རྔ་བ་ཀུན་བཟང་སྒྲོལ་མ།
(ཚན་པ་དང་བོ)
རུས་རྐང་དང་ཁྲག་ཐིགས་རེའི་བར་ན།།
བདེན་པ་དང་ལ་རྒྱལ་ཡིས་ཕྱུག་ཡོད།།
རུས་རྐང་དང་མཆོད་མེ་རེའི་བར་ནས།།
ཞི་བདེ་དང་གཅིག་སྒྲིལ་རེ་བསྒྲགས་སོང།།
ཁྲག་དམར་གྱི་ཐིགས་སྒྲ་རེ་རེའི་བར།།
དཔའ་བོ་ཚོའི་སྙིང་སྟོབས་རེ་བཞུར་ཡོད།།
འབོད་དབྱངས་ཀྱི་ཚིག་འབྲུ་རེའི་བར་ནས།།
ཁ་སང་གི་མནར་གཅོད་དེ་བསྒྲགས་སོང་།།
རུས་རྐང་གི་མཆོད་མེ་རེའི་ངོགས་སུ།།
གངས་ཅན་པའི་ཚེ་སྲོག་རེ་སྦར་སོང་།།
ཕྱིར་ཕེབས་ཀྱི་གསོལ་འདེབས་རེ་བྱས་ཀྱང་།།
ཞལ་མཇལ་གྱི་བསྐལ་བ་དེ་ཟད་སོང་།།
ཟུངས་ཁྲག་གི་མཆོད་མེ་རེའི་ཁྲོད་ནས།།
གངས་ཅན་པའི་སྙིང་ནད་རེ་བཤད་ཞོར།།
ངུ་འབོད་གྱི་མིག་ཆུ་གཉིས་བསྲེས་ནས།།
ལོ་རྒྱུས་གྱི་ཞབས་རྗེས་རེ་བཀོད་སོང་།།
གཞན་འཕྲང་གི་དུས་ཚིགས་རེའི་བར་ནས།།
དཔའ་མཛངས་ཀྱི་ཕུ་ནུ་སྤུན་ཟླ་ཚོས།།
རླབས་ཆེན་གྱི་ཚེ་སྲོག་མཆོད་མེར་ཕུལ་སོང་།།
རུས་གཅིག་པའི་བོད་མི་མཉམ་དུ་ལོངས་ཤོག།
དཔའ་བོའི་སྙིང་སྟོབས་ཆུ་བོ་འཕྱུར་འཕྱུར།།
གཞིས་ལུས་འཐབ་རྩོད་མེ་ལྕེ་འབར་འབར།།
སྐྱོ་གདུང་མིག་ཆུ་ཆར་བ་འབབ་འབབ།།
ན་གཞོན་གསར་བ་གློག་དམར་འཁྱུག་འཁྱུག།
རང་དབང་སྨྲ་ལྕེ་རྩད་ནས་བཀོགས་སོང་།།
འགྲོ་བའི་རྐང་ལག་དུམ་བུར་གཏུབས་སོང་།།
མཐོང་བའི་མིག་ཟུང་རྫུན་གྱིས་གཡོགས་ཀྱང་།།
སེམས་ཀྱི་རང་དབང་སུ་ཡིས་མི་ཁོགས།།
རྩོམ་ཡིག་དེ་ཐེངས་ཤིག་བཀླགས་ཡིན། ཡག་པོ་ཞེ་དྲག་བྱིས་འདུག་ ལྷག་པར་ང་ཚོའི་སྤྱི་ཚོགས་ནང་དུ་བུ་མོ་རྩོམ་རིགས་ལ་དུངས་ཞེན་ཡོད་མཁན་ཆེས་དཀོན་པས་དེ་དག་གི་རིགས་ལ་རྒྱབ་བསྐྱོར་བྱ་འོས།
བུ་མོ་དེའི་རྩོམ་ཡིག་སྙིང་རྗེ་མོ་ཞིག་བྲིས་འདུག ཁོ་མོའི་རང་ཉིད་ཀྱི་ཚོར་འདུ་ཡོད་ཚད་བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་རྩོམ་ཡིག་རེ་བྲིས་བར་ཧ་ཅང་བཟང་གི་ མ་འོངས་བ་ན་རྒྱལ་ཞེན་དང་རྩོམ་པ་པོ་ཞིག་ཡོང་ཁོ་ཐག་རེད།
མེ་ལྕེ་རེ་འབར་ཐེངས་རེ་རེར།།
དཔའ་བོ་ཚོ་ཕྱི་མར་བཞུད་འགྲོ།།
བྲང་གཞུང་གི་ན་ཟུག་རེ་རེ།།
བརྗོད་དགོས་ཀྱང་བརྗོད་ཐབས་མི་འདུག།
དཔའ་བོ་ཡི་རྗེས་དྲན་རྩོམ་ཡིག།
ལོ་རེ་ནས་ཇེ་ཉུང་ཇེ་ཉུང་།།
མཆན་འདེབས་ཀྱི་དྲ་འབུ་དག་གིས།།
རྗེས་དྲན་ལ་ལྟ་ཚོད་མ་རེད།།
ཁྱེད་རང་གིས་རྩོམ་ཚུལ་བསམས་ན།།
རུས་གསེང་ན་ལ་རྒྱ་ཡོད་ལ།།
སྙིང་ཁོང་ལ་ན་ཟུག་ལྕི་བ།།
གསལ་གསལ་དུ་ཤེས་ཚོད་རེད་འདུག།
ང་རྒྱང་ཕུད་ལ་བཏང་ཚར་བ་ཡིན་ནམ། ཁ་བརྡ་ཚང་། གནམ་ལ་དམིགས་བསལ་ཞིག་བྱེད་རོགས་ཞུ་ཞུ་ཞུ། ངས་ཁ་ངན་དང་གྱོད་འདྲེ་མི་བྱེད་ཁག་ཐེག་ཡིན། ང་ལ་གདོང་ལྤགས་སྟོན་ཐུབ་པའི་ཁེངས་བ་མི་འདུག།
ཡ་ཡ། ཡོང་གི་མི་འཇུག་ན་ཁྱེད་ཅག་བདེ་མོ་བྱོས་ཟེར་བ་ལས་ལྷག་མ་སོང་། ཁ་བརྡ་དང་བཟའ་མཐོར་བྱུང་བའི་བརྡ་ཡིག་ཞིག་ཁ་བརྡ་ཚང་གིས་གསལ་བསྒྲགས་ཞིག་བྱེད་པར་ཞུ།
གུས་བ་གནམ་ཞུ་བ་ཡིས།
༢༠༡༢/༠༩/༠༨ཉིན
ཧ་ཅང་སྙན་མོ་འདུག། མི་རིགས་ཤིག་གི་ལས་དབང་གི་ཆེད་དུ་ང་ཚོ་མེ་རུ་སྒྲོན་མི་ཐུབ་ཀྱང་ཤི་གསོན་གཉིས་ཀྱིས་རྗེས་སུ་རང་ཉིད་གྱི་འཚཽ་བ་དེ་ན་ཟུག་ཞིག་དང་ལྷན་འབྲི་ཐུབ་ན་ཡང་ཧ་ཅང་ལེགས་པོ་འདུག།
རྗེས་སུ་ཡི་རངས་ཡོད་གངས་ཅན་པའི་ཨ་མ་ཚོས་ནང་དུ་སྨྱུག་གུ་ཐོག་པ་ཧ་ཅང་ཉུང་ལ་ལྷག་པར་དུ་བཙན་བྱོལ་ན་དེ་ལས་ཀྱང་ཉུང་བའི་མི་མཐུད་དུ་གངས་ཅན་པའི་ལས་དབང་དང་སྐྱིད་སྡུག་གཉི་ཀ་སེམས་ཀྱིས་ཚོར་འདུ་ཟབ་མོ་ཞིག་དང་ཉམས་ཏུ་འབྲི་བར་སྙིང་ཐག་པ་ནས་རེ་བ་ཡོད
རྒྱུས་མངལ་ཆེ་བའི་ཁྱེད་ཀྱི་མིང་བྱང་དེ་ངས་མཐོང་མ་ཐག་དགོད་སྤྲོ་བའི་ཚོར་སྣང་ཞིག་དང་མཉམ་དུ་ཁྱེད་ཀྱི་སྙན་རྩོམ་དེ་ཀློག་མགོ་བརྩམས་པ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་ཁྱེད་ཀྱི་ཚོར་ཤེས་ཟབ་མོ་དེ་ཀློག་པ་པོ་ཚོར་ལེགས་སྐྱེས་སུ་འབུལ་ཐུབ་པ་མ་ཟད། སྒྱུ་རྩལ་སྙན་ངག་གི་ཆ་ནས་ཀྱང་གྲུབ་འབྲས་མི་དམན་པ་ཞིག་ལན་ཐུབ་འདུག འོན་ཀྱང་ཁྱེད་ཀྱིས་ད་དུང་མིག་ཤེལ་གདོང་ཐོག་ནས་མི་ལན་པའི་རེ་བ་ཡོད།