བློ་བཟང་རིན་ཆེན་གྱིས་བསྒྱུར།
50 You can bring the horse to water, but you can’t make it drink.
50 ཁྱེད་ཀྱིས་རྟ་ཕོ་ཞིག་ཆུ་འགྲམ་དུ་ཁྲིད་ཐུབ། འོན་ཀྱང་ཁྱེད་ཀྱིས་རྟ་ལ་ཆུ་འཐུང་འཇུག་མི་ཐུབ།
51 Fake friends will believe the gossip about you, but real friends know better and stand up for you.
51 ཁྱེད་ལ་དཀྲོག་གཏམ་བཟོས་པར་གྲོགས་པོ་བཅོས་མས་ཡིད་ཆེས་བྱེད་ལ། དོན་དམ་གྱི་གྲོགས་པོས་ལེགས་པར་ཤེས་ནས་ཁྱེད་ཀྱི་རྒྱབ་ཏུ་ལངས་ངེས།
52 Food tastes better when you eat it with your family.
52 ནང་མི་ཚོ་དང་ལྷན་དུ་ཟས་ལ་རོལ་སྐབས་ཀྱི་ཟས་ཀྱི་བྲོ་བ་ནི་ཧ་ཅང་ཆེ།
53 Slow progress is better than no progress. Stay positive and don’t give up.
53 མདུན་བསྐྱོད་མ་བྱས་པ་ལས་ག་ལེར་མདུན་བསྐྱོད་བྱས་པ་བཟང་། དེར་བརྟེན་ནམ་ཡང་སེམས་ཤུགས་མ་ཆགས་པར་རྒྱུན་འཁྱོངས་བྱོས།
54 Don’t love too soon. Don’t trust too fast. Don’t quit to early. Don’t expect too high. Don’t talk too much.
54 བརྩེ་བ་སྤྲོད་རྒྱུ་མགྱོགས་མ་དྲགས། ཡིད་ཆེས་བྱེད་རྒྱུ་སླ་མ་དྲགས། བློས་གཏོང་བྱེད་རྒྱུ་སྔ་མ་དྲགས། རེ་བ་བཅིངས་པ་མཐོ་མ་དྲགས། སྐད་ཆ་བཤད་རྒྱུ་མང་མ་དྲགས།
55 My life isn’t perfect but I am thankful for everything I have.
55 ངའི་མི་ཚེ་ནི་ཕུན་སུམ་ཚོགས་པ་ཞིག་མིན། འོན་ཀྱང་ང་ལ་གང་ཡོད་པ་དག་ང་ལ་བཀའ་དྲིན་ཆེན་པོ་ཡིན།
56 I learned to give not because I have much, but because I know exactly how it feel to have nothing.
56 ངས་སྦྱིན་པ་གཏོང་རྒྱུ་སྦྱངས་པ་ཡིན། དེ་ནི་ང་ལ་མང་དྲགས་པས་མ་རེད། འོན་ཀྱང་ངས་གང་ཡང་མེད་པའི་སྐབས་ལ་མྱོང་ཚོར་ཅི་ཞིག་ཡོད་ཤེས་པས་ཡིན།
57 The ones who love you will never leave you. Even if there are hundred reasons to give up, they will find one reason to hold on.
57 ཁྱེད་ལ་དགའ་བའི་མི་དེ་ནམ་ཡང་ཁྱེད་དང་ཁ་མི་བྲལ། གལ་སྲིད་ཁྱེད་དང་བྲལ་དགོས་པའི་རྒྱུ་མཚན་བརྒྱ་ཡོད་ཅིང་། ཁོང་ཚོས་རྒྱུ་མཚན་གཅིག་ལ་བརྟེན་ནས་ཁྱེད་ཉིད་གཏོང་མི་སྲིད།
58 Weak people Revenge. Strong people Forgive. Intelligent people Ignore.
58 སེམས་རྒྱ་ཆུང་བའི་འཁོན་འཛིན་བྱེད་ལ། སེམས་རྒྱ་ཆེ་བའི་མི་ཚོས་བཟོད་སྒོམ་བྱེད། ཤེས་རབ་ཅན་ཚོས་སྣང་མེད་དུ་འཇོག་པ་དེའོ།།
59 Find someone who is proud to have you, scared to lose you, fight for you. Appreciates you, respect you, care you, loves you unconditionally.
59 ཁྱེད་རང་ཡོད་པས་སྤོབས་པ་བྱེད་མཁན་ཞིག་དང་། ཁྱེད་རང་མེད་ན་རྔམ་སྐྲག་ཡོད་མཁན་ཞིག ཁྱེད་རང་གི་སླད་དུ་འཁྲུག་རྩོད་བྱེད་མཁན་ཞིག ཁྱེད་ལ་བསྟོད་བསྔགས་བྱེད་མཁན་ཞིགཁྱེད་ལ་གུས་ཞབས་ཡོད་མཁན་ཞིག ཁྱེད་ལ་བདག་སྐྱོང་བྱེད་མཁན་ཞིག་དང་ཆ་རྐྱེན་གང་ཡང་མེད་པར་བརྩེ་བ་བཅང་མཁན་ཞིག་རྙེད་པར་གྱིས།
60 Never judge people by their past. People learn. People change. People move on.
60 མི་རྣམས་ལ་སློབ་སྦྱོང་དང་འགྱུར་ལྡོག ཡར་རྒྱས་གོང་འཕེལ་དུ་འགྲོ་རྒྱུ་ཡོད་པས། ནམ་ཡང་མི་དེའི་འདས་པའི་བརྒྱུད་རིམ་ལ་བལྟས་ནས་ཁ་ཚོན་གཅོད་མི་ཐུབ།
61 Waiting is better than forcing things to happen.
61 བྱ་བ་ཞིག་བཙན་གྱིས་བསྒྲུབ་པ་ལས་རེ་སྒུག་བྱས་པ་བཟང་།
62 Be careful what you tell people. A friend today could be an enemy tomorrow.
62 ཁྱེད་ཀྱིས་གཞན་ལ་སྐད་ཆ་བཤད་སྐབས་ཡིད་གཟབ་བྱེད་དགོས། རྒྱུ་མཚན་དེ་རིང་གི་གྲོགས་པོ་སང་ཉིན་དགྲ་བོར་འགྱུར་སྲིད་པས་སོ།།
63 The reason why daughters love their Dad the most is that there is at least one man is this world who will never hurt her.
63 ཨ་ཕ་ལ་རང་གི་བུ་མོ་ཆེས་དགའ་བའི་རྒྱུ་མཚན། ཨ་ཕ་ནི་འཇིག་རྟེན་སྟེང་རང་ཉིད་ལ་གནོད་འཚེ་ཏིལ་ཙམ་མི་བྱེད་པའི་སྐྱེས་ཕོ་རབ་ཉག་གཅིག་དེ་ཡིན་པས་སོ།།
64 Don’t compare yourself to others. There’s no comparison to the sun and the moon. They shine when it’s their time.
64 འོད་ཟེར་ཤར་བའི་དུས་སྐབས་སོ་སོར་ཡོད་པས། ཉི་མ་དང་ཟླ་བ་ནམ་ཡང་བསྡུར་དུ་མེད། དེ་བཞིན་རང་ཉིད་ཀྱང་གཞན་ལ་བསྡུར་མི་བྱ།
65 You never know what someone is going through. Be kind. Always.
65 མི་ཚིའི་ནང་ཅི་ཞིག་འབྱུང་མིན་མི་ཤེས་པས། རྟག་ཏུ་བསམ་པ་བཟང་པོ་བྱོས།
2020/ 1 / 7 བློ་བཟང་རིན་ཆེན་གྱིས་བསྒྱུར་ཁུལ་བྱས།
མཆན། ཕྱི་ལོ་གཉིས་སྟོང་ཉི་ཤུ་རྩ་གཅིག་གི་ཟླ་བ་དང་པོའི་ཚེས་དང་པོ་ནས་བཟུང་། ཁོ་བོས་དྲ་ལམ་གྱི་ལེགས་བཤད་ཐུང་ངུ་གོ་སླ་བ་དག་བོད་ཡིག་ཏུ་བསྒྱུར་བའི་འཆར་གཞི་བཏང་བ་ཡིན། ངའི་རེ་བ་ཡིན་ན་མ་མཐའ་ཉིན་རེེར་ལེགས་བཤད་ཚན་པ་རེ་བོད་ཡིག་ཏུ་བསྒྱུར་དགོས་སྙམ་ཡོད། འོན་ཀྱང་ཁོ་བོ་ནི་ཆུང་ཆུང་སྐབས་སུ་དབྱིན་ཡིག་སྦྱོང་བའི་གོ་སྐབས་མ་རག་པར། ལོ་ན་སོན་པའི་སྐབས་སུ་གཞི་ནས་དབྱིན་ཡིག་བཙན་སྦྱོང་བྱས་པའི་ལས་དང་པོ་བ་ཞིག་ཡིན། དེ་ལྟར་ན་ད་ལྟ་ལྷག་བསམ་རྣམ་པར་དག་པའི་དགེ་རྒན་རྣམས་དང་། མཛའ་བརྩེ་ཟབ་པའི་གྲོགས་པོ་རྣམས་ཀྱི་རོགས་རམ་དང་ལམ་སྟོན་ཧ་ཅང་མཁོ་བས། ཁོ་བོས་བསྒྱུར་ཁུལ་བྱས་པའི་ལེགས་བཤད་དག་ལ་ནོར་བ་ཡོ་བསྲང་དང་ལམ་སྟོན་གང་མང་ཞིག་གནང་བའི་རེ་བ་ཧ་ཅང་ལྕི།