རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ནས།
སྤྱི་ལོ་༢༠༡༨ཟླ༤་ཆེས༡༠་ནིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་དབུ་བོད་མིའི་སྒྲིག་འཛུགས་་འཕྲོད་བསྟན་ལས་ཁུངས་དང་ན་ར་ཡ་ན་སྣ་མང་ཆེད་ལས་སྨན་ཁང་བཅས་ཐུན་མོང་ཐོག་བོད་མིའི་སྡོད་སྒར་ལྷོ་ཕྱོགས་གཞིས་ཆགས་སྦེལ་ཀོབ་དང་། ཧོན་སུར་། ཀོ་ལི་གྷལ་། མོན་གྷོ་ཌི་བཅས་ཀྱི་ས་གནས་སོ་སོར་འབྲས་ནད་བརྟགས་དཔྱད་སྨན་སྒར་ཞིག་དང་ལྷན་དུ་འབྲས་ནད་སྐོར་གྱི་གོ་རྟོགས་ལས་གཞི་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག།དེ་རིང་འདིར་རྒྱ་གར་Narayarསྨན་གིས་སྐུ་འཚབ་Mrs.k.v karmath Marutiy headམཆོག་དངMrs Kushlགཉིས་མཉམ་བཞུགས་གནང་ཡོད་པ་དང་།
སྨན་པ་ཚི་ཁྲིམས་རྡོ་རྗེ་ཡིས་འདི་ལྟར་འབྲེལ་བརྗོད་གནང་བྱུང་། ་དེ་ཡང་ང་ཚོས་དེ་སྔོན་དང་མ་འདྲ་བར་གཞིས་མི་བ་རྣམས་ལ་བརྟག་དཔྱད་བྱེད་རྒྱུ་སྟབས་བདེ་ཡོང་ཕྱིར་གཞིས་ཆགས་ཁག་གི་ནང་དངོས་སུ་སྐྱོད་དེ་རིན་མེད་ཐོག་ང་ཚོས་ཚོགས་པས་བུད་མེད་ཆེ་འབྲིང་ཆུང་གསུམ་ཡོངས་ཀྱི་འབྲས་ནད་དང་། ནུ་མའི་གློག་པར་བརྒྱུད་འབྲས་ནད་བརྟག་ཐབས། བུ་མེད་སྐྱེ་འགོག་འབྲས་ནད་། ་ཁའི་འབྲས་ནད་བཅས་སྐོར་བརྟག་དཔྱད་ཞིབ་པར་བྱེད་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་ཡོད་།
ད་དུང་མི་མམཐུད་དུ་ཁོང་གིས་སྤྱིར་སྤྱི་ཚོགས་ནང་ནུ་མ་དང་བུ་མེད་སྐྱེ་འགོག་གི་འབྲས་ནད་ནི་ཡོངས་གྲགས་ལྟ་བུ་ཞིག་ཡིན་པ་ཞིང་། ལྷད་པར་ང་ཚོའི་གནས་ཡུལ་རྒྱ་གར་ལྟ་བུར་མཚོན་ན་་། འབྲས་ནད་དེ་བཞིན་ཡོངས་གྲགས་ཆགས་ཡོད་པ་ཙམ་དུ་མ་ཟད་། ལོ་རེར་བུ་མེད་ས་ཡ་མང་པོར་འབྲས་ནད་ཀྱི་ནད་རྟགས་ཡོད་པ་ཆགས་ཡོད་། རྒྱ་གར་ནང་དུ་ནུ་མའི་འབྲས་ནད་རྐྱེན་པའི་བུད་མེད་མང་ཤོས་འདས་གྲོངས་སུ་འགྲོ་གིན་ཡོད་པ་དང་། ་སྤྱི་ལོ༢༠༡༧ལོར་རྒྱ་གར་ནང་ནུ་མས་འབྲས་ནད་ཡོད་པ་བུད་མེད་གྲངས༢༥༢༧༡༠དང་། དེས་རྐྱེན་པས་འཆི་ལ་ཁད་པའི་བུད་མེད་གྲངས་༤༠༦༡༠བྱུང་ཡོད་པ་རེད་འདུག་། འོན་ཀྱང་ཐོག་མའི་གནས་སྐབས་སུ་བུ་མའི་འབྲས་ནད་ཡོད་པ་ཤེས་རྟོགས་ཐུབ་ཚེ་འབྲས་ནད་དེ་བཞིན་བཅོས་ཐབས་ཡོད་པ་ཞིག་དང་། ནད་གཞི་དེ་ལུས་པོའི་ཆ་ཤས་གཞན་ལ་མི་ཁྱབ་པའི་ཉེན་ཁ་ཉུང་བ་ཡོད་པ་རེད་འདུག་།
དེང་སྐབས་རྒྱ་གར་ནང་་ལོ་ན་བཅོ་ལྔ་ནས་བཞི་བཅུ་ཞེ་བཞི་གྱི་བུད་མེད་སྐྱེ་འགོག་གི་འབྲས་ནད་ཀྱི་ཚད་གཞི་རིམ་པ་གཉིས་པ་དེ་འགྱུར་ཡོད་པ་དང་། སྤྱིར་རྒྱ་གར་ས་གནས་ཁག་གི་སྨན་ཁང་ནང་བུད་མེད་ཀྱི་ནད་གཞི་དེ་དག་བརྟག་དཔྱད་བྱེད་སྐབས་ཧིན་སྒོར༢༠༠༠ནས་༣༠༠༠བར་གནས་ཀྱི་ཡོད་ཀྱང་། ང་ཚོས་བུད་མེད་ཀྱི་ནུ་མ་དང་སྐྱེ་འགོག་དེ་བཞིན་མོ་ནད་སྨན་སྟོན་སོགས་ཀྱི་མཐུན་རྐྱེན་ཁག་རིན་མེད་ཐོག་མཐུན་གྱུར་སྦྱོར་གནང་གི་ཡོད་། བོད་མིའི་འབྲས་ནད་ཚོགས་པ་དེ་བཞིན་ཁེ་མེད་ཀྱི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེས་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྒྱབ་ལྗོངས་གང་ལ་འང་མ་ལྟོས་པར་སྤྱི་ཚོགས་ནང་འབྲས་ནད་སྔོན་འགོག་དང་། བོས་ཐབས་སློབ་སྟོན་ཀྱི་གོ་རྟོགས་སྤེལ་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་དེ་དམིགས་ཡུལ་གཙོ་བོར་འཛིན་བཞིན་ཡོད་། ཐེངས་འདེའི་ང་ཚོའི་འབྲས་ནད་བརྟག་དཔྱད་སྒེར་གྱི་ལས་རིམ་མདོ་ཙམ་ཞུས་ན་།
རེས་གཟའ་ཟླ་བ་ནས་པ་སངས་བར་གྱི་ཞོགས་པ་ཆུ་ཚོད༡༠་ནས་དགོང་མོ་ཕྱག་ཚོད་༤བར་དུ་རིན་མེད་ཁྲག་ཤེད་བརྟག་དཔྱད་མཚོན་ཁྲག་གི་བརྟག་དཔྱད་གཞན་དང་། གློག་པར་བརྒྱུད་ནུ་མའི་འབྲས་ནད་བརྟག་ཐབས། བུད་མེད་སྐྱེ་འགོག་གི་འབྲས་ནད་ཡོད་མེད་དང་། མོ་ནད་སྨན་པའི་སློབ་སྟོན་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་རིང་འཚོ་བྱེས་སྨན་ཁང་དང་སྨན་ཁང་གཞན་ཁག་ཏུ་ཁའི་འབྲས་ནད་བརྟག་དཔྱད་དང་མོ་ནད་སྨན་པའི་སློབ་སྟོན་གྱི་མཐུན་གྱུར་སྦྱོར་བཞིན་ཡོད་། ང་ཚོས་ཐེངས་འདེའི་འདྲས་ནད་བརྟག་དཔྱད་ཞིབ་ཀྱི་དཔྱད་སྒར་ཐོག་མ་དེ་ཕྱི་ལོ༢༠༡༨ཟླ༤ཚེས༡༠་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ཐོག་སྦེལ་ཀོབ་ལུགས་བསམ་ཚོགས་ཁང་དང་། ཕྱི་ཚེས་༡༡ཉིན་རྒྱབ་ཆུ་ཚོད་༡༢ཐོག་སྦེལ་ཀོབ་བོད་ཁྱིམ་སློབ་གྲ། ཕྱི་ཆེས་༡༢་ཉིན་སྦེལཀོབ་བོད་ཁྱིམ་སློབ་གྲར་རིན་མེད་ཐོག་བརྟག་དཔྱད་བྱེད་རྒྱུ་དང་། ཕྱི་ཚེས༡༣་ཉིན་སྦེལ་ཀོབ་གཞིས་གྲོང་དང་པོ་དང་དེ་ནས་གཞིས་གྲོང་གཞན་ཚོས་རིམ་པས་བརྟག་དཔྱད་བྱེད་རྒྱུ་ཡིན་པ་རེད་འདུག།