བློ་བཟང་རིན་ཆེན་གྱིས་བསྒྱུར།
21 Motivate yourself, don’t listen to those people who only see your mistakes.
21 ཁྱེད་ཀྱི་ནོར་འཁྲུལ་ཁོ་ནར་མཐོང་མཁན་གྱི་མི་ལ་ཉན་དགོས་དོན་མེད། རང་ཉིད་ཀྱིས་རང་ཉིད་ལ་སྐུལ་མ་བྱོས།
22 Never cry for the person who doesn’t know the value of your tears.
22 ཁྱེད་ཀྱི་མིག་ཆུའི་རིན་ཐང་མི་རྟོགས་མཁན་ཞིག་གི་སླད་དུ་ནམ་ཡང་ངུ་དགོས་དོན་མེད།
23 Never laugh at someone’s situation, because you just never know if someday you will find some yourself in the very same position.
23 ཁྱེད་ཀྱིས་ནམ་ཡང་གཞན་ལ་འཕྱ་སྨོད་མི་རུང་། རྒྱུ་མཚན་ཉིན་ཞིག་ཁྱེད་རང་ལའང་དེ་ལྟ་བུའི་ནོར་འཁྲུལ་འབྱུང་མིན་མི་ཤེས་པའི་ཕྱིར་རོ།།
24 Friendship isn’t about who came first, it’s about who came and never left.
མཛའ་གྲོགས་ནི་མི་སུ་ཞིག་དང་དུས་ཚོད་སྔ་ཕྱི་ལ་མ་ལྟོས་པར་དེ་དང་ནམ་ཡང་མི་བྲལ་བར་གནས་ཐུབ་རྒྱུ་དེའོ།།
25 My wish today is that all my Friends and Family stay HEALTHY!
25 ངའི་དེ་རིང་གི་རེ་བ་ཡོད་ཚད་ནི་ངའི་ནང་མི་དང་། གྲོགས་པོ་རྣམས་བདེ་ཐང་ངང་གནས་རྒྱུ་དེའོ།།
26 Time decides who you meet in your life Your heart decides who you want in your life And your behavior decides who stays in your life.
26 དུས་ཚོད་ཀྱིས་ཁྱེད་ཀྱི་མེ་ཚེའི་ནང་ཁྱེད་རང་སུ་ལ་འཕྲད་མིན་ཐག་གཅོག་བྱེད་ཅིང་། སེམས་ཀྱིས་ཁྱེད་ཀྱི་མི་ཚེའི་ནང་སུ་ཞིག་དགོས་མིན་ཐག་གཅོད་བྱེད། སྤྱོད་ལམ་གྱིས་ཁྱེད་ཀྱི་མི་ཚེའི་ནང་སུ་ཞིག་ཁྱེད་དང་མཉམ་དུ་གནས་མིན་ཐག་གཅོད་བྱེད་ངེས།
27 Never be a prisoner of your past, it was just a lesson not a life sentence.
27 ཁྱེད་ཀྱི་འདས་པའི་དཀའ་སྡུག་ནི་སློབ་གསོ་ཞིག་ཡིན་པ་ལས་མི་ཚེའི་ཡོད་ཚད་མ་མིན་ནོ།།
28 Your brother will never say he loves you but he loves you more than anyone else in this world.
28 ཕུ་བོས་ཁྱེད་ལ་ནམ་ཡང་ང་ཁྱེད་ལ་དགའ་ཞེས་ཟེར་མི་སྲིད། འོན་ཀྱང་ཕུ་བོ་ནི་འཛམ་གླིང་གི་མི་རྣམས་ལས་ཁྱེད་ལ་ཆེས་དགའ་མཁན་དེ་ཡིན།
29 The most important thing in the world is family and love.
29 འཇིག་རྟེན་སྟེང་ཆེས་གལ་ཆེ་བའི་དངོས་པོ་ནི་ནང་མི་དང་མཛའ་བརྩེ་ཡིན།
30 Do good and good will come to you.
30 བྱ་བ་བཟང་པོ་སྒྲུབ་ན་ཁྱེད་ལ་འབྲས་བུ་བཟང་པོ་འབྱུང་ངེས།
2020/ 1 / 7 བློ་བཟང་རིན་ཆེན་གྱིས་བསྒྱུར་ཁུལ་བྱས།
•འདི་ནི་ཁོ་བོས་དྲ་ལམ་གྱི་ལེགས་བཤད་ཐུང་ངུ་གོ་སླ་བ་འགའ་ཞིག་ཕྱོགས་བསྒྲིགས་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ཁུལ་བྱས་པ་ཙམ་ལགས་ན། ལྷག་བསམ་གཙང་བའི་དགེ་རྒན་རྣམས་དང་དྲ་གྲོགས་དག་གིས་ནོར་བ་ཡོ་བསྲང་དང་ལམ་སྟོན་གང་མང་ཞིག་གནང་བའི་རེ་བ་ལྕི།