བློ་བཟང་རིན་ཆེན་གྱིས་བསྒྱུར།
12 Never leave a true relation for few faults. Nobody is perfect, nobody is correct and in the end, affection is always greater than perfection.
12 མི་ཐམས་ཅད་ཡང་དག་པ་དང་ཕུན་སུམ་ཚོགས་པ་མ་ཡིན་པ་ན། ནོར་འཁྲུལ་ཅུང་ཙམ་ལ་བརྟེན་ནས་ཡང་དག་པའི་འབྲེལ་ལམ་དེ་གཅོད་མི་རུང་། བརྩེ་སེམས་ནི་རྟག་ཏུ་ཕུན་སུམ་ཚོགས་པ་ལས་ཀྱང་གལ་ཆེའོ།།
13 Happiness is when you realize your children have turned out to be good people.
13 ནམ་ཞིག་རང་གི་བུ་ཕྲུག་མི་བཟང་ཞིག་ཏུ་གྱུར་ཡོད་པ་རྟོགས་པ་དེ་ནི་བདེ་སྐྱིད་ཡིན།
14 Do not fall in love with the face and body. Fall in love with the spirit, heart and character.
14 བརྩེ་བ་ནི་ངོ་གདོང་དང་གཟུགས་པོ་སྙིང་རྗེ་ཞིག་ཡོད་པར་བསམས་ནས་སྤྲོད་རྒྱུ་མིན་པར། སེམས་དང་བསམ་པ། ཀུན་སྤྱོད་བཟང་པོ་ཞིག་ལ་བསམས་ནས་སྤྲོད་པ་གལ་ཆེའོ།།
15 A pretty face gets old. A nice body will change. But a good woman will always be a good Beautiful Words woman.
15 ཡིད་འོང་གི་བཞིན་རས་རྒས་འགྲོ སྟོབས་ཤུགས་ལྡན་པའི་གཟུགས་པོ་འགྱུར་འགྲོ འོན་ཀྱང་ཀུན་སྤྱོད་བཟང་བའི་བུ་མེད་ནི་ནམ་ཡང་སྙིང་རྗེ་ཤོས་ཀྱི་བུད་མེད་ཡིན།
16 Don’t depend too much on anyone in this world because even your own shadow leaves you when you are in darkness.
16 འཇིག་རྟེན་འདི་ནས་ཁྱེད་རང་གཞན་བརྟེན་གྱི་བསམ་པ་ཤུགས་ཆེ་མི་རུང་། རྒྱུ་མཚན་མུན་ནག་གི་ཁྲོད་ནས་རང་གི་གྲུབ་གཟུགས་ཀྱང་རང་ཉིད་དང་བྲལ་འགྲོ་བ་དེའོ།།
17 Health does not always come from medicine. Sometimes it comes from peace of mind, peace in the heart, peace of the soul. It comes from laughter and love.
17 འཕྲོད་བསྟེན་ནི་དུས་རྒྱུན་སྨན་ལས་འབྱུང་བ་མ་ཡིན་པར། ཡིད་ཀྱི་ཞི་བདེ་དང་། སེམས་ཀྱི་ཞི་བཞེ། རྣམ་ཤེས་ཀྱི་ཞི་བདེ། དགོད་སྒྲ་དང་བརྩེ་བ་ལས་འབྱུང་བ་དེའོ།།
18 No one notices your tears, No one notices your sadness, No one notices your pain, But they all notice your mistake.
18 ཁྱེད་ཀྱི་མིག་ཆུ་དང་། སྐྱོ་གདུང་། ན་ཟུག་ལ་དོ་སྣང་བྱེད་མཁན་མེད། འོན་ཀྱང་ཁོ་ཚོ་ཚང་མས་ཁྱེད་ཀྱི་ནོར་འཁྲུལ་ལ་དོ་སྣང་བྱ་ངེས།
19 My Family is my greatest treasure. Although we are not all together in these challeging times . I love them with all my heart.
19 ནང་མི་ནི་ངའི་ཆེས་རིན་ཐང་ཆེ་ཤོས་དེ་ཡིན། འོན་ཀྱང་ང་ཚོ་འགྲན་རྩོད་ཆེ་བའི་དུས་སྐབས་འདིར་མཉམ་དུ་གནས་མེད་ཀྱང་། ང་ཁོ་ཚོ་ལ་སེམས་གཏིང་ནས་དགའ།
20 True love requires faith, trust and loyalty. Not chocolate, flowers and expensive gifts.
20 བརྩེ་བ་ངོ་མ་མཁོ་བ་ནི་དང་བ་དང་། ཡིད་ཆེས། ལྷག་བསམ་རྣམ་དག་ཡིན་པ་ལས། ཅོག་ལེ་ཊི་དང་མེ་ཏོག་གི་ཆུན་པོ་སོགས་རིན་ཐང་ཆེ་བའི་ལེགས་སྐྱེས་གཏན་ནས་མིན།
2020/1 /2/ བློ་བཟང་རིན་ཆེན་གྱིས་བསྒྱུར་ཁུལ་བྱས།
•འདི་ནི་ཁོ་བོས་དྲ་ལམ་གྱི་ལེགས་བཤད་ཐུང་ངུ་གོ་སླ་བ་འགའ་ཞིག་ཕྱོགས་བསྒྲིགས་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ཁུལ་བྱས་པ་ཙམ་ལགས་ན། ལྷག་བསམ་གཙང་བའི་དགེ་རྒན་རྣམས་དང་དྲ་གྲོགས་དག་གིས་ནོར་བ་ཡོ་བསྲང་དང་ལམ་སྟོན་གང་མང་ཞིག་གནང་བའི་རེ་བ་ལྕི།