བློ་བཟང་རིན་ཆེན་གྱིས་བསྒྱུར།
71 Forgive others, not because they deserve forgiveness, but because you deserve peace.
71 གཞན་ལ་བཟོད་སྒོམ་བྱེད་པ་ནི་ཁོ་ཚོར་འོས་ཤིང་འཚམས་པས་མིན་པར། རང་ཉིད་ལ་ཞི་བདེ་འོས་ཤིང་འཚམས་པས་ཡིན།
72 Mother is a Blessing that no one can replace.
72 ཨ་མ་ནི་མི་སུས་ཀྱང་འཚབ་བྱེད་མི་ཐུབའི་བྱིན་རླབས་ཤིག་ཡིན།
73 You are responsible for your own happiness. If you expect others to make you happy, you will always be disappointed.
73 རང་ཉིད་ལ་རང་ཉིད་ཀྱི་བདེ་སྐྱིད་སྒྲུབ་པའི་ལས་འགན་ཡོད། གལ་སྲིད་ཁྱེད་ཀྱི་བདེ་སྐྱིད་གཞན་ལས་འབྱུང་བར་རེ་བ་བྱས་ན། ནམ་རྒྱུན་ཁྱེད་ལ་བློ་ཕམ་འབྱུང་ངེས།
74 When no one believes in you, there will be your Mom still supporting you.
74 སུས་ཀྱང་ཁྱེད་ལ་ཡིད་ཆེས་མི་བྱེད་པའི་སྐབས། ཁྱེད་ཀྱི་ཨ་མས་སྔར་བཞིན་ཁྱེད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།
75 Fake people gossip about everyone else. Real people mind their own business.
75 མི་ངན་པས་གཞན་གྱི་སྐོར་ལ་འཆལ་གཏམ་སྨྲ་ནས་སྡོད། དོན་དམ་གྱི་མིས་རང་གི་ལས་འགན་སྒྲུབ།
76 Parents They did not leave you when you were young. So, don’t leave them when they are old.
76 ཁྱེད་རང་ལོ་ན་ཆུང་བའི་སྐབས་ཕ་མ་རྣམས་ཀྱིས་ཁྱེད་རང་བསྐྱུར་མེད། དེར་བརྟེན་ཁོང་ཚོ་ལོ་ན་མཐོ་བའི་སྐབས་བསྐྱུར་མ་འགྲོ།
77 If you want a long term relationship, follow one simple rule: Never lie!
77 གལ་སྲིད་ཁྱེད་ཀྱིས་འབྲེལ་ལམ་ཞིག་རྒྱུན་རིང་པོར་གནས་པར་འདོད་ཚེ། ནམ་ཡང་རྫུན་མི་སྨྲ་བའི་སྟབས་བདེའི་སྒྲིག་གཞི་དེ་སྲུང་རོགས།
78 A mother’s dream is to see her children grow to be happy and successful.
78 ཨ་མ་ཞིག་གི་དམིགས་ཡུལ་ནི་རང་གི་བུ་ཕྲུག་རྣམས་བདེ་སྐྱིད་ངང་འཚར་ལོངས་བྱུང་རྒྱུ་དང་མི་ཚེ་དོན་སྙིང་ལྡན་པ་ཡོང་བ་མཐོང་རྒྱུ་དེ་ཡིན།
79 Sitting alone and enjoying your own company is better than being surrounded by fake people.
78 གྲོགས་ངན་གྱིས་མཐའ་བསྐོར་ནས་སྡོད་པ་ལས་རང་ཉིད་གཅིག་བུར་བསྡད་ནས་རང་ཉིད་སྒེར་གྱི་ཁེ་ལས་ལོངས་སུ་སྤྱོད་པ་ལེགས།
80 Spending time with children is more important than spending money on children.
80 ཕྲུ་གུ་ཚོར་སྒོར་མོ་སྦྱིན་པ་ལས་ཁོང་ཚོའི་སླད་དུ་དུས་ཚོད་བཏང་ནས་མཉམ་དུ་སྡོད་པ་གལ་ཆེ།
80 ཕྲུ་གུ་ཚོར་ཚོའི་ཆེད་དུ་སྒོར་མོ་གཏོང་བ་ལས་ཁོང་ཚོ་དང་མཉམ་དུ་དུས་ཚོད་བཏོང་རྒྱུ་དེ་གལ་ཆེ།
2021/1/24 བློ་བཟང་རིན་ཆེན་གྱིས་བསྒྱུར།
མཆན། • ཕྱི་ལོ་གཉིས་སྟོང་ཉི་ཤུ་རྩ་གཅིག་གི་ཟླ་བ་དང་པོའི་ཚེས་དང་པོ་ནས་བཟུང་། ཁོ་བོས་དྲ་ལམ་གྱི་ལེགས་བཤད་ཐུང་ངུ་གོ་སླ་བ་དག་བོད་ཡིག་ཏུ་བསྒྱུར་བའི་འཆར་གཞི་བཏང་བ་ཡིན།ངའི་རེ་བ་ཡིན་ན་མ་མཐའ་ཉིན་རེེར་ལེགས་བཤད་ཚན་པ་རེ་བོད་ཡིག་ཏུ་བསྒྱུར་དགོས་སྙམ་ཡོད། འོན་ཀྱང་ཁོ་བོ་ནི་ཆུང་ཆུང་སྐབས་སུ་དབྱིན་ཡིག་སྦྱོང་བའི་གོ་སྐབས་མ་རག་པར། ལོ་ན་སོན་པའི་སྐབས་སུ་གཞི་ནས་དབྱིན་ཡིག་བཙན་སྦྱོང་བྱས་པའི་ལས་དང་པོ་བ་ཞིག་ཡིན། དེ་ལྟར་ན་ད་ལྟ་ལྷག་བསམ་རྣམ་པར་དག་པའི་དགེ་རྒན་རྣམས་དང་། མཛའ་བརྩེ་ཟབ་པའི་གྲོགས་པོ་རྣམས་ཀྱི་རོགས་རམ་དང་ལམ་སྟོན་ཧ་ཅང་མཁོ་བས། ཁོ་བོས་བསྒྱུར་ཁུལ་བྱས་པའི་ལེགས་བཤད་དག་ལ་ནོར་བ་ཡོ་བསྲང་དང་ལམ་སྟོན་གང་མང་ཞིག་གནང་བའི་རེ་བ་ཧ་ཅང་ལྕི།
དཔེ་ཡག་པོ་འདུག མུ་མཐུད་ནས་ཤུགས་རྒྱག་གནང་རོགས་ཞུ་བ་ཡིན།
ལགས་སོ།། ཚིག་སྦྱོར་དང་གང་ཐད་ནས་ལམ་སྟོན་ཡོད་ན་ཧ་ཅང་ལེགས།
72 Mother is a Blessing that no one can replace.
72 ཨ་མ་ནི་མི་སུ་ཞིག་གིས་ཀྱང་འཚབ་བྱེད་མི་ཐུབ་པའི་བྱིན་རླབས་ཤིག་ཡིན།
73 You are responsible for your own happiness. If you expect others to make you happy, you will always be disappointed.
73 རང་ཉིད་ཀྱི་བདེ་སྐྱིད་སྒྲུབ་པའི་ལས་འགན་ནི་རང་ཉིད་ལ་ཡོད། གལ་སྲིད་མི་གཞན་ཞིག་གི་ཁྱེད་ཀྱི་བདེ་སྐྱིད་སྐྲུན་རྒྱུར་རེ་བ་བྱས་ན། རྟག་ཏུ་ཁྱེད་ལ་བློ་ཕམ་འབྱུང་ངེས་ཡིན།
ཡང་ན།
བདག་ཉིད་བདག་གི་བདེ་སྐྱིད་སྐྲུན་པའི་མགོན་ཡིན་ནོ། གལ་ཏེ་གཞན་གྱིས་རང་གི་བདེ་སྐྱིད་སྐྲུན་རྒྱུ་ཡི། ཡོངས་སུ་རེ་ལྟོས་ངང་སྒུག་བྱེད་ནས་སྡོད་པ་ནི། རྟག་ཏུ་རང་སྡུག་རང་གི་ཉོ་བའི་རྒྱུ་ཡིན་ནོ།
ཁྱེད་ཀྱི་ཡིག་སྒྱུར་ཡག་པོ་གནང་འདུག་