ཀླུ་སྨྱོན།
དྲ་གྲོགས་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་ཀྱི་དྲིས་ལན།
དྲ་བའི་རིག་གནས་འདི་ནི་དེང་རབས་སྤྱི་ཚོགས་ཁྲོད་དུ་འབྲེལ་ལམ་གཞན་གྱིས་བསྒྲུན་དུ་མེད་པའི་འབྲེལ་འདྲིས་ཀྱི་ཁོར་ཡུག་ཅིག་རེད་ལ། དགེ་སྐྱོན་གཉིས་ལྡན་གྱི་སྤྱི་ཚོགས་གཞི་རྒྱ་ཆེན་པོ་ཅན་ཞིག་ཀྱང་རེད། སྤྱི་ཚོགས་འདིའི་ཁྲོད་དུ་འཚོ་གནས་བྱེད་དགོས་ཚེ་མི་གཞི་སྲ་བརྟན་དང་མི་གཤིས་འཇམ་པོ་ཞིག་མེད་ཚེ་ཉི་མ་གཅིག་འཆི་ལམ་མ་གཏོགས་བསྙེག་ས་གཞན་ཅི་ཡང་མེད་པའི་དུས་སྐབས་ཤིག་ཀྱང་འཆར་རྒྱུ་ཡོད་ཟེར་བ་བདེན་པར་སྣང་སྟེ། དྲ་རྒྱའི་རིག་གནས་ཀྱིས་སྨྱོ་ལམ་དང་འཆི་ལམ་དུ་དེད་དང་འདེད་བཞིན་པའི་མི་བུ་ལས་ངན་ག་ཚོད་ཅིག་ཡོད་པ་རེད། ད་དུང་དྲ་བའི་རིག་གནས་ཀྱིས་བཟའ་ཚང་ཁ་བྲལ་དང་བརྩེ་དུང་དམར་གསོད་བྱས་དང་བྱེད་བཞིན་པའི་མི་བུ་ཡང་ག་ཚོད་ཅིག་ཡོད་པ་རེད། དྲ་བའི་རིག་གནས་ལ་གཡོལ་ཐབས་བྱེད་པ་དང་རྒྱང་བཀྱེད་བྱས་དང་བྱེད་བཞིན་པའི་མི་སྤྱང་པོ་ཡང་ཅི་ཙམ་ཞིག་ཡོད་པ་རེད། སྤྱིར་ན་ང་ཚོའི་ཀླད་པའི་ནང་གི་རྩ་ཕྲན་གྱི་གློག་པར་ལ་ལྟ་ཐེངས་རེ་རེར་རང་སེམས་འདི་ནི་སྐྱེས་ཙམ་ཉིད་ནས་དྲ་བའི་བཙོན་ཁང་དུ་བཅུག་ཚར་འདུག་ཨང་སྙམ་པའི་བསམ་བློ་མི་སྐྱེ་རང་སྐྱེ་རེད། ཡིན་ན་ཡང་ཇི་སྲིད་སྲོག་གི་དབང་པོ་འདི་མ་འགག་དེ་སྲིད་དུ་ ང་ཚོའི་རྣམ་ཤེས་ལྡོམ་པོ་འདི་ཀླད་རྩའི་དྲ་བ་འདི་ དང་མཉམ་དུ་མི་གནས་ཀ་མེད་རེད་ལ། ཕྱི་རོལ་གྱི་དྲ་བའི་རིག་གནས་འདི་ནི་དེ་དང་མི་འདྲ་བར་ལོ་ཟླ་ཞག་གསུམ་ཇི་ཙམ་ཞིག་གི་དུས་སྐབས་སུ་རང་ཉིད་དང་ཁ་འབྲལ་བར་བྱེད་ཐུབ་མིན་དེ་མི་བུ་རང་གིས་གདམ་ཆོག་པ་ཞིག་རེད། དེའི་ཕྱིར། བདག་གིས་ཀྱང་གནས་སྐབས་ཤིག་ལ་རང་སེམས་ཀྱི་ངལ་གསོ་དང་རང་ཉིད་ཀྱི་དགོས་མཁོ་ཞིག་གི་ཆེད་དུ་དྲ་བའི་རིག་གནས་ཀྱི་ཀློང་ནས་འཁོར་མཚམས་བཞག་པ་ཡིན། ཡིན་ན་ཡང་། ཟླ་དགུ་ཞག་བཅུ་ལྟ་བུ་མི་ཞིག་གི་མངལ་གནས་དུས་སྐབས་རྫོགས་པའི་རྗེས་སུ་ཡང་སྐྱར་དྲ་བུ་ཆུང་ཆུང་ཞིག་གི་ལུས་རྟེན་མི་འཛིན་པའི་ངེས་པ་ཡང་མེད་པ་ཡིན་པས། སྙིང་ཉེ་བའི་དྲ་གྲོགས་ཚོ་བློ་བདེ་མོའི་ངང་ནས་བཞུགས་ཆོག
ྐླུ་སྨྱོན་ལགས།
དྲི་ལན་སྟབས་བདེ་ཞིག་བོད་རིགས་ྐློག་མཁན་ཚོའི་མདུན་ལ་བཞག་པར་བཀའ་དྲིན་ཆེ།
དུས་བབ་ཚང་ནས་ཁ་བ་དྲ་གྲོགས་ཁ་བ་ནག་པོ་དྲན་པའི་སྐྱོ་གླུ་ཁྱར་ཁྱོར་རེ་ཡང་བླངས་མྱོང་སྐབས། རིག་འབྱུང་བས་ཁ་བ་ནག་པོར་སྐད་ཆ་རེ་དྲིས་ཏེ་ལན་སྤྲོད་ངེས་ཡིན་ཅེས་ཁས་བྱླངས་མྱོང་། དེ་རིང་ཁ་བ་ནག་པོས་དངོས་སུ་དྲ་གྲོགས་ཚོར་རྒྱུ་མཚན་ཙམ་བྱིས་ཏེ་ལན་ཙམ་ཞིག་གནང་འདུག་པར་སྙིང་ཐུགས་རྗེ་ཆེ་ཞུ། རང་ཉིད་ངལ་གསོ་དང་དགོས་མཁོ་ཞིག་གི་ཕྱིར་དུ་ཡིན་ན་དེ་རེད། ངལ་གསོ་ཡག་པོ་སྐྱོན་རོགས། རྗེས་སུ་དྲ་བུ་ཆུང་ཆུང་ཞིག་ཏུ་ནམ་སྐྱེ་ལ་སྒུག་རྒྱུ་ལས་གཞན་ཐབས་ཅི་ཡོད། ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་བདེ་བར་སྨོན།
ཨ་ལགས་ཚང་ལ་། ལ་གཞིས་ཞིག་ལེན་རྒྱུ་ཡིན་། ཁོང་ཟླ་དགུ་ཞགས་བཅུ་རིང་སྐུ་ངལ་ཡག་པོ་ཞིག་གསོ་རོགས་གནང་།
ཨ་ལ་རོགས་ལོ་་་་ ་་།
ཡ་ལ་ཡལ་གོ་ཟེར།
རྟ་འདོ་བའི་སྐྱེ་བ་བླང་བླང་ལ།
མགོ་འགུར་ནས་གོན་པ་བྱེད་ལ་འགྲོ་།
རོགས་ཆུང་ལོ་སྐྱེ་བ་བླང་བླང་ལ་།
ཁ་དགོད་ལ་ཚིག་གསུམ་བཤད་ལ་འགྲོ་།
་་་་་་་་་་་་་་་་་་་་་་་་་་་་་་་ཡ་ལ་གོ་། ཟེར
LuNgon, as curious as i am, unfortunately i didn’t get what you have said even a bit. could you kindly translate two of the words below into english, and enlighten me by explaining those paragraphs bellow.
Thanks a lot!
དྲ་བའི་རིག་གནས་
དྲ་བུ་
དྲ་རྒྱའི་རིག་གནས་ཀྱིས་སྨྱོ་ལམ་དང་འཆི་ལམ་དུ་དེད་དང་འདེད་བཞིན་པའི་མི་བུ་ལས་ངན་ག་ཚོད་ཅིག་ཡོད་པ་རེད།
དྲ་བའི་རིག་གནས་ལ་གཡོལ་ཐབས་བྱེད་པ་དང་རྒྱང་བཀྱེད་བྱས་དང་བྱེད་བཞིན་པའི་མི་སྤྱང་པོ་ཡང་ཅི་ཙམ་ཞིག་ཡོད་པ་རེད།
སྤྱིར་ན་ང་ཚོའི་ཀླད་པའི་ནང་གི་རྩ་ཕྲན་གྱི་གློག་པར་ལ་ལྟ་ཐེངས་རེ་རེར་རང་སེམས་འདི་ནི་སྐྱེས་ཙམ་ཉིད་ནས་དྲ་བའི་བཙོན་ཁང་དུ་བཅུག་ཚར་འདུག་ཨང་སྙམ་པའི་བསམ་བློ་མི་སྐྱེ་རང་སྐྱེ་རེད།