུང་། བོད་མི་མངས་ལ། སྐུ་ཕྱྭར་སེམས་འཚབ་ཡོད་པ་ལྟར། ༸གོང་ས་མཆོག་གི་ཉེ་འཁྲིས་སུ་སླེབས་མ་བཅུག
དོལ་རྒྱལ་པ་ཚོས། འདི་ཁས་བླངས་ཐུབ་བམ། མི་ཐུབ་ལགས།
དོལ་རྒྱལ་ལེགས་སྒྲུབ་དང་བསོ་རྒྱལ་ལ་ཉེས་མེད་སྙོན་འཛུགས་བཟོ་མཁན་དེ་ཚོ་གཅིག་པ་རེད་འདུག་ག ཁྱོད་ལ་ཕོག་ཡོད་ན་དེ་ག་རེད། མིག་དང་རྣ་དབང་པོ་ལ་བེད་སྤྱོད་ཡོད་ན་གོང་འོག་གི་བརྙན་ཐག་ལ་ལྟོས་དང་གསལ། ཏྰ་ལས་བླ་མ་ལ་ཡང་དཔར་སོགས་ག་འདྲ་དེ་ཚོས་བཟོས་ཡོད་སམ། མ་ཤེས་ན་སྔ་འགྱུར་བསྟན་འཛིན་རྣམས་ལ་སྒྲོ་བཀུར་མ་འདེབས་ན་མི་བཟང་ངམ།
ད་དུང་བསམ་ཤེས་ཀྱིས་་་་ངས་མདོག་གཅིག་བསྟན་ཡོད་པ་ནི་ཆོས་ཁ་ལ་ཁྱེར་ནས་སྒེར་གྱི་དངུལ་དང་རྒྱོ་སྒྲུབ་མཁན་དེ་ཚོའི་མདོག་བསྟན་ཡོད། དོལ་ཚོགས་འདྲེ་ཁ་ཁྱེར་དང་ཆོས་ཁ་ལ་ཁྱེར་ནས་བུད་མེད་བཙན་གཡེམ་བྱེད་མཁན་གཉིས་ཀ་མ་གིའི་གཤིན་རྗེས་གཟིགས་ན་ལྕི་ཡང་མཐོང་གི་མིན་འདུག ཚང་མ་བསྟན་པའི་དགྲ་རེད། རྡོག་རྡོག་འདི་ཡིན་ཟེར། འོ་ན་གདན་ས་ཁག་ཏུ་གྲྭ་རྒྱོ་དང་གྲྭ་ཆུང་བཙན་གཡེམ་གྱི་ཆོས་ལ་ཁ་ཁྱེར་མཁན་ཚང་མ་ལ་དེ་ཐལ། དེས་ཕྱིར། དེ་འདྲའི་རིགས་པ་དེ་དོལ་ཚོགས་ཀྱི་ཏྰ་ལའི་བླ་མ་ལ་ཁ་གཏོང་གི་ཡོད་པ་དེ་རེད། ཁོ་ཚོས་སྡུག་འཁོར་དབང་ཆེན་རེད། དུས་འཁོར་དབང་ཆེན་མ་རེད་བཤད་འདུག་ག བསོ་རྒྱལ་ཇི་ལྟར་ངན་རུང་སློབ་དཔོན་སྲོག་ལ་རྒོལ་མཁན་ཚོས་གཞལ་དུ་མེད་པ་རེད་ཀོ། ཁྱོད་ཚོ་ལ་ངོ་སྟོན་པ་དང་རྐུབ་སྟོན་པ་གཅིག་པ་རེད་འདུག་ག། བདེ་མོ་གྱིས
སྐུ་ཞབས་པད་མ་ལགས་ཀྱིས་ཨུ་ཚུགས་གཅིག་བརྒྱབ་ནས་རྡོག་རྡོག་བསོད་རྒྱལ་རིན་པོ་ཆེའི་ནག་ཉེས་དེ་ཡང་དཀར་འདོན་བྱེད་པ་འདི་རེད། དོལ་རྒྱལ་སྐོར་ལ་ཁྱེད་ང་གཉིས་རྩོད་པ་མིན་འདུག ཁྱོད་ཀྱི་ཇི་ལྟར་ཁོང་ཚོར་རྡུང་རྡེག་གཏོང་བར་དེ་ལྟར་ངས་རྒྱབ་སྐྱོར་བྱེད། ལྷག་པར་དུ་ད་ལྟ་དོལ་རྒྱལ་འདྲེ་ཚོགས་ལ་ཁ་གཏད་ཉུང་དྲག་པ་ལས་མང་དྲག་མིན་འདུག
དེའི་སྟེང་ལ། གདན་ས་ཁག་ལ་གྲྭ་ཆུང་ལ་བཙན་གཡེམ་བྱེད་པའི་ལུགས་སྲོལ་དེ་ལ་ཡང་ཁྱོད་ང་གཉིས་རྩོད་པ་མིན་འདུག ཁྱོད་ཀྱི་བཤད་པར་ལྟར་ཁོང་ཚོ་ཡང་བསྟན་པའི་དགྲ་བོ་ལ་རྩི་རྒྱུ་ཡིན།
ང་དང་ཁྱོད་མི་མཐུན་ས་དེ་བསོད་རྒྱལ་ལ་སོགས་པས། རྩ་ཆེ་བའི་སངས་རྒྱས་བསྟན་པ་ཁ་ལ་ཁྱེར་ནས། ལྐོག་ལ་རང་གི་རྒྱོ་དོན་དོན་བསྒྲུབས་ནས་བསྟན་པར་རྨ་བྱིན་པ་དེ་ཡང་བསྟན་པའི་དགྲ་བོ་ལ་ལྟ་བཞིན་ཡོད། དགེ་ལུགས་པའི་བླ་མ་ཆགས་སྡང་གདོན་ཞུགས་པ་དེ་ཚོས་ད་ཆ་དགེ་ལྡན་པའི་བསྟན་པ་འདི་ལ་དག་ཏུ་མི་བཏུབ་པའི་རྨ་ཆེན་པོ་ཞིག་བཟོས་ཚར་སོང་། ད་རྩོད་མེད་ལུང་རིགས་དམ་པའི་ཞབས་རྗེས་ཀྱིས་གྲུབ་པའི་བོད་རྒྱུད་ནང་བསྟན་ཁག་གི་རིས་སུ་མ་ཆད་པའི་གྲུབ་མཐའ་གཞན་རྙིང་མ་ལ་སོགས་པ་འདི་དག་བླ་མ་གོང་མ་དྲི་མ་མེད་པ་དག་གིས་ལེགས་པར་སྐྱོང་བ་འདི་ལ། བསོད་རྒྱལ་ལ་སོགས་པའི་གདོན་ཞུགས་པ་ཚོས་རྨ་འབྱིན་པ་དེ་ལ་བདག་རྩོད་བཞིན་པའོ།
༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་ཀྱི་ངོ་རྒོལ་སྤེལ་བའི་ལས་འགུལ་དེའི་ལམ་སྟོན་མཁན་དང་ཁོང་ཚོའི་བློ་འདྲི་བྱེད་ས་སོགས་ནི་༧ཁྲི་ཟུར་མིང་ཅན་ལུང་རིགས་རྣམ་རྒྱལ་ཁོང་རེད། མ་ཟད་ཕྷ་རན་སི་ན་སྔོན་མ་ཁོའི་ཆོས་ཚོགས་ཀྱི་ཚོགས་མི་རྒྱ་མོ་ཞིག་ཡོད་པ་དེས་ལུང་རིགས་རྣམ་རྒྱལ་གྱིས་ ༧གོང་ས་མཆོག་ལ་སྐྱོན་བརྗོད་སྐུར་འདེབས་བྱེད་བཞིན་པ་ཐོས་བར་བརྟེན་ཁོའི་ཆོས་ཚོགས་ནས་འབྲེལ་བ་གཙང་བཅད་བྱས་ཡོད། རྒྱ་མོ་དེ་ངའི་གྲོགས་པོ་ཞིག་གི་ངོ་ཤེས་ཡིན་པར་བརྟེན་གོ་སྐབས་བྱུང་ན་དྲི་བ་དྲིས་ལན་ཐོག་གནས་ཚུལ་གསལ་བོ་བཟོ་ཆོག་གི་རེད།གངས་ཅན་བླ་མའི་མིང་ཅན་དང་དགེ་བཤེས་སྐལ་བཟང་མིང་ཅན་གཉིས་གྲྭ་ཚང་སོ་སོའི་ཁོངས་ནས་ཕྱིར་ཕུད་བཏང་ཟིན་པས་དགའ་ལྡན་ཁྲི་ཟུར་གྱི་མིང་འཁུར་མཁན་ལུང་རིགས་རྣམ་རྒྱལ་དེ་ཡང་དགེ་ལུགས་ཁྲི་བའི་ཁོངས་ནས་ཕྱིར་ཕུད་གཏོང་ན་མ་གཏོགས་འགྲིག་ཐབས་མེད་པ་ཞིག་རེད།།
མདོར་ན་རྟེན་འབྱུང་གི་རྟ་རྒྱུགས་སར་བསམ་ཤེས་ཀྱིས་དོང་དྲུས་པ་དེ་རེད། ང་རང་ངོས་ནས་བསོ་རྒྱལ་ལ་ཆོས་འབྲེལ་ལྟ་ཅི་དངུལ་སོགས་འབྲེལ་བ་གང་ཡང་མེད་ཀྱང་མི་བདེན་པ་ལ་ཞྭ་ནག་པོ་གཡོགས་ན་ཡག་པོ་གཏན་ནས་མ་རེད་བཤད་པ་དེ་ཡིན། ཏྰ་ལས་ལ་སྒེར་དོན་དང་བསོ་རྒྱལ་ལ་རྒྱོ་དོན་རེད་བཤད་ན་དོན་ལ་གནས་པ་མ་རེད། མགོ་སེར་འདོད་ཆགས་དང་རྒྱ་ནག་ཞེ་སྡང་དང་དོལ་ཚོགས་གཏི་མུག་གིས་གཞན་དབང་སོང་ནས་གང་ཡང་བཤད་ཀྱིན་དང་བཟོ་གྱིན་འདུག སུ་ཞིག་ཡིད་ཆེས་སམ། ངས་བཤད་འདོད་པ་དེ་བསོ་རྒྱལ་དང་ཏྰ་ལའི་དཀར་ནག་འདྲ་མཉམ་རེད་བཤད་པ་དེ་ཡིན། དེས་ན་བཟང་ངན། ཟས་དང་སྟུག་པ། དགྲ་དང་གྲོགས་མ་ནོར་བར་གཅེས་སོ་བསམ་ཤེས་ལགས།།
སྐུ་ཞབས་པད་མ་ལགས། དགྲ་དང་གྲོགས་དེ་ངས་གསལ་པོ་ཤེས་ལ། དེས་ན་རྒྱུ་མཚན་བཤད་ཀྱི་ཡོད། ལྷག་པར་དུ་གོང་ས་ཏླ་ལའི་བླ་མ་མཆོག་ལ་ཏླ་ལ་ཞེས་བཀོལ་མཁན་རྒྱ་ནག་དང་དོལ་ཚོགས་མ་གཏོགས་མིན་འདུག དི་རིང་ཁྱེད་རང་གཅིག་ཐོན་སོང་།
མདོར་ན་ངས་ཁྱེད་ཀྱིས་ཕ་བསད་སོང་ཟེར་དུས། ཁྱེད་ཀྱིས་མཛུབ་མོ་ཕྱོགས་བཞིར་བཙུགས་ནས། ཁོས་ཀྱང་ཕ་བསད་སོང་། མོས་ཀྱང་ཕ་བསད་སོང་ཟེར། ཁོང་ཚོས་ཕ་བསད་པ་ལ་ནག་ཉེས་རེད། དེས་ཁྱེད་ཀྱིས་ཕ་བསད་པའི་ཉེས་པ་མི་དག་གོ བདེ་མོ།
༡༽༧གོང་ས་མཆོག་ནས་བོད་དོན་མི་གནང་བར་སྒེར་དོན་སྒྲུབ་ཀྱི་ཡོད་མེད། རྒྱ་དམར་གུན་བྲན་ལ་བྲིས་དང་ཁོང་ཚོས་ཤེས་ཀྱི་ཡོད། གལ་ཏེ་ཏཱ་ལའི་བླ་མས་བོད་བདེན་པའི་འཐབ་རྩོད་གནང་གི་མེད་ན། ཕལ་ཆེར་བོད་དོན་བསམ་མཁན་དེ་གུང་བྲན་ཡིན་ནམ། ༼དེ་མིནཏཱ་ལའི་ལོག་སྤྱོད་པ་ཇི་ལྟར་ཡིན་ནམ།་གུང་བྲན་ལགས།༽
༢༽༧གོང་ས་མཆོག་ནས་སྤྱིར་འཛམ་གླིང་ཆོས་ལུགས་དང་ཡང་སྒོས་བོད་ཁུལ་ཆོས་བརྒྱུད་རིས་མེད་མཐུན་འབྲེལ་གནང་གི་ཡོད་མེད། དོལ་ཚོགས་་བྲིས་དང་ཁོང་ཚོས་ཤེས་མདོག་ཁ་པོ་རེད། དེ་མིན་ན། དོལ་ཚོགས་རིས་མེད་ཆེན་པོ་ཡིན་གྱི་རེད།
༣༽ མི་སུས་གསོད་ན་ཡང་སྲོག་གཅོད་པ་རེད། ལྷག་པར་གདན་ས་ནས་སྲོག་གཅོད་དང་བཙན་གཡེམ་བྱས་ཡོད་ན་ངེས་པར་ཆད་པ་གཅོད་དགོས་པ་རེད་ལ། གནས་དབྱུང་གཏོང་དགོས། གདན་ས་ཁག་ནང་སྲོག་གཅོད་པ་ཁུངས་འཕེར་ཡོད་ན། དེ་ལ་སྲོག་གཅོད་མཁན་མ་རེད་ཅེས་སུས་ལབ་ཀྱི་འདུག དེ་ལས་རྫབ་ཆེ་བ་རེད། དེ་འདྲ་ལབ་མཁན་དེ་ལ་ཉེས་ཆད་གཏོང་དགོས་པ་རེད། རྒྱ་མཚོས་ནང་ལ་ཆུ་སྲིན་གྱིས་ཉ་ཟོས་ན་འབུ་ཚང་མས་ཉ་གསོད་པ་རེད་ཅེས་བསྡོམས་རྒྱག་ན་ཨེ་འགྲིག
༤༽གོང་དུ་མཆན་དྲུག་པར་ཀརྡོ་ལགས་ནས་གསུང་པ་བཞིན་འཇིགས་སྐུལ་རིང་ལུགས་པར་གསུངས་པ་བདེན་སྙམ།
༥༽ ཡང་མཆན་༨ པའི་ནང་དོན་ཚང་མ་ཁོང་ཉིད་ནས་སྔོན་མ་ནས་གསུངས་ཟིན་པས། དོལ་རྒྱལ་མ་ཚད་མགོ་མཇུག་སློག་ནས་འགྲོ་ན་ཡང་རང་མོས་རེད། ཁོང་གི་ཁྲིད་ནས་བཀའ་ཆོས་ཞུ་ན་དགོས་པ་མེད་པ་བཅས་ཡང་སེ་གསུངས་ཟིན་པས་དོལ་ཚོགས་དང་སྐད་ཅ་བཤད་རྒྱུ་གང་ཡང་ལྷག་མེད་ལ་བཤད་ཀྱང་དགོས་པས་སྟོང་བ་རང་རེད། ད་དུང་སྐུ་ཕྱར་ཉེན་ཁ་ཡོད་ན་ཚང་མས་གཟབ་དགོས་སྙམ་མོ།།
ཁྱོད་ཚོ་ཐེག་པ་ཆེན་པོའི་་ཆོས་བྱས་མཁན་་་་་་བྱམས་དང་སྙིང་རྗེ་ཡོད་མཁན་ཚོ་ལ་ནང་འཛིང་རྒོལ་དགོས་ན་དཔའ་བོ་ཤ་དག་རེད་འདུག་ལ་་་་་ཁ་བདེ་བ་ལ་ནི་བྱས་ཉན་མི་འདུག་་་་ཨོ་ཨོ་་་་་མི་ལོ་སྟོང་གི་རིང་དུ་བོད་མི་རིགས་ནང་བསད་བཏང་རེའི་བྱས་པ་རེད་་་་ད་དུང་བཀོར་གཟན་འདི་ཚོ་གྲོད་ཁོག་རྒྱག་ཡོད་ས་མ་རེད་་་་་་་བོད་ཤཀྱའི་ཆོས་ལུགས་པ་འདི་དག་ལ་ངོ་མ་སྐྱུག་མེར་འདྲ་ཞིག་ངས་ཡོང་གི་འདུག་་་་་དཀོན་མཆོག་མཁྱེན། ཤཀྱའི་རྒྱལ་པོས་ཐུགས་རྗེ་གཟིགས་རོགས་བྱོས།
གོང་དུ་མཆན་༡༡པར།
ཏླ་དེ་ ཏཱ་བཅོས་རོགས།
ཁྱོད་རང་ཚོ་ཆོས་ལུགས་པ་ཚོས་བསམ་བློ་ཡག་པོ་ཞིག་ཐོངས་དང་། བོད་པའི་ཁྱིམ་པ་ཚོས་མ་འགྲིག་ནས་ནང་འཛིང་རྒོལ་བཞིན་འདུག་གམ་བླ་གོག་སྤྲུལ་གོག་དང་ལྷ་འདྲེ་མ་འགྲིག་ནས་རྩོད་བརྒྱབ་བསྡད་བཞིན་འདུག བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ཡིན་ཟེར་མཁན་ཁྱོད་ཚོ་་་་བོད་པའི་ཁྱི་དང་སྐྱེས་དམན་ལ་ཡང་ངོ་ཚ་དགོས་པའི་གནས་སྟངས་རེད་འདུག་ད།
བསམ་བློ་ཞིག་ཐོངས་དང་། ཁྱོད་ཚོའི་རྒྱུད་ཀྱི་ང་ཆེ་དང་ང་འཇོན། ང་རྒྱལ་དང་ཕྲག་དོག ཞེ་སྡང་དང་ཧམ་པ། ཆོས་ལུགས་པ་ཚོས་རྒྱུད་ཀྱི་བདག་འཛིན་དེ་ནི་ཞེན་སྣང་ཚ་བ་ལ་ཚོད་ཤིག་མི་འདུག བོད་པའི་སྤྱི་ཚོགས་ཉམ་ཆུང་འདིར་ཞི་བདེ་དང་འཆམ་མཐུན་བྱས་ནས་རྩ་བ་ནས་བསྡད་བཅུག་གི་མི་འདུག མུ་མཐུད་འདི་འདྲ་བྱེད་བསྡད་པ་ཁྱིམ་པ་སེམས་འགྱུར་བའི་མ་ཚད་དགྲ་བོ་ཆགས་འོང་ས་རེད་དོ།
ད་དུང་ཁྱོད་ཚོས་ཁ་ནས་བཤད་ཀྱི་རེད། འཛམ་གླིང་ལ་ངོམ་ཆོག་པའི་ཐེག་པ་ཆེན་པོའི་ཆོས་ལུགས་པ། སེམས་ཅན་ཐམས་ཅད་ལ་མ་ལྟར་བརྩེ་བ་སྤྲོད་མཁན་སྐྱེ་བོ་དམ་པ།་་་་སྙིང་རྗེ་་་་བཀོར་གཟན་རྫུན་སྐྱལ་བ་ཚོ། ཁྱོད་རང་ཚོ་ཤཀྱའི་བསྟན་པའི་རྗེས་སུ་འབྲངས་མཁན་གྱི་ཆོས་ལུགས་ནང་ཁུལ་ཞེ་སྡང་མེ་འབར་འབར་བྱས་བསྡད་ཀྱི་ཡོད་པ་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བཤམ་བཞིན་འདུག་གོ
ཅོ་རི་ལགས། རྙོག་ཁྲ་ཆེ་ཤོས་འདི་ཆོས་བྱེད་མཁན་རྣམས་མི་རེད། མི་ལ་འདོད་ཆགས་ཞེ་སྡང་གཏི་མུག་རང་རྒྱུད་ལ་ཡོད། འདོད་ཆགས་ཞེ་སྡང་གཏི་མུག་ལ་བརྟེན་ནས་ལས་དང་སྡིག་པ་གསོག་གི་ཡོད། དེ་དག་ལས་རྒྱལ་བར་ཆོས་གསུང་གི་ཡོད། ཁྱེད་ཀྱི་རྩོད་པ་དེ་ཁྱེད་ཀྱི་སྐེ་ལ་ཚུར་ཕོག་ཉེན་འདུག
ཧ ཧ བསམ་ཤེས་ལགས། དང་པོ་སུ་ཞིག་དོན་མེད་གླེང་བར་ཡིན་དྲན་ཀི་འདུག་གམ། རྟེན་འབྱུང་གིས་དོལ་ཚོགས་བཤད་པ་ལས་ས་སྐྱའི་འཛག་རྒན་ཚོ་དང་། བོན་པོའི་རྒྱོ་རྒན། དགེ་ལུགས་ཀྱི་གྲྭ་གཡེམ། འབྲེལ་མེད་བཤད་མི་འདུག ཁྱོད་རང་གིས་གདོན་དང་བསྟན་དགྲ་བསོ་རྒྱལ་རིན་པོ་ཆེ་ལ་དོལ་ཚོགས་ཀྱིས་བཟོས་པ་དེས་སྒྲུབ་བྱེད་བྱས་པ་རེད། བསོ་རྒྱལ་དང་ཏྰ་ལས་མཉམ་ཟ་མཉམ་འཐུང་གི་གྲོགས་པོ་ནང་ཚེགས། ཆོས་ཚོང་བྱས་ཡོད་ན་སྤྱི་མཐུན་རེད། ཁྱོད་ཀྱིས་་་་་མདོར་ན་ངས་ཁྱེད་ཀྱིས་ཕ་བསད་སོང་ཟེར་དུས། ཁྱེད་ཀྱིས་མཛུབ་མོ་ཕྱོགས་བཞིར་བཙུགས་ནས། ཁོས་ཀྱང་ཕ་བསད་སོང་། མོས་ཀྱང་ཕ་བསད་སོང་ཟེར། ཁོང་ཚོས་ཕ་བསད་པ་ལ་ནག་ཉེས་རེད། དེས་ཁྱེད་ཀྱིས་ཕ་བསད་པའི་ཉེས་པ་མི་དག་གོ ཟེར་བ་རྡོ་ཐད་ཡོད་པ་ཐོད་ལ་བླངས་པ་རེད། བསོ་རྒྱལ་རིན་པོ་ཆེའི་རྐུབ་ཚ་བོ་ལྡག་མཁན་གཙོ་བོ་ས་སྐྱ་ཚང་དང་དགེ་ལུགས་པ་སོགས་རེད། ད་མང་པོ་མི་བཤད། ངོ་མ་བསོ་རྒྱལ་བསྟན་དགྲ་དང་དོལ་ཚོགས་དང་གཅིག་པར་འདོད་ན་ཁྱེད་ཚོས་རོ་མདོག་མངོན་ཚར་སོང་། ཁ་ཤོས་ཁ་ཤོར་དང་། ལོང་བས་ལོང་བར་ལམ་སྟོན་ཅི་ཡོང་ས་མ་རེད། དོལ་ཚོགས་ཀྱི་དགེ་བཤེས་ཆེན་མོ་བསྟན་འཛིན་རྒྱ་མཚོ་ལ་ལུང་རིགས་ཁྱོད་ལས་ལྷག་ཙམ་སྨྲ་རྒྱུ་འདུག་གདའ། དམངས་ཁྲོད་ཁ་བརྡའི་བརྙན་ཐག་ལ་ལྟོས་དང་གསལ་ལོ།།
འདིའི་ནང་གི་དྲ་གྲོགས་ཁ་ཤས་ལ་གནས་ལུགས་རྒྱུ་མཚན་ཐོག་ལ་བགྲོ་གླེང་བྱེད་རྒྱུའི་ཆུ་ཚད་མེད་ན་ཨུ་ཚུགས་གནང་མི་དགོས་ཁུ་ཚུམ་བཞུགས་ན་འགྲིག་གི་རེད།་་ཡང་ཁ་ཤས་ཀྱིས་འབྲེལ་མེད་རྐྱང་རྐྱང་གནང་མཁན་ཚོ་ཡང་དེ་ལྟར་ཡིན། མདོ་དོན་སྙིང་བོ་དོལ་ཚོགས་ཀྱི་ཧམ་པ་དེ་ཚོ་ལ་གནད་ལ་ཕིགས་པའི་གནས་ལུགས་རྒྱུ་མཚན་རེ་གསུངས་ཡ་ཡོད་ན་གསུངས་རོགས། དེ་མིན་ལྡོག་ཕྱོགས་ནས་ཁོང་ཚོ་ལ་རྒྱབ་སྐྱོར་གྱི་རྒྱུ་མཚན་བཤད་ཡ་ཡོད་ན་ཡང་འགྲིག་གི་རེད། ཁྲི་ཟུར་ལུང་རིགས་རྣམ་རྒྱལ་ལ་ཡང་དེ་ལྟར་ཡིན།་་དེ་མིན་འབྲེལ་མེད་རྐྱང་མ་གསུངས་རོགས།
# 1 བསམ་ཤེས།་ལགས་ཀྱིས་མཆན་བཏབ་པ།:
March 6th, 2014 at 6:59 PM
གོང་ལ་མཆོག་གི་རྐང་པ་གཉིས་ཀར་ནས་འཐེན་མཁན་གཅིག་འདི་ལ་འདུག གསོལ་རྒྱལ་རིན་པོ་ཆེས་ཡང་བུད་མེད་གཞན་པ་ཞིག་ལ་བཙན་གཡེམ་བཏང་ནས་རྙོག་ཁྲ་མགོ་ཚུགས་འདུག
http://www.youtube.com/watch?v=yWhIivvmMnk
དགེ་འདུན་གྱི་ནང་ཁྲིམས་དང་འགལ་ན་དགའ་ལྡན་བྱང་རྩེ་གྲྭ་ཚང་གིས་མཁར་ཟུར་ཞིག་གྲྭ་ཚང་ནས་ཕྱིར་ཕུད་བཏང་ཡོད་པའི་དཔེ་མཚོན་དེར་གཟིགས་ནས་དགེ་ལུགས་སྤྱིའི་ཁྲིམས་གཞི་མང་པོ་བཟོས་ཀྱང་ཁྲི་ཟུར་སྣང་མེད་འཇོག་ན་གནས་ལུགས་དང་ཡང་མཐུན་ནམ་བསམ་གཞིགས་ཡག་པོ་གནང་རོགས།།
གངས་ཅན་བླ་མའི་མིང་ཅན་དང་དགེ་བཤེས་སྐལ་བཟང་མིང་ཅན་གཉིས་གྲྭ་ཚང་སོ་སོའི་ཁོངས་ནས་ཕྱིར་ཕུད་བཏང་ཟིན་པས་དགའ་ལྡན་ཁྲི་ཟུར་གྱི་མིང་འཁུར་མཁན་ལུང་རིགས་རྣམ་རྒྱལ་དེ་ཡང་དགེ་ལུགས་ཁྲི་བའི་ཁོངས་ནས་ཕྱིར་ཕུད་གཏོང་ན་མ་གཏོགས་འགྲིག་ཐབས་མེད་པ་ཞིག་རེད།།
ཅོ་རི་དང་བསམ་ཤེས་ལ་ཕུལ། མི་འདི་འདྲ་ཡོད་མཁས་དབང་རེད།
https://www.youtube.com/watch?v=6L0bTKbSKx8
སྐད་ཆ་བཤད་ན་རིན་ཐང་ཡོད་དགོས སྤྱི་ཚོགས་དང་ ཆོས་ལུགས ཚོགས་སྡེ་ཐ་ན་ཁྱིམ་ཚང་བཅས་ཀྱི་ནང་ གནས་ཚུལ་འདྲ་མིན་ཡོད་ལ་ཡོང་ཆོག དེ་འདྲ་ལ་བརྟེན་ནས་སྤྱི་ཚོགས་དེ་ཡག་སྡུག་གི་དབྱེ་བ་ཕྱེ་ན་ཕྱོགས་སུ་ལྷུང་བ་རེད
ཅོ་རི་ཉི་མ་ལ་དགོས་ཡ་འདི་རེེད
http://youtu.be/irUaorTfUQQ
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །