སྐྲན།
ཡུལ་དང་ཟླ་ཚེས་མེད་པའི་སྙན་ངག
མཐོང་ན་འཇིགས་ས་བདེན་པ་གཅེར་བུ་རེད།།
ཁ་ཡི་ཝུ་བ་དོན་གྱི་རྫུན་མ་རེད།།
རྔུལ་ཆུས་གླན་པའི་ཞིང་ཚིགས་སྐམ་པོ་རེད།།
དེ་རིང་ཡོད་པའང་སངས་ཉིན་མེད་པའོ།།
བཤད་པའི་ཡུ་བ་སྒྲུབ་པས་མེད་པར་བྱས།།
སྒྲུབ་བའི་མཇུག་མ་རྒྱུན་གྱིས་ཐལ་བར་བརླགས།།
སྙིང་ན་རུས་པ་མེད་པའི་སྒལ་ཚིགས་ཀྱི།།
ཕྱི་ནང་གློ་སྙིང་ཡོད་ཚད་རྫུན་མ་རེད།།
ངས་སྐད་ཆ་ཁ་ཤས་ཤིག་ཞུ་འདོད་བྱུང་།
ངས་སྐད་ཆ་ཁ་ཤས་ཤིག་ཞུ་འདོད་བྱུང་།
ཡིན་ན་ཡང་། ངས་དུས་གཏན་དུ་ཅི་ཡང་བཤད་པར་མི་འདོད་དོ།།
འདི་ནི་འཇིག་རྟེན་འདིའི་ཕ་རོལ་ཕ་རོལ་ཞིག་གོ།
2012/09/23 ནོར་བུ་གླིང་ག་གཉིས་པ་ནས།
ངས་སྐད་ཆ་ཁ་ཤས་ཤིག་ཞུ་འདོད་བྱུང་།
………. ཁ་བྱང་གཅིག་པའི་སྙན་ངག་ཞིག་གི་ཡང་འགྲེལ་དུ།
ངས་སྐད་ཆ་ཁ་ཤས་ཤིག་ཞུ་འདོད་བྱུང་།
ཡིན་ན་འང་། ངས་སྐད་ཆ་འདི་གཏན་དུ་བཤད་པར་མི་བྱའོ།།
འདི་ནི། མཐོང་ན་འཇིགས་ཤིང་སྐྲག་པར་བྱ་སའི་བདེན་པ་གཅེར་བུ་དེ་ཡིན་པས།
དུས་འདིར། འདི་ལ་བདག་པོ་མེད་ཅིང་།
བདེན་པ་བདེན་པ་ཟེར་མཁན་གྱི་སྐྱེས་བུ་དེ་དག་གིས་ཀྱང་།
འདི་ལ་ཡོལ་ཐབས་དང་འབྲོ་ཐབས་བྱེད་ཀྱིན་པས་ན།
དེ་ནི། འཇིག་རྟེན་འདིར་འཆད་སའི་ཡུལ་ཞིག་མི་འདུག་ལ།
དེ་ནི། འདིའི་ཕ་རོལ་ལས་ཀྱང་ཕ་རོལ་ཕ་རོལ་ཞིག་གོ།
གཅིག་བྱས་ན། འདི་ཉིད་ང་ཤི་ཟིན་པའི་ཉིན་མོ་དེ་ཁོ་ནའི་བདེན་པའོ།།
2012/09/23
དེ་ཡང་བདེན་ཁི་ངས་ཀྱང་ནེའུ་ཡོཀ་ལམ་ཆེན་ཨང་བཞི་བཅུ་ཞེ་གཉིས་པའི་ཆང་ཁང་ནང་ནས་འདི་འདྲ་ཞིག་ཡིད་ལ་འཁོར་།
ལུས་ངག་དགེ་དང་མི་དགེ་བ། ཐམས་ཅད་ཡིད་ཀྱི་འབྲས་བུ་ཉིད།
ལུས་ངག་ཚུལ་མིན་ཅི་བྱུང་བ། སེམས་པ་འདི་ཡིས་དེ་བྱས་སོ།
ཕུང་པོ་ཞིག་ལ་ང་ཞེས་པ། འགྲོ་བ་ཀུན་གྱིས་ཡིད་དུ་འཛིན།
དྲན་ཤེས་སྟོབས་རྣམས་བརླག་འགྱུར་ཞིང་། འདིར་སྣང་ཀུན་གྱི་གཡོག་ཏུ་གྱུར།
རང་གཞན་བྱ་བ་ཅི་བྱས་པ། རེ་དོགས་གཉིས་ཀྱི་རྒྱ་རུ་ཚུད།
དེ་བས་ཆང་ཁང་གྲུ་བཞི་ནང་། རྒུ་ཆང་ལྷན་དུ་སེམས་ངལ་གསོ།
སོང་བའི་རྗེས་ལ་མི་བལྟ་རྨུན་པོའི་གཤོག་པ།།
བྲག་ལ་འཐོག་རུང་ད་དུང་འཛུམ་འཛུམ་གྲོལ་གི །
ཕན་པའི་བྲོ་རུ་ཆགས་པའི་རུས་བ་དཀར་པོ།།
ཇི་ལྟར་བསྟན་ཀྱང་མིག་ལ་སྣང་གི་མེད་ཀི །
འདི་ལྟར་ངས་ཀི་བཏབ་ཀྱང་སུས་ཀྱང་ཉན་འཇོག་མི་བྱེད་པ་འདི་ངོ་མ་་་་་་་་་་་ཨ་ཤུ་རེ་ཀོ་་་་
འདི་ལྟར་ང་ངུ་འདོད་ཀྱང་སུས་ཀྱང་རྣ་བ་བླགས་ཀི་མི་འདུག་པ་འདི་་་་་་་་་ཧུ་་་་་་
གོས་ལྭ་རལ་བོ་ཞིག་ངས་ཀྱང་གོན་དང་ན་ད་གཟོད་ང་ཡང་ལང་ནས་འགྲོ་ཐུབ་་་་
གང་ལྟར་དུས་ནམ་ཞར་ངས་ལྭ་དེ་གཏན་སྤངས་ལ་རྩོན་རྒྱུ་ཞེ་གཅིག་གོ་་་་་་
ལགས་སོ།། རྣམ་པ་གཉིས་ཀས་བསམ་ཚུལ་གླེང་བར་སེམས་ནས་དགའ་ཡོད།
དོན་གྱི་རྫུན་མ་ཟེར་ནས་འབྲེལ་སྒྲ་སྦྱར་ན་གོ་བ་མི་འདུག་གོ།
དོན་ལ་རྫུན་མ་ཟེར་ནས་ལ་དོན་བཀོལ་ན་གོ་བ་ཡོད་ཚོད་རེད།
ཡང་ན་དོན་གྱིས་རྫུན་མ་ཟེར་ནས་བྱེད་སྒྲ་སྦྱར་ན་མ་ཆོག་མི་འདུག་བསམ།
སྙན་རྩོམ་གོ་དཀའ་བ་འདི་ཀློག་པའི་གཞུག་ལ་ངལ་གསོ་བའི་ཚབ་དུ་བྲིས་བ་ཡིན་ན་ཁྱོ་དགའ་འམ།
བཤད་འདོད་ཡོད་པའི་གཏམ་ཆག་དེ།
གོ་དོན་མེད་པའི་ཚིག་ལ་སྦྱར།།
བོད་སྐད་བོད་ཡིག་ཆ་མ་ཆག།
ཤི་མ་གསོན་གྱི་རྩོམ་ལ་བསྡེབ།།