རྒྱལ་ཐང་བདེ་སྐྱིད་ལྷ་སྒྲོན། (ཨ་རི།)
སྔོན་ཐོན་མི་རིགས་གཞན་གྱི། །
ཆབ་སྲིད་སྒྲོམ་གཞིའི་ནང་དུ། །
ཤེས་འཇོན་ལྡན་པའི་མི་ཚོ། །
གཅིག་ཕན་གཅིག་གྲོགས་བྱེད་ཀི །
བཙན་བྱོལ་བོད་མིའི་ཁྲོད་དུ། །
ཤེས་འཇོན་ཉིན་མོའི་སྐར་མ། །
གཅིག་དང་གཉིས་ལས་མེད་ཀྱང་། །
གཅིག་མགོ་གཅིག་གིས་ནོན་གི །
རྡོ་ལ་སེང་གེའི་མིང་བཏགས། །
སྲིད་སྐྱོང་བློ་བཟང་སངས་རྒྱས། །
མའོ་ཡིས་བོད་ལ་བཏབ་པའི། །
ལུང་བསྟན་བསྒྲུབས་པ་ཨེ་རེད། །
ཆིག་སྒྲིལ་ཆིག་སྒྲིལ་གསུངས་བྱུང་། །
ཆིག་སྒྲིལ་ཚོར་གྱི་ཡོད་ན། །
ངན་ཁག་བཙན་བསྒྲིགས་བྱས་ནས། །
མཐུན་སྒྲིལ་གཏོར་དོན་མི་འདུག །
དབུ་ན་༸སྐྱབས་མགོན་བཞུགས་ཀི །
འོག་ན་མི་མང་གནས་ཀྱི། །
ཞེད་ས་འཚེར་ས་མེད་པར། །
དཀར་ནག་གོ་ལྡོག་བྱས་སོང་། །
ཁ་བཤད་ཆུ་ཡི་ལྦུ་བ། །
ཁ་ཕོ་ས་བསྒྲགས་གནམ་བསྒྲགས། །
ལོ་དེ་ལྔ་དྲུག་འདས་སོང་། །
གྲུབ་འབྲས་མཐོང་རྒྱུ་མི་འདུག །
ས་ཡ་དྲུག་དང་ཕྱེད་ཀ །
བུ་ལོན་མིན་ན་གང་རེད། །
གན་རྒྱའི་ཡི་གེ་ནང་དུ། །
བུ་ལོན་ཡིན་པ་གསལ་འདུག །
ཧམ་པ་རི་ཙམ་བཤད་ནས། །
བདེན་པ་གཡག་ཙམ་འཚོལ་བའི། །
རྡོ་ཡི་སེངྒེ་ཞིག་ལ། །
རེ་ཆད་མིག་ཆུ་བཞུར་སོང་། །
བློ་སེང་སྲིད་སྐྱོང་།
་
ས་ཡ་གཅིག་དང་ཕེད་ཀ །
རང་ཁ་རང་གསོ་རེད་པེ། །
་
ཨ་མདོ་ཚོགས་ཟུར་དགྲར་བལྟས། །
ཆིག་སྒྲིལ་བཟོ་སྟངས་རེད་པེ། །
་
རང་ཉེ་རང་གྲོགས་བསྐོ་བཞག །
གསར་གཏོད་བྱེད་སྟངས་རེད་པེ། །
་
མོ་ཊ་མིག་ཤེལ་ནག་པོ། །
བོད་པའི་ཡ་རབས་རེད་པེ། །
དངོས་ནས་ཡག་པོ་བྲིས་འདུག