བློ་བཟང་རིན་ཆེན་གྱིས་བསྒྱུར།
31 Believing in yourself is the first step to Success.
31 རང་ཉིད་ལ་ཡིད་ཆེས་བྱེད་པ་ནི་རྒྱལ་ཁ་ཐོབ་པའི་གོམ་པ་དང་པོ་ཡིན།
32 Every pain gives a lesson, and every lesson changes a person.
32 སྡུག་བསྔལ་རེ་རེས་སློབ་གསོ་རེ་རེ་སྤྲོད་ཅིང་། སློབ་གསོ་རེ་རེས་རང་ཉིད་ལ་འགྱུར་བ་གཏོང་ཐུབ།
33 If you want to change the world, go home and love your family.
33 གལ་སྲིད་ཁྱེད་ཀྱིས་འཛམ་གླིང་ལ་འགྱུར་བ་གཏོང་འདོད་ན། དང་པོ་ནང་ལ་ལོག་ནས་རང་གིས་ནང་མི་ལ་བརྩེ་བ་རྣམ་དག་ཅིག་སྤྲོད།
34 Life is short, Time is fast. No replay, No rewind. So enjoy every moment as it comes.
34 མི་ཚེ་ཐུང་ཐུང་འདིར། དུས་ཚོད་ཀྱི་འགྲོས་ནི་ཧ་ཅང་མགྱོགས་ལ། བསྐྱར་དུ་འབྱུང་བ་དང་ཕྱིར་ལྡོག་བྱེད་རྒྱུ་གང་ཡང་མེད། དེར་བརྟེན་དུས་ཚོད་སྐར་ཆ་རེ་རེ་ཡང་དམ་འཛིན་བྱས་ཏེ་སྤྲོ་སྣང་ལྡན་པ་བྱེད་དགོས།
35 Don’t lose hope. You never know what tomorrow will bring.
35 སང་ཉིན་ཅི་ཞིག་འབྱུང་བ་ཁྱེད་ཀྱིས་ནམ་ཡང་མི་ཤེས་པས། རང་ཉིད་ཀྱི་རེ་བ་བརླག་མི་རུང་།
36 Always love your mother because you will never get another.
36 ཁྱེད་ཀྱི་ནམ་རྒྱུན་ཨ་མ་ལ་བརྩེ་བ་སྤྲོོ་དགོས། རྒྱུན་མཚན་ཨ་མ་ལས་ལྷག་ཅིག་ནམ་ཡང་ཁྱེད་ལ་ཐོབ་ཏུ་མེད་པས་སོ།།
37 Your speed doesn’t matter, Forward is forward.
37 མདུན་བསྐྱོད་ནི་མདུན་བསྐྱོད་རང་ཡིན་པས་ཁྱེད་ཀྱི་མགྱོགས་ཚད་ལ་མི་ལྟོས།
38 Without communication, there is no relationship. Without respect, there is no love. Without trust there is no reason to continue.
38 བསམ་ཚུལ་སྤེལ་རེས་མེད་ཚེ་འབྲེལ་ལམ་མི་ཡོང་ལ། གུས་ཞབས་མེད་ཚེ་བརྩེ་བ་ཡོང་མི་སྲིད། ཕན་ཚུན་ཡིད་ཆེས་མེད་ཚེ་འབྲེལ་ལམ་རྒྱུན་སྐྱོང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད།
39 Anger doesn’t solve anything. It builds nothing but it can destroy everything.
39 ཁོང་ཁྲོས་ཡར་རྒྱས་གཏོང་མི་ཐུབ་པར་མ་ཟད། དཀའ་ངལ་གང་ཡང་སེལ་མི་ཐུབ། འོན་ཀྱང་ཡོད་ཚད་བརླག་ཐུབ་པ་དེའོ།།
40 Be happy with the little you have. There are some people with nothing who still manage to smile.
40 རང་ཉིད་ལ་གང་ཡོད་པ་དེས་ཡིད་ཚིམ་པར་བྱས་ཏེ་བདེ་སྐྱིད་ངང་འཚོ་དགོས། མི་འགའ་ཞིག་ལ་གང་ཡང་མེད་ནའང་། ཁོང་ཚོ་ཡིད་ཚིམ་སྟེ་འཛུམ་མདངས་བསྟན་ནས་འཚོ་ཡོད།
མཆན།• ལྷག་བསམ་རྣམ་པར་དག་་པའི་དགེ་རྒན་རྣམས་ཀྱིས་ཁོ་བོས་བསྒྱུར་ཁུལ་བྱས་པ་འདི་དག་ལ་ལན་གཅིག་གཟིགས་ཏེ་ནོར་བཅོས་དང་ལམ་སྟོན་གང་མང་གནང་བའི་རེ་བ་ཞུ། ལྷག་དོན་ལེགས་བཤད་ཐ་མ་དེ་རང་གི་འདོད་པ་བཞིན་བསྒྱུར་མ་ཐུབ་པས་ནན་གཟིགས་གནང་སྟེ་ལམ་སྟོན་གནང་རོགས།
༤༠༽ Be happy with the little you have. There are some people with nothing who still manage to smile.
འདོད་ཆུང་ཆོག་ཤེས་ཀྱིས་སྐྱིད་པོ་བྱོས། མི་འགའ་རེར་ཅི་ཡང་མེད་ཀྱང་ཆོག་ཤེས་ཀྱི་འཛུམ་གྱིས་འཚོའོ།།
འདི་ལྟར་སྒྱུར་འོས་སམ། ངས་ཨིན་ཡིག་མི་ཤེས།
ཁྱེད་ཀྱིས་ལེགས་བཤད་དེ་དག་གི་ཁུངས་ཀྱང་བསྟན་ཐུབ་ན་ལེགས། རྩོམ་པ་པོའམ་གསུང་མཁན་སུ་ཡིན། བཀའ་དྲིན་ཆེ།
རྒན་བོད་ཡིག་སྐྱབས་ལགས་བཀའ་དྲིན་ཆེ། ངས་བསྒྱུར་བའི་མ་ཡིག་འདི་དག་(DEMIC) ཞེས་པའི་དྲ་ཚུགས་སྟེང་ནས་བླངས་པ་ཡིན། མང་ཆེ་ཤོས་ལ་རྩོམ་པ་པོ་གསལ་ཁ་མི་འདུག དེའི་རྐྱེན་པས་རྩོམ་པ་པོའི་སུ་ཡིན་གསལ་པོ་མ་ཤེས་པས་བཀོད་རྒྱུ་མ་བྱུང་། ངས་འདི་དག་བསྒྱུར་བ་ནི་གཙོ་རང་ཉིད་ཀྱི་དབྱིན་ཡིག་གི་ཤེས་ཚད་ཡར་རྒྱས་ལ་འགྲོ་ཕྱིར་དང་། ཞོར་དུ་བོད་གི་གནས་ཚད་མཐོ་རུ་གཏོང་རྒྱུ་དེའོ།། ད་དུང་ལེགས་བཤད་དེ་དག་གིས་མི་མང་པོ་ཞིག་ལ་ཡིད་སེམས་འགུག་རྒྱུ་ནི་རེ་བ་ལྷག་མ་ཞིག་ཡིན།🙏🏻
༣༤ མི་ཚེ་ཐུང་། དུས་ཚོད་མྱུར། ་་་་
རྒན་དགེ་ལགས་ཀྱིས་ཞབས་མཆན་བཀོད་པ་ཡག་བྱུང་། 🙏🏻