བློ་གྲོས་རབ་བརྟན།
ང་ལ་མཚོན་ན་དྲན་ཡུལ་ན་མེད་པ་ཞིག་ལ། ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་པ་དེ་རེད། གང་ཅིའི་ཐད་ནས་བསམ་བློ་བཏང་ནའང་། དེ་ནི་བློ་ལ་གཤོང་དཀའ་བ་མ་ཟད། དོན་དངོས་ལ་གཞིགས་ནའང་ཧ་ཅང་གི་མ་འཚམས་པ་དང་། མ་འོས་པའི་གནས་ཚུལ་ཐབས་སྡུག་ཅིག་སྟེ། སྲིད་སྐྱོང་གི་རིན་ཐང་ཆུ་ལ་གཡུག་པ་དེ་རེད།
ཨ་རིའི་མི་ལ་འོས་འདེམས་སྐབས་སུ། ཤོད་སྲོལ་འདི་འདྲ་ཞིག་འདུག་སྟེ། མི་དེ་ཡག་བཙོག་ག་འདྲ་ཡིན་མིན་མི་དེ་བསྡོད་སའི་མིས་ཧ་གོ་གི་རེད། ས་དེའི་མི་ཡིས་ཁོ་ལ་རྒྱབ་སྐྱོར་ཐོབ་ན། ང་ཚོས་ཀྱང་རྒྱབ་སྐྱོར་བྱེད་འོས་ལ། གལ་ཏེ་རྒྱབ་སྐྱོར་བྱེད་ཀྱི་མེད་ན། ཅིག་མ་འགྲིག་པ་རེད། ང་ཚོས་ཀྱང་རྒྱབ་སྐྱོར་བྱེད་མི་འོས་ཟེར།
ཀླུ་བྱམས་ཨ་མདོ་བ་རེད། ཀླུ་བྱམས་ལ་རྒྱུས་མངའ་ཆེ་ཤོས་ཨ་མདོ་བ་ལ་ཡོད། ཨ་མདོ་བ་ག་ཚོད་ཀྱིས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག མང་ན་རྒྱབ་སྐྱོར་བྱེད་མཁན་མི་བརྒྱ་ཡོད་འགྲོ། དངོས་གནས་བྱས་ན། ཨ་མདོར་ས་སྐྱེས་རྡོ་སྐྱེས་ཤིག་སྲིད་སྐྱོང་ལ་ལངས་ན། ཨ་མདོ་བ་ཚོ་དགའ་འོས་པའི་དོན་ཆེན་ཞིག་རེད། འོན་ཀྱང་དེ་ལས་ལྡོག་སྟེ། ཀླུ་བྱམས་མདོ་སྨད་ཀྱི་སྤྱི་འཐུས་ལ་ལངས་ནའང་འོས་ཐོབ་མེད་ལ། མདོ་སྨད་དབུས་ས་གཉིས་ནས་ཀླུ་བྱམས་ཐད་གསལ་བསྒྲགས་ཐེངས་གཉིས་སྤེལ་འདུག གསལ་བསྒྲགས་དེ་ལྟར་སྤེལ་དགོས་དོན་ཡང་། གོང་ས་མཆོག་ལ་ཟུར་ཟ་དང་བོད་གཞུང་ལ་དོན་ལ་མི་གནས་པའི་དམའ་འབེབས་རིམ་བསྟུན་བྱས་པ་ལས་བྱུང་འདུག
བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ། བོད་ནས་ཕེབས་པའི་ཨ་མདོ་བ་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་དང་། ཁྲིམས་ཞིབ་ཁང་གི་དྲུང་ཡིག་ཆེན་མོ་བཀྲ་ཤིས་རྒྱ་མཚོ། ཤེས་རིག་ལྷན་ཁང་གི་སློབ་དེབ་རྩོམ་སྒྲིག་ཚན་པའི་འགན་འཛིན་བཀྲ་ཤིས་དོན་གྲུབ་སོགས་ཆེ་མཐོང་ཡོད་པའི་མི་སྣ་སྐོར་ཞིག་ཡོད་ལ། ཀླུ་བྱམས་ལ་མཚོན་ནའང་། བོད་གཞུང་གིས་དམིགས་བསལ་གྱིས་བདེ་སྲུང་བོད་གནས་ཉམས་ཞིབ་ཏུ་ལས་ཀ་སྤྲད་ཀྱང་། དུས་ཡུན་རིང་བོར་མ་སོང་བར་ལས་ཀ་དེ་བསྐྱུར་དགོས་བྱུང་འདུག
མི་སུ་ཞིག་ཡིན་ནའང་གཞུང་སྒེར་གང་གི་ཚོགས་ཁོངས་སུ་ཞུགས་ནའང་། དེ་ཡི་སྒྲིག་གཞི་དང་འགྲོ་ལུགས་འགྲོ་སྟངས་དང་ལེན་བྱེད་དགོས་པ་སྤྱིའི་འགྲོ་སྟངས་རེད། ཀླུ་བྱམས་འགྲོ་ལུགས་འགྲོ་སྟངས་དེར་འགྲོ་མ་ཤེས་པར་སྒྲིག་ཁྲིམས་དང་འགལ་ཏེ། མཐར་ལས་ཁུངས་ནས་མུ་མཐུད་དུ་སྒྲིག་འགལ་བྱེད་རྒྱུ་ཡིན་ན་ནི་ཡོང་གི་མ་རེད། རྩ་དགོངས་ཞུ་དགོས་པ་རེད། ཡང་ན་ནི་ད་ནས་བཟུང་སྒྲིག་འགལ་བྱེད་ཀྱི་མིན་ཞེས་ཁས་ལེན་གནང་ན་ནི། མུ་མཐུད་དུ་ལས་ཀ་བྱེད་ཆོག་གི་རེད་ཅེས་གདམས་ཀ་སྤྲད་དུས། ད་ངས་ཡོང་ས་མ་རེད། ངས་རང་དབང་གི་རྩོམ་པ་པོ་ཞིག་བྱེད་རྒྱུ་ཡིན་ལབ་ནས་ཐོན་པ་རེད།
ཀླུ་བྱམས་བོད་ཡིག་དང་རྒྱ་ཡིག་གཉིས་ལ་རང་རྐྱ་མི་འཕེར་ཞིང་། དབྱིན་ཡིག་ནི་དེ་བས་ཀྱང་མི་ཤེས། རང་དབང་གི་རྩོམ་པ་པོ་ཡིན་ལབ་ཀྱི་ཡོད་ཀྱང་། ཁོངས་འཕེར་ཡིག་ཆ་མང་པོ་གོང་བསྒྲིགས་ཏེ། གནད་དོན་ལ་དབྱེ་ཞིབ་བྱས་པའི་ཆེད་རྩོམ་ཞིག་ཕར་ཟད། ཐ་ན་བསམ་གཞིག་ནན་མོ་བྱས་ཏེ་ཞིབ་འབྲི་བྱས་པའི་རྩོམ་ཡིག་ཅིག་ཀྱང་མེད། ཡིག་སྐྱོན། ཚིག་སྐྱོན། དོན་སྐྱོན་གྱིས་ཡོངས་སུ་བཀང་ཞིང་། དངོས་ཡོད་ཅིག་འབྲི་བཞིན་འདུག་བསམ་ན། ཡང་ལྷ་སྒྲུང་ཞིག་འབྲི་བཞིན་ཡོད་པའི་ཟོལ་འདྲ་བོ། དེ་མིན་རང་གི་བསམ་ཚུལ་འབྲི་བཞིན་འདུག་བསམ་ན། ཡང་གཞུང་ལུགས་ཀྱི་ཚིག་ཆེན་པོ་འགའ་བསྲེ་བསྲེ་གཏོང་ཡོང་གི་རེད། རྩོམ་ཡིག་འགའ་ཡོད་པ་དེ་གང་གི་ཁོངས་སུ་འང་མི་འགྲོ་བའི་ར་མ་ལུག་ཟེར་བའི་གཏམ་དཔེ་རང་རེད།
ཁོའི་རྩོམ་གྱི་ནང་དོན་ཀྱི་ཆ་ནས་གོང་ས་མཆོག་ཟུར་ཟ་དང་གནད་ཡོད་མི་སྣར་དམའ་འབེབས། སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་། དབུ་འོག་དཔུང་འདེགས་ལ་གཏོར་བཤིག མི་དང་མིའི་བར་ལ་དོགས་་མང་པོ་ལངས་བཅུག་སྟེ། ཕན་ཚུན་ཡིད་ཆེད་དང་གཅིག་ཕན་གཅིག་གྲོགས་ཀྱི་གོམས་གཤིས་བཟང་པོ་ཁག་ལ་གས་ཆག་བཟོ་བྱེད་ཀྱི་རྙོག་རྩོམ་ཤ་སྟག་ལས། བློ་སྒོ་གསར་འབྱེད་ཀྱི་ནུས་པ་ཞིག་ཕར་བཞག་ཤོག འདི་ཕྲན་བུ་འབྲི་ཐབས་མ་འདྲ་ཞིག་སྤྱད་ནས་བྲིས་འདུག་བསམ་པའི་རྩོམ་ཐུང་ཞིག་ཀྱང་ཡེ་ནས་མེད།
ད་ལོའི་སྲིད་སྐྱོང་འོས་འདེམས་དེ་སྔོན་པ་བསྡུར་ན། བརྡབ་གཅིག་མར་ཟགས་སོང་། མ་མཐའ་ཡང་སྲིད་སྐྱོང་འོས་མིར་ལངས་མཁན་ཚོར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཞིག་ངེས་པར་དུ་དགོས་ལ། དེ་ནི་སྲིད་སྐྱོང་ལ་ལང་ཆོག་པའི་ཆ་རྐྱེན་གྲས་སུ་ངེས་པར་དུ་ཡོད་དགོས་པ་ཞིག་རེད། དེ་ལྟར་མ་བྱུང་ན། བྱང་ཐང་གི་འུར་ཆ་ཐོགས་པའི་ལུག་རྫི་ནས། ལག་འཁྱེར་སྣ་གཅིག་མེད་པའི་ཀླུ་བྱམས་ལྟ་བུ་ཁ་ཚུར་འཕྱར་ཏེ་ལངས་ཡོང་ན། ང་ཚོའི་སྲིད་སྐྱོང་གི་རིན་ཐང་རྦད་དེ་མར་ཟགས་འགྲོ་བཞིན་འདུག
ཀླུ་བྱམས་ཀྱིས་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་བཤད་ན། ཞེས་རྒྱ་ཆེན་པོ་ཞིག་ཤེས་ཡོད་མདོག་མདོག་གིས། གོང་ས་མཆོག་གཙོས་ད་ལྟའི་ཡོད་ཚད་ལ་ཁ་གཏོང་བཞིན་པ་དག་གིས། གནའ་དེང་ཤེས་ཡོན་ལ་གོ་རྟོགས་དམའ་ཞིང་། དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་མེད་པའི་གཞོན་སྐྱེས་འུར་ཚ་བོ་སྐོར་ཞིག་ལ་མགོ་སྐོར་གཏོང་ཐུབ་ཀྱང་། རྒྱ་དམར་གཞུང་གི་དམངས་གཙོའི་བཅོས་བསྒྱུར་དང་། རིག་གནས་གསར་བརྗེའི་སྐབས་སུ་བོད་སྡེ་བ་གཞུང་དང་ཆོས་ལུགས་མི་སྣར་སྐྱོན་བརྗོད་བྱེད་པའི་སྐད་ཆ་ལ་ཕྲན་བུ་རྒྱུས་ཡོད་ན། ཀླུ་བྱམས་ཀྱི་སྐད་ཆ་དང་དེ་དག་བར་ན་ཁྱད་པར་ཅི་ཞིག་འདུག
རང་ཉིད་ལ་ཤེས་འཇོན་ཡོད་པ་རྩོམ་པ་པོ་འཇམ་ནོར་དང་། བསྟན་རྡོར། བསྟན་འཛིན་བསོད་ནམས་འབོད་པ་ཚོ་སྲིད་སྐྱོང་ལ་མ་ལངས་པར། ལངས་མི་དགོས་པ་ཀླུ་བྱམས་ཁོང་ཚོས་དབྱུག་པས་འདེད་དེ་མདུན་ལ་བརྫིངས་སོང་། ད་དུང་མིའི་མདུན་དུ་འདྲ་འབག་གཞན་ཞིག་གྱོན་ཏེ། ཁོང་ཚོ་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་མདོག་མདོག་གིས་དབྱིན་ཡིག་གི་རྩོམ་ཡིག་འགའ་ཡང་བྲིས་སོང་།
གསལ་བོ་ཤེས་དགོས་པ་ཞིག་ལ། ཀླུ་བྱམས་དང་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་བར་མཐུན་ས་ཞིག་ཡོད་པ་དེ། ཁ་ལ་རང་བཙན་བཟུང་ནས་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་རེད། གཞན་ཀླུ་བྱམས་ཁོ་རང་ལ་མཚོན་ན་ངེས་པར་དུ་འོས་འཐོབ་དགོས་ལ། ཁོའི་རྒྱབ་སྐྱོར་བ་ཚོར་མཚོན་ན་ངེས་པར་དུ་ཀླུ་བྱམས་ལ་འོས་འཐོབ་མི་དགོས་ལ། འོས་བསྡུའི་གོོ་སྐབས་འདིའི་བརྒྱུད་ནས་ཀླུ་བྱམས་ཀྱིས་ཁོང་ཚོའི་འདོད་འདུན་དག་བཤད་ཐུབ་སོང་ན་འགྲིག་བསྡད་ཡོད།
ལར་ནས་ངས་ཀླུ་བྱམས་སྒེར་ལ་ཅི་ཡང་འབྲི་འདོད་མེད་ཀྱང་། ཁོ་རང་གིས་རང་བཙན་བཤད་དེ་འགྲོ་བསྡད་པ་ཡིན་ན་འགྲིག་འདུག་མོད། འོན་ཏེ་ཀླུ་བྱམས་རྦད་དེ་ཚད་ལས་བརྒལ་སོང་བས། རྩོམ་ཡིག་འདི་འང་དགུ་བཅུ་གསུམ་འོག་གི་ཟ་ཁང་དེ་ནས་འཐེན་ཐུག་ཕོར་གང་གི་དོད་དུ་བསྲིངས་པ་དགེའོ།།
འཐེན་ཐུག་ཕོར་བ་གང་དེ་གཡག་ཞྭ་རའི་རྩྭ་ཟ་ནང་བཞིན་འཐུང་འགུ་ལེ། ཧཧཧཧཧ་་་་་བྲོ་བ་གང་ཡང་མྱོང་མེད་པ་འདྲ། ངོ་མ་ཁག་མེད།
རྒྱ་ཤར་པའི་འཐེན་ཐུག་འཐུང་མཁན་ཞིག་ལ་རྒྱ་གཤིས་མ་གཏོགས་ག་རེ་ཡོད། ཀླུ་བྱམས་ཀྱི་རྩོམ་ཡིག་དེ་དག་གིས་བཙན་བྱོལ་སྤྱི་ཚོགས་གཡོལ་གཡོལ་བྱེད་བཞིན་ཡོད་པར་འདྲ། རྩོམ་བྲིས་ན་དེ་འདྲ་འབྲི་དགོས་རེད། ཤུགས་རྐྱེན་ཅན་གྱི་རྩོམ་ཡིག་བྲིས་ན་རྩོམ་པ་པོ་ཚོད་ལྡན་རེད།
ཀླུ་བྱམས་ཀྱི་རྩོམ་ཡིག་དེ་དག་ཁ་བརྡའི་ཐོག་ཏུ་འདྲེན་བཀོད་བྱེད་ཕོད་ས་རེད་དམ། ཀླུ་བྱམས་ཀྱིས་བོད་དོན་འཐབ་རྩོད་ཀྱི་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་གསུངས་པའི་ཐོག་ཏུ་དགག་སྒྲུབ་བྱེད་ཕོད་མཁན་ད་ལྟའི་བར་དུ་བྱུང་མ་སོང་བ། དེ་ལས་ལྡོག་ཏེ་དད་པ་ལོག་སྤྱོད་བྱས་ནས་ཀླུ་བྱམས་ལ་དགག་པ་བརྒྱབ་ཀྱི་འདུག ཀླུ་བྱམས་ཀྱིས་ཁྱོད་ཚོ་ལ་དད་པ་ལོག་སྤྱོད་པ་རེད་ཅེས་གསུངས་པ་ལྟར་ཁྱོད་ཚོས་ལག་ལེན་གྱི་ཐོག་ནས་དད་པ་ལོག་སྤྱོད་བྱེད་བཞིན་འདུག དོན་གྱི་ཐོག་ནས་ཀླུ་བྱམས་ཀྱི་ངོ་རྒོལ་གཉིས་ལ་བདེན་དཔང་བྱེད་བཞིན་འདུག ཀླུ་བྱམས་འདིས་བསམ་བློ་བཏང་སྟངས་གནད་ལ་ཁེལ་འདུག་པས་བསམ་བློ་བ་ཞིག་ཡིན་དངོས་གནས་རེད།
བཙན་བྱོལ་བའི་ཤེས་ཡོན་ཅན་འཇམ་ནོར་དང་བསྟན་རྡོར། བསྟན་འཛིན་བསོད་ནམས་གསུམ་གྱིས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱས་འོང་དུས་ཀླུ་བྱམས་ལ་ལྕི་ཚོད་མི་འདྲ་བ་ཞིག་ཡོད་པའི་རྟགས་རེད། རྩ་བའི་ཆ་ནས་དྲ་རྒྱ་ཁག་ཏུ་བལྟས་པ་ཡིན་ན་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་ཆེ་བས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་བཞིན་འདུག འདི་ནི་དགའ་འོས་པའི་བྱ་བ་ཞིག་ཡིན།
བློ་རབ་ཀྱིས་ཀླུ་མཁར་བྱམས་ཀྱི་བསམ་བློའི་གཏིང་ཚད་ལ་འདོམས་ཚད་རྒྱབ་འདུག བདེན་པ་འདྲ་འདུག
བློ་བརྟན་ཉན་ཨ། 1༽ བཙན་བྱོལ་ནང་གི་ཨ་མདོ་བ་ཚོས་ཀླུ་མཁར་ངོས་འཛིན་གནང་སྟངས་ནི། སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་འདེམས་སྐབས་སུ་བཙན་བྱོལ་ཨ་མདོ་ཚང་གི་ཨ་ཡོད་ནང་གི་ད་ཡོད་པ་རྩེ་ཏོག་ནས་མ་རྩིས་པའི་མི་སྣ་བཅུ་གཅིག་པ་དེར་མང་མོས་ཐོབ་པ་རེད། 2༽ སྔ་ལོ་མདོ་སྨད་བར་མའི་སྔོན་འགྲོའི་འོས་སྡུས་སྐབས་སུ་མདོ་སྨད་ཚང་གི་རྩེ་ཏོག་མི་སྣ་གསུམ་པ་དེ་ཆག་པ་རེད། ད་དུང་ཡང་མདོ་སྨད་ཚང་གིས་ཀླུ་མཁར་རྒྱབ་སྐྱོར་བྱེད་མཁན་ཨ་མདོ་བ་བརྒྱ་ཡོད་འགྲོ་ཞེས་བཤད་སྟངས་ལ་གཞིགས་ན་ཀླུ་མཁར་སྐོར་རག་པ་ཙམ་ཤེས་རྟོགས་མེད་པའི་དད་པ་ལོག་སྤྱོད་པ་ཞིག་ཡིན་པ་འདྲ། 3༽ སྲིད་སྐྱོང་འོས་མིར་ལང་མཁན་ཚོར་མ་མཐར་ཡང་འཛིན་རིགས་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡོད་པ་ཞིག་ངེས་པར་དུ་དགོས། ཞེས་པར། བཙན་བྱོལ་བོད་མའི་འོས་སྡུའི་སྒྲིག་གཞི་ཟུར་ཙམ་ཡང་ཤེས་རྟོགས་མེད་པས་རང་རྟགས་ཞིག་སྟོན་འདུག། 4༽ ཀླུ་མཐར་གྱི་སྐད་ཡིག་དང་རྩོམ་རྩལ་སོགས་ལ་དཔྱོད་གླེང་བྱེད་རྒྱུའི་མ་མཐའི་ཆ་རྐྱེན་ཞིག་ཀྱང་ཁྱེད་ལ་ལྡན་ཡོད་བཟོ་མི་འདུགོ།
བློ་གྲོས་རབ་བརྟན་གྱིས་ཨ་མདོ་བར་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད་པ་མ་ཟད་ཁོའི་རྩོམ་ཁྱོག་འདི་ནས་ག་རེ་གསལ་བསྟོན་བྱེད་ཀྱིན་པ་རེད་ཟེར་ན། ཁོ་པའི་བློ་ཡུལ་ལ་ཀླུ་བྱམས་ཀྱི་བསྒྲགས་གཏམ་བཞི་པོ་མ་ཤོངས་བའི་ན་ཟུག་དེ་ཕྱིར་བསྟོན་པ་ཙམ་རེད།
བྱས་ཙང་ཨ་མདོ་བའི་ནང་རྒྱལ་གཅེས་པ་ཡོད་ལ་རྒྱལ་བཙོང་བ་ཡང་ཡོད་པ་མ་ཟད། མཁས་དབང་དང་རྩོམ་པ་པོ་ཡོད་ལ་བྲན་གཤིས་ཅན་དང་དད་པ་ལོག་སྤྱོད་པ་ཡང་ཨ་མདོ་ནང་མང་ཤོས་རེད། དེས་མ་ཟད་མགོ་འདོགས་རིང་ལུགས་པ་དང་སྐབས་འཚོལ་རིང་ལུགས་པ་ཡོད་ལ་དར་དམར་ཐོད་ལ་བསྒྲེངས་ནས་བཙན་བྱོལ་རང་དབང་ལུང་པའི་གཞུང་ལམ་དུ་རྒྱུགས་མཁན་ཡང་ཨ་མདོ་བ་རེད། ཁོ་ཚོའི་མཐུན་མོང་མ་ཡིན་པའི་ཚང་མའི་རང་གཤིས་སུ་གྲུབ་ཡོད་པ་གཅིག་ནི། རང་ཉིད་ཀྱི་སྔོན་དུ་འགྲོ་མཁན་ཞིག་ཡོད་ན་ང་རྒྱལ་དང་ཕྲག་དོག་གི་མེ་ལྕེ་འབར་ཏེས་ཐབས་བརྒྱ་ཇུས་སྟོང་གིས་མི་དེ་ནག་པོ་བཟོ་ཨེ་ཐུབ་ཀྱིས་ཞྭ་ནག་གཡོག་གང་ཐུབ་བྱེད་རྒྱུ་དེ་རེད། གཅིག་བྱས་ན་བློ་གྲོས་རབ་བརྟན་ཁོ་རང་ཡང་འདིའི་ནང་གི་གཏེ་པོ་ཡིན་ཤས་ཆེ།
མདོ་སྟོད་ལ་བལྟས་ན་ཨ་མདོ་བ་ནི་ཕྲག་དོག་དང་ང་རྒྱལ་ཆེ་བས་ནང་ཁུལ་གྱི་ཆིག་སྒྲིལ་དང་མཐུན་ལམ་སྐྱོ་ཤོས་དེ་རེད།
བདེན་པ་བདེན་རྐྱང་རེད། ཀླུ་བྱམས་ཀྱིས་རང་བཙན་རྩོད་ས་ནི་རྒྱལ་བ་རིན་པོ་ཆེ་བོད་མིའི་སྒྲིག་འཛུགས་ཡིན་པ་ལས་རྒྱ་གཞུང་ལ་རང་བཙན་རྩོད་པའི་ལོ་རྒྱུས་མེད། ཁ་བརྡའི་ནང་གི་དྲ་འབུ་འདི་ཚོ་དང་གཅིག་པ་གཅིག་རྐྱང་རེད། ཀླུ་བྱམས་དང་ཀླུ་བྱམས་ལྟ་བུ་དག་གིས་ནང་ཁུལ་དཀྲུག་ཐུབ་པ་ལས་བོད་རང་བཙན་ཟེར་བ་ཞིག་བསྐལ་པའི་བར་དུ་ལོན་མི་སྲིད།
ཨ་མདོ་བས་ཨ་མདོ་བ་ཚོའི་ཕྱི་ནང་། ཆོལ་ཁ་གཞན་ལ་བལྟས་ན། ཡག་པོ་ཤེས་ནི་རེད། ཨ་མདོ་བ་ཟེར་བ་འདི། དཔོན་པོའི་དཔོན་ས་བདེ་ན། སྤྲང་བོའི་ཉལ་ས་བདེ་བ་ཤེས་ནི་ཏག་ཏག་ཡིན་ནི་རེད། བྱས་ཙང་། གཡག་རྐུན་ཞིག་ལ་སྡེ་དཔོན་ཞིག་དང་། ཁྲམ་པ་ཞིག་ལ་སྤྱི་དཔོན་ཞིག་མི་འབབ་པ་ཨ་མདོ་མི་ཡི་ཁ་རྒྱུན་རེད།
ལུང་རྟོགས་ལགས། ཀླུ་བྱམས་ཀྱིས་རང་བཙན་རྩོད་ས་དང་པོ་དེེ་༧རྒྱལ་བ་རིན་པོ་ཆེ་དང་བོད་མིིའི་སྒྲིགས་འཛུགས་ཡིན་ས་མ་རེད། ཁོས་དང་པོ་གུང་ཁྲན་གྱི་མེ་མདའི་ཁ་འོག་ནས་རང་བཙན་བརྩད་ནས་བཙོན་འོག་མནར་གཅོད་མྱང་ཡོད་པ་རེད། འོན་ཀྱང་ཤེས་པ་རྣལ་དུ་མ་བབས་པའི་ཨ་མདོ་སྡར་མ་གནམ་ལྟ་བུས་ཟེར་རྒྱུས་ཕོངས་པའི་སྐད་ཆ་གཡག་བརྐུས་ཉེས་པས་བཙོན་ནང་སོང་རབས་ནི་ཅི་འདྲའི་དགོད་སྤྱད་ཅིག་མ་རེད་པས། རྒྱ་གུང་ཁྲན་ལ་བོད་པ་ནང་ཁུལ་དམར་གསོད་བཏང་ཡང་བཙོན་འཇུག་མནར་གཅོད་བཏང་བ་ཧ་ལམ་མཐོང་དཀོན་པོ་རེད། གུང་ཁྲན་ཆ་རྒྱུས་ཡ་རྒྱུས་ཡོད་མཁན་ཞིག་ཡིན་ན་ནང་ཁུལ་གྱི་གཡག་བརྐུས་ཙམ་གྱིས་བཙོན་འཇུག་བྱེད་པའི་ལམ་ལུགས་མེད་ལ། འདི་རིགས་གུང་ཁྲན་ལ་དགོས་རྒྱུ་པག་ལ་པག་ཁུ་དྭ་ར་ཟེར་བ་དེ་རེད།
གཉིས་པ་དེ་༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་དེ་བས་མ་རེད། ཁོས་རང་བཙན་བརྩོད་པར་བགེགས་བྱེད་མཁན་ཁ་ཤས་ཡོད་པའི་ནང་ཁ་གཏད་བཅོག་ས་ངོ་མ་དེ་ནམ་ཡིན་ཡང་། རང་ཉིད་ཀྱི་དབང་ཆ་སྲ་བརྟན་གཏོང་ཆེད་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རང་བཞིན་བེད་ལོག་བཏང་བ་མ་ཟད་། གཞུང་གི་རྐུབ་སྟེགས་དང་དབང་ཆ་བེད་ལོག་གཏོང་མཁན་གྱི་དད་པ་ལོག་སྤྱོད་པའི་སྒྲིག་འཛུགས་ཀྱི་དཔོན་ངན་ཁ་ཤས་རེད། འདི་རིགས་ནི་ནམ་ཡིན་ཡང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་འགག་རྡོ་ཆེན་པོ་ཞིག་རེད་ལ། དམངས་གཙོ་དང་སྨྲ་བརྗོད་རང་དབང་ཡར་རྒྱས་ལ་འགག་རྡོ་ངོ་མ་དེ་རེད།
ཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་འདོད་དེ་ངོ་མ་ཡིན་ན། ད་ནི་ཁོང་གིས་བོད་མི་དམངས་ལ་བཟོད་གསོལ་ཞིག་ཞུ་དགོས་པའི་དུས་སླེབས་འདུག ངས་ཀླུ་མཁར་བྱམས་ཀྱིས་རང་བཙན་གྱི་ལྟ་བ་བཟུང་བ་ལ་བརྟེན་ནས་བཟོད་གསོལ་བྱེད་དགོས་ཀྱི་འདུག་ཟེར་གྱི་མེད། བཟོད་གསོལ་བྱེད་དགོས་དོན་ནི་བོད་མི་དམངས་ཀྱི་སེམས་ཚོར་ལ་བརྩི་བཀུར་མེད་པ་དེ་རེད། རྒྱལ་བ་རིན་པོ་ཆེ་ལ་ “བླ་རྒན་”དང་ “རྒྱལ་བཙོང་བ་”ཟེར་བ་ལྟ་བུ་ནི་བོད་མི་དམངས་ཀྱི་སེམས་ལ་ཕོག་ཐུག་འགྲོ་བ་ཀླུ་མཁར་བྱམས་ཀྱིས་མི་ཤེས་པ་མི་སྲིད་པ་ཞིག་རེད། མི་དམངས་ཀྱི་སེམས་ལ་ཕོག་ཐུག་གཏོང་ཞོར་དུ་མི་དམངས་ཀྱི་རྒྱབ་སྐྱོར་འཚོལ་བ་འདི་འདྲ་ནི་རྒྱུན་ལྡན་གྱི་ཆབ་སྲིད་པ་མི་དམངས་ཀྱི་རྒྱབ་སྐྱོར་འཚོལ་མཁན་ཞིག་ལ་ཡོང་མི་སྲིད་པ་ཞིག་རེད། ད་ལྟའི་ཀླུ་མཁར་བྱམས་ཀྱི་བྱེད་སྟངས་ཀྱིས་མི་དམངས་ཀྱི་རྒྱབ་སྐྱོར་འཚོལ་གྱི་ཡོད་པའི་ཚོར་བ་མི་སྟེར་བར་རང་སེམས་ཀྱི་ན་ཟུག་བརྗོད་པའི་གོ་སྐབས་ཤིག་འཛིན་གྱི་ཡོད་པའི་ཚོར་བ་སྟེར།
ད་ཡག་པོ་ཞེ་དྲག་རེད། སྤེན་ཚེ་རྒྱབ་བསྐྱོར་པ་ཚོར་ངུ་ཤོར་ཤག ཨ་མདོ་ལ་ཡོད་ལ་མེད་ལ་དེ་ཨ་ཚོགས་ཀླུ་མཁར་རེད་ལགས། ཨ་མདོ་གནམ་ལ་འདེགས་མཁན་ཡང་ཁོང་རེད་ལ། ཨ་མདོ་ངུ་ཤོར་དུ་འཇུག་མཁན་ཡང་ཁོང་རེད།
ངས་ཀླུ་མཁར་བྱམས་ཀྱི་རང་བཙན་གྱི་ལྟ་བ་འཛིན་པའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་འདོད། ཐ་ན་རང་བཙན་གྱི་ལྟ་བ་ལ་ཡང་རྒྱབ་སྐྱོར་བྱེད་འདོད། ཡིན་ན་ཡང་ངས་ཁོང་གིས་བྱུང་རྒྱལ་དུ་སྨྲ་བའི་གཏམ་ལ་རྒྱབ་སྐྱོར་བྱེད་མི་འའདོད། བྱུང་རྒྱལ་དུ་སྨྲ་བའི་གཏམ་གྱིས་རང་བཙན་གྱི་ལྟ་བ་ལ་གནོད་ཀྱི་རེད་མ་གཏོགས་ཕན་གྱི་མ་རེད། དཔེར་ན། ཀླུ་མཁར་བྱམས་ཀྱིས་སྲིད་དོན་གཏན་ཚིགས་རིག་པའི་ཁྱབ་ཁོངས་ནས་བལྟས་ན་
རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་གི་ཕྱོགས་སུ་གཏོགས་ཚུལ་བརྗོད་ཀྱི་ཡོད་པ་རེད། དོན་དངོས་ནི་ རྒྱལ་བ་རིན་པོ་ཆེ་ལ་རྒྱལ་ཁབ་བཙོང་རྒྱུ་ཡོད་པ་མ་རེད། རྒྱལ་ཁབ་བཙོང་རྒྱུ་ཡོད་དུས་རྒྱལ་ཁབ་དེ་རང་གི་ལག་ན་ཡོད་པ་རེད། རྒྱལ་ཁབ་བཙོང་བའི་གོང་མཐོ་དམན་མ་གཏོགས་དེང་སང་གི་རང་བཙན་དང་དབུ་མ་གཉིས་ཀྱི་རྩོད་པ་འདི་ཡང་ཡོད་པ་མ་རེད། ཡིན་ན་ཡང་༧རྒྱལ་བ་རིན་པོ་ཆེ་ལ་རྒྱལ་ཁབ་མེད་ཙང་སྐྱབས་བཅོལ་ལ་གནས་དགོས་པའི་དོན་དག་བྱུང་བ་རེད། རང་ལག་ན་རྒྱལ་ཁབ་མེད་བཞིན་དུ་རྒྱལ་ཁབ་བཙོང་བའི་སྲིད་དོན་རིག་པའི་གཏན་ཚིགས་ཤིག་ཡོད་དམ། རྒྱལ་ཁབ་བཙོང་རྒྱུ་མེད་ན་ “རྒྱལ་བཙོང་བ་”ལ་ཇི་ལྟར་འགྱུར།
ཤ་ཚ་ཨ་མདོ་བ་མ་ལ་མི་རིགས་ཀྱི་ལ་རྒྱ་ཡོད་ཀྱང་་ཕྱོགས་རིས་དང་ཁྲག་དོག་དེས་ད་དུང་ཨ་མདོ་བ་ཕུང་གིས
ཡང་འདིར་རྙོག་གཏམ་ལུང་པ་གང་བཤད་འདུག ཚིག་དུམ་རེའི་ནང་རྒྱུ་མཚན་ཡང་དག་ཡང་མི་འདུག གང་བཤད་པ་དག་དྷ་སའི་ཇ་ཁང་དང་ཟ་ཁང་།ཁྲོམ་གཞུང་གི་སྐད་ཆ་ལའང་མི་དོད་ཀི སྐྱེས་དམན་ཞིག་ཡིན་རྒྱུ་ན་ཡར་ཁ་ཡར་རྒྱུགས་དང་མར་ཁ་མར་རྒྱུགས་ཞིག་ཡིན་ས་རེད།
བློ་གྲོས་རབ་བརྟན་ཟེར་བ་འདི་ངོ་མ་ཆུ་ཚོད་མང་པོ་འདུག གལ་སྲིད་ཡོད་ན་ང་ལ་འབྲེལ་བ་བྱོས་དང་ངས་རང་ལ་སྡེ་བ་གཞུང་གི་གསང་རྣམ་མཛོད་ཁང་དུ་ལས་ཀ་ཞིག་གོ་སྒྲིག་བྱས་ཆོག
“བོད་ནས་ཕེབས་པའི་ཨ་མདོ་བ་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་” རེད། བདེན་པ་རེད།
ལོ་གཉིས་གསུམ་གོང་དུ་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་གལ་ཆེན་ག་གེ་མོ་ཞིག་རྩ་དགོངས་ཞུས་རྗེས། ཕྱི་དྲིལ་ལས་ཁུངས་ཀྱིས་སྤྱི་ཚོགས་ནང་དེའི་ཚབ་ཏུ་རྒྱ་ཡིག་ལས་བྱེད་ཅིག་ཡིག་རྒྱུགས་ལམ་ནས་གསར་འདེམས་བྱེད་པའི་གསལ་བསྒྲགས་ཤིག་སྤེལ་ཏེ་ཡིག་རྒྱུགས་བཏང་བ་རེད། སྐབས་དེར་ཚེ་རྒྱམ་ལགས་ཀྱི་སྐུ་ཟླ་ཡིག་རྒྱུགས་འཛུལ་ཞུགས་བྱས་ཏེ་མཐར་མོ་རང་བདམས་པ་རེད། ཡིན་ནའང་རྒྱ་ཡིག་གི་འདྲི་ཤོག་བཟོ་མཁན་དང་འདྲི་ཤོག་ལྟ་མཁན་གཉིས་ཚེ་རྒྱམ་ལགས་ཀྱི་ནང་ཁུལ་གྱི་གྲོགས་པོ་འགའ་ཡིན་པ་རེད། དེར་བརྟེན། གནད་དོན་དེའི་སྐོར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་ནང་དུ་མགོ་རྙོག་ཚ་བོ་བྱུང་བ་རེད། གནས་ཚུལ་འདིའི་སྐོར་གངས་སྐྱིད་ཀྱི་རྣ་ཡོད་མཁན་དང་མིག་ཡོད་མཁན་ཚང་མས་ཤེས་ཀྱི་ཡོད།
ཚེ་རྒྱམ་ལགས་ཡོན་ཏན་ཡག་པོ་ཡོད་ཀྱི་རེད། མི་གཤིས་ཀྱི་ཆ་ནས་བཤད་ན་གཡོ་སྒྱུ་དང་སྤྲེལ་ལད་འཁྲབ་མཁན་ཞིག་ཡིན་ཚོད་འདུག བློ་བརྟན་གོ་ཡོད་ཀྱང་གོ་མེད་མདོག་མདོག་མ་བྱེད་ཡ། ཚེ་ཁྱེད་རང་གི་མཐོང་བཤད་ས་ཚེ་རྒྱམ་འདྲ་བོ་སྤྲེལ་ལད་བྱེད་མཁན་རྐྱང་རྐྱང་རེད། གང་ལྟར།་གངས་སྐྱིད་དུ་སྤྲེལ་ལད་འཁྲབ་མཁན་ཞིག་མིན་ཕྱིན་གོ་གནས་རག་ཁག་པོ་རེད། འདི་ནི་བཙན་བྱོལ་སྤྱི་ཚོགས་ནང་ནད་རྙིང་ངམ་དྲི་ངན་དེ་རེད།
ད་ལྟའི་སྲིད་སྐྱོང་བློ་བཟང་མཆོག་གིས་ཀྱང་གངས་སྐྱིད་དཀྱིལ་འཁོར་ནང་གི་ལས་བྱེད་ག་གེ་མོ་ཡིས་སྲིད་སྐྱོང་ལགས་ཀྱི་སྒྲུབ་སྟངས་དང་བྱེད་སྟངས་ལ་མོས་མཐུན་མ་བྱེད་ཚེ་གཞིས་ཆགས་ཁག་ཏུ་གང་རུང་ཞིག་ལ་ཁ་སྙན་པོས་ལས་གནས་སྤོར་རྐྱང་གནང་ཡོད། གནས་ཚུལ་འདི་ལྟ་བུ་ངའི་གྲོགས་པོ་ཞིག་ལ་བྱུང་བ་རེད། གང་ལྟར་སྲིད་སྐྱོང་མཆོག་གིས་ལོ་ལྔའི་ནང་གངས་སྐྱིད་ཀྱི་ལས་བྱེད་ཀྱི་གོ་གནས་དང་འབྲེལ་ནས་ལས་བྱེད་མང་པོ་ཞིག་གནས་སྤོར་གསར་བརྗེ་བྱས་ཏེ་རང་གི་གྲོགས་པོ་དང་རང་གི་ངོ་ཤེས། རང་གི་བློ་མཐུན་ཚོ་གངས་སྐྱིད་དུ་གང་མང་འཐེན་ཡོད་པ་རེད། འདི་ནི་སྲིད་སྐྱོང་གི་ལོ་ལྔའི་འགྱུར་ལྡོག་ཆེས་ཤོས་དང་གྲུབ་འབྲས་ཆེས་ཤོས་དེ་རེད།
ཡ་ཡ་ཡ།དུས་ཚོད་མི་འདུག གཞན་གོང་བརྗོད་གཞན་གཉིས་ལ་དོན་མེད་བརྗོད་འདོད་མ་བྱུང་། གང་ལྟར།སྐྱག་ཚང་སྔོག་ན་སྐྱག་དྲི་བྲོ་རྒྱུ་ལས་གཞན་གང་ཡང་མེད་རེད།
གྲོགས་པོ་ཚོ། སྐད་ཆ་བསམས་ནས་ཤོད་དང་རིན་ཐང་ཡོང་གི་རེད།
སོ་སོས་ཇ་ཁང་ཆང་ཁང་ནས་རྩོམ་ཡིག་ཐལ་ཆགས་རེ་རེ་བྲིས་ཆོག་པར་ང་ཚོས་མཆན་བྲིས་ན་བསམ་བློ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
མི་བདེན་ན་གངས་སྐྱིད་དུ་ཡོད་པའི་རང་གི་གྲོགས་པོ་ཚོར་སྐད་ཆ་དྲིས་དང་ལན་ཞིག་རག་པའི་རེ་བ་ཡོད།
ཧྭ་ཡང་སྟོང་པ་མ་བརྡུང་ཨ། ཨ་ཅོག་ཚ་ཡ་རེད།
ཧ་ཡང་སྟོང་མཁན་ཁྱེད་རང་རེད།ཧ་ཧ་ཧ།
ཧྭ་ཡང་གི་དག་ཆ་ཡག་པོ་ལྟོས།དེ་ནས་རང་གིས་ཧ་ཡང་སྟོང་པ་རྡུང་རོགས།ཧ་ཧ་ཧ།
ཧ་ཡང་གི་དག་ཆ་ཡག་པོ་བལྟས་རྗེས། ཁྱེད་རང་གིས་ཧ་ཡང་སྟོང་པ་རྡུང་འདུགད་ཧ་ཧ་ཧ་།
ཧ་ཡང་སྟོང་པ་རང་གིས་བརྡུངས་ནས་སྐྱོན་གཞན་ལ་བཙུགས།
བློ་གྲོས་རབ་བརྟན་གྱི་ཧ་ཡང་སྟོང་པ། ལྷ།བྱ་འཕུར་མའི་མགོ་ལ་སྐོན་སོང་བ་འདྲ། ལག་གཟའ་རོ་འདྲ་ཞིག་ལ་བཏང་ནས། ཅི་འབྲི་འདི་འབྲི་མེད་པར། མཆན་ས་སྟོང་པ་སྐྱག་པས་གང་བཞག། ཧ་ཧ་ཧ།
དེ་འདྲའི་མང་པོ་བརྡུངས་ན། ཧྭ་ཡང་ཆག་ཡོང་། ངའི་ཨ་ཅོག་ད་ཨོ་ཟི་རེད།
ལྷ་བྱ་འཕུར་མའམ་ཀུན་བཟང་རྒྱལ་ཟེར་བ་འདི་ནི་ག་དུས་ཡིན་ཡང་ཧ་ཡང་སྟོང་པ་རྡུང་ནས་ཨ་མཆོག་ཚ་བཅུག་མཁན་ཞིག་རེད། དོན་སྙིང་ཅང་ཡོད་མ་རེད། ཧཧ
རྩོམ་ཡིག་ཡག་པོ་བྲིས་འདུག ཀླུ་གར་གྱིས་ཨ་མདོ་གནམ་ལ་བཀྱགས་ཐུབ་མིན་མི་ཤེས་ཀྱང་ད་ཐེངས་ཁོ་བ་རང་ཉིད་དང་། མི་རབས་ཚ་རྒྱུད། གཉེན་ཉེ་ལྟོས། གྲོགས་གྲོགས་མོ་ཡོད་ཚད་འདམ་རྙོག་ནང་དུ་གཡུག་སོང་། ཨ་མདོའི་གསར་འབྱོར་དང་གྲ་ལོག་རེ་ཟུང་ད་དུང་ཨུ་ཚུགས་ཚ་འདོག་འདུག གཞན་ཡང་ད་དུང་ཀླུ་གར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱི་གདན་ས་དཔལ་ལྡན་འབྲས་སྤུངས་ཡང་ཆུ་ལ་གཡུགས་སོང་། གཞུང་ཞབས་ཁོངས་སུ་ད་ནས་བཟུང་འབྲས་སྤུངས་དང་འབྲེལ་བ་བཅད་གི་ཡིན་ཟེར་མཁན་ཡང་མང་པོ་གདའ།
ང་ཚོ་ཨ་མདོ་བར་མི་འདུག ད་ཡང་ཤར་ཁུག་ཞེས་པའི་ཁྱི་ཕྲུག བཙན་བྱོལ་སྒྲིག་འཛུགས་ལ་ཁ་གཏོང་མཁན་དེ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་གི་གཡུག་རྩིས་བྱེད་བཞིན་འདུག མ་གཞི་ཨ་མདོ་བ་ཚོར་མི་འདུག
ཨ་མདོ་ཅིག་ཅིག་ ཁམས་པ་ཅིག་ཅིག་ཟེར་མཁན་འདི་འཚོ་ མི་རྣམ་དཔྱོད་ཅན་གྱི་བྱས་སྟངས་མ་རེད སྐད་ཆ་སོམས་ལ་ཤོད་ རྩམ་པ་བརྡོར་ལ་མྱིད་
གོ་ཐོས་ལ་ཨ་མཆོག་རིན་པོ་ཆེ་ཁོང་རྣམ་པ་གློད་གྲོལ་ཡོང་ཆེད་ཕྱིར་ཕེབས་མཛད་པ་རེད་ཟེར།