རྔ་བ་ཀུན་བཟང་སྒྲོལ་མ།།
ཚན་པ་གཉིས་པ།
ལུས་སེམས་དམར་པའི་དར་ཆའི་འོག་ནས།།
རང་ལུས་རིན་ཆེན་མེ་རུ་སྒྲོན་ཐལ།།
རྒན་གཞོན་སེར་སྐྱའི་སྙིང་ནད་འོག་ནས།།
མ་འོངས་རང་བཙན་སླར་གསོ་བྱས་ཐལ།།
ཨ་མའི་ཟུངས་ཁྲག་མཆོད་མེ་ཕུལ་སོང་།།
བྱིས་པའི་སྲོག་རྩ་མུ་གེས་བཅད་ཐལ།།
རྒྱ་འདྲ་དམར་པོས་ཧམ་སེམས་འོག་ནས།།
ས་ཡ་དྲུག་པོའི་མེ་ལྕེ་འབར་ཐལ།།
གངས་ལྗོངས་རིག་གནས་ཁ་ལོག་བསྒྱུར་སོང་།།
གངས་ཕྲུག་ཁོག་ལ་དུག་སྨན་བརྒྱབ་ཐལ།།
གངས་ཅན་གཞོན་ནུའི་ལང་ཚོའི་མེ་ཏོག།
གངས་ལྷ་མེ་ཏོག་སད་ཀྱིས་བཅོམ་ཐལ།།
ཁ་སང་དེ་རིང་འབར་བའི་མེ་ལྕེ།།
མི་རབས་རྒན་པའི་སྙིང་ནད་ཡིན་པས།།
ས་ཡ་དྲུག་གི་མཆོད་མེའི་རུས་རྐང་།།
མི་རབས་གསར་པའི་ནམ་ཡང་བརྗེད་མེད།།
ཕ་ས་ཕ་ཡུལ་དམག་གིས་བཟུང་ཐལ།།
ཕ་མ་སྤུན་ཆེན་བཙོན་ལ་བཅུག་སོང་།།
ནུས་མེད་ཕུ་ནུ་སྤིན་སྲིང་མང་པོས།།
ཉམ་ཆུང་མིག་ཆུའི་ཕྲེང་ཐག་ཆད་ཐལ།།
ཞི་བདེའི་འབོད་སྒྲ་སྒྲོགས་པའི་ང་ཚོས།།
དྲང་བདེན་ལོ་རྒྱུས་དཔང་དུ་བཙུགས་ནས།།
མི་རིགས་ཤིག་གི་བདེན་པའི་ལོ་རྒྱུས།།
སུབ་ཐབས་མེད་དོ་རྒྱ་འདྲེ་དམར་པོ།།
གཞན་གྱི་སྲོག་ལ་རྔམ་པས་གཅན་གཟན།།
ལས་འབྲས་ཡིད་ལ་མི་དྲན་དུད་འགྲོ།།
གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་ཝ་མོ།།
སེམས་ཅན་བླ་སྲོག་འཕྲོག་པའི་གཤེད་མ།།
བཙན་བྱོལ་དུའང་བུད་མེད་སྙན་ངག་མ་གཉིས་འདུག
སེམས་གཏིང་ནས་རྒྱབ་སྐྱོར་ཡོད། བོད་པའི་བུ་མོ་གི་སྙན་བྲིས་ཡོད་པའི་སྙན་དེབ་འགའ་མཐོང་ན་ཡང་། དེང་སང་དེ་ཚོ་ཡང་གྲགས་རྒྱུ་འགུལ་རྒྱུ་ཞིག་མི་འདུག། ཡིན་ཁ་སང་དེ་རིང་ཀུན་བཟང་སྒྲོལ་མའི་མིང་ཅན་ཀྱིས་གངས་རིའི་བུ་མོ་ཁྱོད་ཀྱི་དྲ་ཐོག་དུ་སྙན་རྩོམ་བྲིས་བ་མཐོང་དུས་སེམས་གཏིང་དགའ་བྱུང་། མུ་མཐུད་དུ་སྤེལ་བར་ཐུགས་རྗེ་ཆེ་ཞུ།
བུ་མོ་ཆུང་ཆུང་དེའི་སྙན་ངག་ མཐོང་པ་དང་ལྷན་ཏུ་བལྟ་འདོད་ཧ་ཅང་ཡོང་།
དེང་དུས་ཀྱི་སྙན་ངག་མ་གསར་པ་ཀུན་བཟང་ལགས་ལ་འཚམས་འདྲི་ཡོད་ལ། བུད་མེད་སྙན་ངག་པ་གསར་པ་ཞིག་ཡོང་བར་ཧ་ཅང་དགའ་བོ་བྱུང་། ཉེ་སྔོན་བུ་མོ་དེའི་རྩོམ་ཡིག་ཁ་ཤས་ཀློགས་ཡིན་ལ་དེ་རིང་ཡང་གཅིག་སྤེལ་པ་མཐོང་ནས་དགའ་སྤྲོ་ཤིན་ཏུ་ཆེ། རྩོམ་ཡིག་འབྲི་རྒྱུ་ནི་དུས་ཡུན་ཐུང་ཐུང་ཞིག་གཏན་ནས་མིན་པས་མུ་མཐུད་དུ་འབྲི་དགོས་པས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་རེ་འདོད་འགྲུབ་རོགས་ཞུ། སྙན་ངག་ནི་ཧ་ཅང་ཚད་ལྡན་གྱི་གྲས་སུ་སླེབས་འདུག་ཟེར་ན་མ་འགྲིག་པ་མི་འདུག
ཀུན་བཟང་ལགས། དེ་རིང་ཡང་ཁ་བརྡ་ཚང་ལ་གྲོང་ཉུལ་དུ་ཡོང་དུས་ལམ་བར་ནས་ཁྱེད་རང་ཐུག་སོང་པས་དགའ་སྤྲོ་ཆེ། དེང་སང་ཁ་བརྡ་ཚང་ལ་ཡོང་རྒྱུ་མང་འདུག་ཀ་ དངོས་ནས་ཡག་པོ་རེད། མུ་འཐུད་དུ་ཤོག་དང་ཉིན་ཞིག་ཁྱེད་རང་ཁ་བརྡ་ཚང་གི་བུད་མེད་མགྲོན་པོ་གཙོ་བོ་ཆགས་ངེས། ཧ་ཧ་ཧ་ ཀུ་རེ་ཡིན། མུ་མཐུད་དུ་ཕྲིས་ལོ།
ཁ་སང་དེ་རིང་འབར་བའི་མེ་ལྕེ།།
མི་རབས་རྒན་པའི་སྙིང་ནད་ཡིན་པས།།
ས་ཡ་དྲུག་གི་མཆོད་མེའི་རུས་རྐང་།།
མི་རབས་གསར་པའི་ནམ་ཡང་བརྗེད་མེད།། ་་་་་ཟེར།
བོད་ཀྱི།
འདས་པའི་ཆོས་འབྱུང་རྒྱལ་རབས་ལྟ་ཀློག་གིས། །
ད་ལྟའི་ཆབ་སྲིད་གོད་ཆག་མ་བརྗེད་པར། །
མ་འོངས་དེང་དུས་འཛུགས་སྐྲུན་བྱ་འདོད་ན། །
བཟོད་སེམས་སྙིང་སྟོབས་དང་བཅས་རྒྱང་ལྟ་མཛོད། །
ཡག་པོ་བྱུང་འདུག
དིང་དུས་ཕུ་ནུ་མིང་པོ་སྲིང་མོར།
ཡོན་ཏན་སྦྱོང་བའི་དུས་སྐབས་ཡོད་པས།
རྔ་པ་ཀུན་བཟང་སྒྲོལ་མ་བུ་མོས།
གངས་ཅན་ལྷ་སྐད་ལ་རྩེར་འཕྱར་ངེས།།
ཀུན་་་་་་་་་་་་་གྱི་སེམས་ལ་བབས་པའི་སྙན་ངག་་་་་་་་་་་་་་་་མ།
བཟང་་་་་་་་པོའི་བསྟོད་བསྔགས་བྱེད་པའི་ས་ལ་་་་་་་་་་་་་་་་་སྒྲོལ།
སྒྲོལ་་་་་་་་་་་་་མ་སྔོན་མོའི་བརྩེ་ཟེར་ཐོབ་པས་་་་་་་་་་་་་་་་་བཟང་།
མ་་་་་་་་་འོང་རང་དབང་ཐོང་འདོད་བོད་རིགས་་་་་་་་་་་་་་ཀུན།
རྔ་བ་་་་་་་་་་་་་་་་་་ཞེས་པའི་རྔ་ཞིག་གྲགས།
ཀུན་བཟང་་་་་་་་་ཞེས་པའི་མིང་ཞིག་ཐོགས།
སྒྲོལ་མ་་་་་་་་་་་་་་་ཞེས་པའི་ཚིག་ཅིག་མཐུད།
ཁ་བརྡའི་་་་་་་་་་་་་ནང་ནས་བྲོ་ཞིག་འཁྲབ།
རི་རྒྱལ་ཏི་སེ་་་་་་་་་་མོ་ལ་དགའ་།
རེབ་ཐོག་མདའ་་་་་་་་་ཡང་སེམས་པ་ཤོར།
རྨོག་རུ་ཤེས་རབ་་་་་་་་་འདོད་པ་ཟིག
མིག་ཆུས་་་་་་་་་་་མིག་ཆུ་དྲིད་ནས་ཡོང་།
སྦྲ་ནག་དཔལ་ལྡན་་་་་་་་་་སེམས་ནས་དགའ།
ཀརྡོ་གཉེར་ཕྱག་་་་་་་་་་་འཚབ་འཚབ་ལངས་།
མཚོ་མོ་་་་་་་་་་ཟེར་བས་དམིགས་བསལ་བརྒྱབ།
ང་ནི་ཅི་བྱ་གཏོད་མེད་གྱུར།
ཧཧཧ རྩེད་མོ་ཡིན་ད་།