བློ་བཟང་རིན་ཆེན་གྱིས་བསྒྱུར།
60 Never judge people by their past. People learn. People change. People move on.
60 མི་རྣམས་ལ་སློབ་སྦྱོང་དང་འགྱུར་ལྡོག ཡར་རྒྱས་གོང་འཕེལ་དུ་འགྲོ་རྒྱུ་ཡོད་པས། ནམ་ཡང་མི་དེའི་འདས་པའི་བརྒྱུད་རིམ་ལ་བལྟས་ནས་ཁ་ཚོན་གཅོད་མི་ཐུབ།
61 Waiting is better than forcing things to happen.
61 བྱ་བ་ཞིག་བཙན་གྱིས་བསྒྲུབ་པ་ལས་རེ་སྒུག་བྱས་པ་བཟང་།
62 Be careful what you tell people. A friend today could be an enemy tomorrow.
62 ཁྱེད་ཀྱིས་གཞན་ལ་སྐད་ཆ་བཤད་སྐབས་ཡིད་གཟབ་བྱེད་དགོས། རྒྱུ་མཚན་དེ་རིང་གི་གྲོགས་པོ་སང་ཉིན་དགྲ་བོར་འགྱུར་སྲིད་པས་སོ།།
63 The reason why daughters love their Dad the most is that there is at least one man is this world who will never hurt her.
63 ཨ་ཕ་ལ་རང་གི་བུ་མོ་ཆེས་དགའ་བའི་རྒྱུ་མཚན། ཨ་ཕ་ནི་འཇིག་རྟེན་སྟེང་རང་ཉིད་ལ་གནོད་འཚེ་ཏིལ་ཙམ་མི་བྱེད་པའི་སྐྱེས་ཕོ་རབ་ཉག་གཅིག་དེ་ཡིན་པས་སོ།།
64 Don’t compare yourself to others. There’s no comparison to the sun and the moon. They shine when it’s their time.
64 འོད་ཟེར་ཤར་བའི་དུས་སྐབས་སོ་སོར་ཡོད་པས། ཉི་མ་དང་ཟླ་བ་ནམ་ཡང་བསྡུར་དུ་མེད། དེ་བཞིན་རང་ཉིད་ཀྱང་གཞན་ལ་བསྡུར་མི་བྱ།
65 You never know what someone is going through. Be kind. Always.
65 མི་ཚིའི་ནང་ཅི་ཞིག་འབྱུང་མིན་མི་ཤེས་པས། རྟག་ཏུ་བསམ་པ་བཟང་པོ་བྱོས།
66 Don’t depend too much on anyone in this world. Even your shadow leaves you when you’re in darkness.
66 ཁྱོད་རང་མུན་ནག་ཁྲོད་ན་ཡོད་དུས་ཐ་ན་རང་གི་གྲིབ་གཟུགས་ཀྱང་རང་ཉིད་དང་བྲལ་འགྲོ་ན། འཇིག་རྟེན་འདི་ནས་གཞན་ལ་རྟེན་པ་ཐལ་ཆེ་རུ་མ་འཇུག
67 Do everything with a good heart and expect nothing in return, you will never be disappointed.
67 ཁྱེད་ཀྱིས་བྱ་བ་གང་སྒྲུབ་ཐམས་ཅད། རང་ཉིད་ལ་གང་ཞིག་འབྱུང་བའི་རེ་བ་མ་བྱས་པར་ལྷག་བསམ་རྣམ་དག་བྱས་ན། ཁྱེད་ལ་ནམ་ཡང་བློ་ཕམ་འབྱུང་མི་སྲིད།
68 Mothers hold our little hands for just a short while, but our hearts forever.
68 ང་ཚོའི་ལག་པ་ཆུང་ཆུང་དེ་ཨ་མ་རྣམས་ཀྱིས་དུས་ཡུན་ཐུང་ངུ་ཞིག་ལས་མི་འཛིན། འོན་ཀྱང་ང་ཚོའི་སེམས་པ་དུས་རྟག་ཏུ་ཁོང་ཚོས་བཟུང་ཡོད།
69 No one has the right to judge you, because no one really knows what you have been through. They might have heard the stories, but they didn’t feel what you felt in your
69 སུ་ལའང་ཁྱེད་རང་ག་འདྲ་ཡིན་མིན་ཐག་གཅོད་བྱེད་པའི་དབང་ཆ་མེད། རྒྱུ་མཚན་མི་སུ་གཅིག་གིས་ཀྱང་ཁྱེད་ཀྱི་བརྒྱུད་རིམ་་རྟོགས་མེད་པས་སོ།། ཁོང་ཚོས་ཁྱེད་ཀྱི་ལོ་རྒྱུས་ཐོས་ཡོད་སྲིད། འོན་ཀྱང་ཁོང་ཚོས་ཁྱེད་ཀྱི་ནང་སེམས་ཀྱི་ཚོར་འདུ་རྟོགས་མེད།
70 Before you judge me, make sure you’re perfect. If you’re not, then SHUT UP.
70 ཁྱེད་ཀྱིས་ང་ལ་ཁ་ཚོན་མ་བཅད་པའི་སྔོན་དུ་རང་ཉིད་ཕུན་སུམ་ཚོགས་ཤིག་ཡིན་པའི་འགན་ལེན་བྱོས། གལ་སྲིད་རང་ཉིད་ཕུན་སུམ་ཚོགས་པ་ཞིག་མིན་ཚེ་ཁ་བཙུམ་རོགས།
མཆན། • ཕྱི་ལོ་གཉིས་སྟོང་ཉི་ཤུ་རྩ་གཅིག་གི་ཟླ་བ་དང་པོའི་ཚེས་དང་པོ་ནས་བཟུང་། ཁོ་བོས་དྲ་ལམ་གྱི་ལེགས་བཤད་ཐུང་ངུ་གོ་སླ་བ་དག་བོད་ཡིག་ཏུ་བསྒྱུར་བའི་འཆར་གཞི་བཏང་བ་ཡིན། ངའི་རེ་བ་ཡིན་ན་མ་མཐའ་ཉིན་རེེར་ལེགས་བཤད་ཚན་པ་རེ་བོད་ཡིག་ཏུ་བསྒྱུར་དགོས་སྙམ་ཡོད། འོན་ཀྱང་ཁོ་བོ་ནི་ཆུང་ཆུང་སྐབས་སུ་དབྱིན་ཡིག་སྦྱོང་བའི་གོ་སྐབས་མ་རག་པར། ལོ་ན་སོན་པའི་སྐབས་སུ་གཞི་ནས་དབྱིན་ཡིག་བཙན་སྦྱོང་བྱས་པའི་ལས་དང་པོ་བ་ཞིག་ཡིན། དེ་ལྟར་ན་ད་ལྟ་ལྷག་བསམ་རྣམ་པར་དག་པའི་དགེ་རྒན་རྣམས་དང་། མཛའ་བརྩེ་ཟབ་པའི་གྲོགས་པོ་རྣམས་ཀྱི་རོགས་རམ་དང་ལམ་སྟོན་ཧ་ཅང་མཁོ་བས། ཁོ་བོས་བསྒྱུར་ཁུལ་བྱས་པའི་ལེགས་བཤད་དག་ལ་ནོར་བ་ཡོ་བསྲང་དང་ལམ་སྟོན་གང་མང་ཞིག་གནང་བའི་རེ་བ་ཧ་ཅང་ལྕི།