Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེ་སྐུལ་སྙིང་ནས་མཆེད་པའི་ཅོང་བརྡ།། སོག་མདའ།

Posted on 2013-01-28 By ཁ་བརྡ་ No Comments on རེ་སྐུལ་སྙིང་ནས་མཆེད་པའི་ཅོང་བརྡ།། སོག་མདའ།

བེའུ་ཆུང་རི་སྒང་ན་འཚོ་བའི་ན་ཆུང་བྱིས་ཕྲུག་སློབ་ལོ་རན་པ་ཡི་ཅོང་བརྡ་གཏོང་བཞིན་འདུག་པས།

མི་ཚེའི་སྒོ་ཕྱུག་ལྷན་མ་སྐྱེལ་ཡར་ལ་ལངས་ནས་སློབ་གླིང་དགའ་ཚལ་དེ་འགྲིམས་པར་དགའ་བ་སྒོམ་རོགས།།

སློབ་དཔོན་དམ་པ་དེའི་ངག་གི་བཀའ་བཞིན་སྒྲུབ་དེ་་ཤེས་རིག་འཕུར་རྩལ་གྱི་འདབ་གཤོག་རང་གར་རྐྱོང་དང་།།

རྣམ་དཔྱོད་རིག་གནས་ཀྱི་གཉོམ་ལག་རྒྱས་དུས་ཉིན་ལ་མ་འོངས་གངས་ཅན་གྱི་བདག་པོ་གངས་ཕྲུག་ཁྱེད་རེད།།

བུ་མོ་ཆུང་ཆུང་དེ་མཚོ་ཁའི་མེ་ཏོག་སེར་ཆེན་རྒྱས་པའི་ཟེའུ་འབྲུ་དེ་དོན་མེད་ཆུད་ཟོས་མ་གཏོང་།།

ལྔ་རིག་སློབ་གླིང་གི་སྒོ་ཐེམ་བྱས་ནས་འདུག་པས་བུ་མོ་གནས་ཡུལ་ལ་མ་སྐྱེལ་སློབ་གྲྭར་སྐྱོལ་རོགས།།

གནས་ཡུལ་སྲི་མོ་ཡི་བཙན་ཁ་ལོ་འགའ་ཡིན་ཀྱང་་རྣམ་དཔྱོད་ཤེས་རིག་གྱི་རྨོངས་པ་མི་ཚེ་གཅིག་རེད།།

ཡག་སྡུག་བཟང་ངན་གྱི་ངོ་བོ་སོ་སོར་དབྱེ་་དེ་རིག་བཟང་བུ་མོ་ཡི་མདུན་ལམ་སློབ་གྲྭའི་ཚལ་རེད།།

 

 

གཉོམ་ལག་རྐྱལ་རྩལ་དེ་རྫོགས་པའི་གསར་བུ་རྒོད་པོ་རྟ་ཕོ་བང་རྩལ་ལ་འགྲོགས་ནས་འབྲོག་ཡུལ་དེ་ནས།།

རང་ཁྱིམ་བཟའ་ཚང་དེ་སྐྱིད་ཀྱི་མཐུ་འོག་དྲོན་པོར་སྙིང་གཏམ་སེམས་ནས་དེ་ཤོད་ལ་ཁྱིམ་གཞི་སྐྱོང་དང་།།

མི་རྫུན་འདུ་ལོང་གི་འཁྲུགས་པའི་གྲོང་ཁྱེར་འདི་དང་རྒྱ་སྲང་ཀྱག་ཀྱོག་གི་ཤོ་རྒྱན་རྩེད་ས་དེ་རུ།།

བསགས་པས་རྒྱུ་ནོར་གྱི་དངུལ་ལོ་ཡོད་པ་དེ་དག་དོན་མེད་དགོས་མེད་དུ་མ་བརླགས་རང་ཁྱིམ་མཁོ་གལ།

 

བཅུ་དྲུག་ལང་ཚོ་ཡི་སྨིན་པའི་གཞོན་གསར་བུ་མོ་ཕ་མ་བྱམས་སྐྱོང་གྱིས་གཉོར་ནས་ཁྱིམ་ནས་འདུག་རོགས།།

རང་ཁྱིམ་གཡང་ཚང་འདིའི་བདག་མོ་ཁྱེད་རང་ཡིན་པས་བཟའ་ཚང་བརྩེ་བ་ཡིས་སྐྱོང་བཞིན་གྲོང་ལ་མ་མདུར་།།

མི་འདོད་ནད་ཡམས་གྱི་ཁེངས་བའི་གྲོང་བརྡལ་ད་ེརུ་རང་ལུས་གཞན་འོག་ལ་བཙོང་པའི་གཞང་ཁང་ནང་ལ།།

དོན་མེད་མི་ཚེ་དེ་སད་པའི་ལུས་བཙོང་བྱས་ན་བུ་མོའི་ཡ་རབས་ཀྱི་མི་གཤིས་ངོ་མ་བརླག་འགྲོ།།

 

སྣ་མང་ཤེས་རིག་དགའ་ཚལ་ཐོད་ཀྱིས་འགྲིམས་པས་རིག་པའི་གཤོག་རྩལ་དེ་རྒྱས་པའི་དཔྱོད་ལྡན་སློབ་བུ།།

མཁོ་མེད་དོན་མེད་གྱི་བྱ་བ་ཅབ་ཆུང་ངན་གོམས་དུ་ཆང་ཤོ་རྩེད་སོགས་རིགས་ལ་དུས་ཀུན་མ་གཡེང་།།

དམ་པ་སློབ་དཔོན་གྱིས་གནང་བའི་ཤེས་བྱའི་གནས་ལ་ལེ་ལོ་བག་ཡངས་ངང་མ་སྡོད་སློབ་ལ་འབོད་དང་།།

མ་འོངས་མདུན་ལམ་གྱི་འོད་སྟོང་རབ་ཏུ་བསྐྲུན་པས་རེ་བའི་ཟེགས་མ་དེ་འདི་རེད་འབད་པའི་བརྩོན་རོགས།།

 

ཁྲི་ཕྲག་སློབ་བུ་ཡི་མདུན་ན་འོད་བཞིན་མཆེད་པས་ཀུན་གྱི་ཉིན་བྱེད་གྱི་སྣང་གསལ་སློབ་དཔོན་དམ་པ།།

ཕུལ་བའི་གླ་ཕོག་ཙམ་ལེན་ཐབས་ཁོ་ན་མིན་པར་ན་ཆུང་ཤེས་རིག་གྱི་དཔལ་ལ་བརྩོན་པས་གྲལ་གྱིས།།

སློབ་པའི་འདུ་ར་ན་འཚོགས་པའི་སློབ་བུའི་ཁྱུ་ཚོགས་དམ་པ་སྐུ་ཉིད་ནི་ལམ་སྟོན་སྒྲོན་མེ་་ཡིན་པས།།

མི་ཚེའི་ལམ་བཟང་གི་ཤེས་བྱའི་རིག་གནས་ཤེས་པར་སློབ་དཔོན་ཁྱེད་ཉིད་ཀྱི་ལེགས་པར་བསྐྱང་བར་འཚལ་གསོལ།།

 

བཙན་པོ་གཉའ་བ་ནས་གནོན་པས་དབང་འབྱོར་ཅན་དང་གཉོམ་ཆུང་མཐའ་བསྐོར་ནས་བསྐྱང་པའི་དཔོན་པོ་དམ་པ་།།

ཐོབ་དང་གོ་ས་དེ་གནམ་ནས་བབས་པ་མིན་ཞིང་དབང་དང་ལོངས་སྤྱོད་དེ་ས་ནས་སྐྱེས་་བ་མིན་པས།།

འདུ་ཚོགས་མི་སྡེ་ཡི་སྤྲད་པའི་དབང་ཐོབ་འདི་ལ་དྲང་བདེན་ཐུགས་གཙང་གྱི་ལམ་ནས་འབངས་མི་ཀུན་ལ།།

བྱམས་དང་བརྩེ་བ་ཡི་དུས་ཀུན་སྤྱན་གྱིས་གཟིགས་པས་མངོན་ལྐོག་རྒྱབ་མདུན་དེ་མེད་པའི་དཔོན་ཞིག་མཁོ་གལ།།

 

དད་པའི་ཕྱག་གསུམ་དེ་ཕུལ་བས་སྐྱབས་ཀྱི་རྟེན་ས་གསེར་ཁྲིི་ཡང་ཐོག་ན་བཞུགས་པའི་བླ་ཆེན་རྣམས་པ།།

བླ་བྲང་རྫིག་ཉམས་གྱི་གསེར་གྱི་འདུ་ཁང་ནང་ནས་ཕུལ་བས་འབུལ་བ་ངོམས་སོ་བརྗོད་ནས་མིན་པར།།

རྣམ་དག་བདེན་བཞིའི་ཡི་ཆོས་གྱི་མཛད་འཕྲིན་འོད་སྣང་བྱམས་དང་བརྩེ་བ་ཡི་འགྲོ་ལ་སྤྱན་གྱིས་གཟིགས་ནས།།

དད་པ་དག་སྣང་གིས་ཁེངས་བའི་དད་ལྡན་སེར་སྐྱ་ཕན་བདེ་དགེ་ལེགས་ཀྱི་ཐར་བའི་ལམ་སྟོན་གནང་རོགས།།

 

བཤད་སྒྲུབ་བསྟན་པ་ཡི་ཆོས་ཀྱི་གྲྭ་རུ་གནས་པའི་ངུར་སྨིག་གོས་དམར་གྱིས་བཀླུབས་པའི་དགེ་སློང་རྣམ་དག།།

མི་སྐྱ་ཁྱིམ་པ་ལྟར་གྲོང་ནས་འདུར་རྒྱུགས་བྱེད་པས་ཚུལ་ཁྲིམས་གཙང་མ་དེ་མེད་པའི་གྲྭ་རྫུན་མིན་པར།།

འཆད་རྩོད་རྩོམ་གསུམ་གྱི་ལུང་རིགས་ཧུབ་ཀྱིས་འདེྲེན་དེ་བསྟན་འཛིན་སྐྱེས་བུ་ཡི་ཆོས་ཀྱིས་རྒྱལ་མཚན་སྒྲེང་ནས།།

ཐུབ་པའི་བསྟན་པ་དེ་འཛིན་མའི་དཔལ་ཏུ་ཤར་ནས་ཡངས་བའི་རྒྱལ་ཁམས་དེར་བདེ་དགའི་ལམ་སྟོན་གནང་རོགས།།

 

སྟོད་ཕྱོགས་རྩྭ་ཐང་གི་གོས་ལྗང་གཡུ་ལོ་ཐོག་གི་ཕྱུགས་རིགས་གཡང་བཞི་དེ་འཚོ་གི་ཟོག་བདག་འབྲོག་པ།།

རི་ཁ་ཁྱིམ་མཚེས་་དང་རི་སྡེ་དཀྱུལ་གསུམ་ཀུན་ལ་ཕུ་ནུ་ནང་འཛིང་གྱིས་རྩྭ་ས་རྩོད་གླེང་མ་བྱེད།།

འགྲིག་མཐུན་ནང་མཐུན་གྱི་སེམས་པ་གཅིག་ལ་བཞག་ནས་ཁྱོད་བཟང་ང་སྐྱིད་ཀྱི་མཐུན་སྒྲིལ་དཔུར་རྡང་ངང་ནས།།

ཡངས་པའི་སྤང་ལྗོངས་གྱི་མཛེས་པའི་དག་ཞིང་འདི་ནས་བདེ་དགའ་འཚོ་བ་ཡིས་དཔལ་ལ་ལོངས་སུ་སྤྱོད་རོགས།།

 

 

ཞིང་ཚིགས་གྲུ་བཞི་ཡི་ལྡེམ་ལྡེམ་སྟོན་ཐོག་འབྲེག་པས་མི་ཚེ་ཞིང་ནང་ལ་ཟད་པའི་ཞིང་པའི་བདག་པོ།།

འབྲུ་དྲུག་ལོ་ཏོག་གི་འཁྲུངས་ཡུལ་ཞིང་ས་བསྐྱུར་་ནས་གྲོང་དང་གྲོང་ཁྱེར་ལ་གནས་ཡུལ་སྤོས་ནས་མ་འགྲོ།།

ཁྱེད་ཀྱི་བཏབ་པ་ཡི་སྐྱེས་པའི་འབྲུ་རིགས་མེད་ན་འགྲོ་བ་མགོ་ནག་གི་འཚོ་བའི་རྟེན་གཞི་མེད་པས།།

དཀའ་སྡུག་རྔུལ་ཆུ་ཡི་དཀའ་བ་རྒྱབ་ལ་ཁུར་ནས་ཞིང་ཚིགས་སྣུམ་པོ་དེ་མ་གཡུགས་ཡུར་མ་ཡུར་རོགས།།།

 

 

རིག་གནས་སྣ་མང་གྱི་མཁྱེན་དཔྱོད་མཁའ་ལྟར་ཡངས་ཞིང་ཡིན་ལུགས་མཁྱེན་ཡངས་མིག་རྒྱང་གསལ་བའི་མཁས་དབང།།

རང་དོན་ཁོ་ན་ཡི་མཁས་ཚུལ་བཟུང་ནས་མིན་པར་མ་ཤེས་རྨོངས་བ་ཡི་ལུས་པའི་རོང་འབྲོག་གྲོང་ནས།།

ག་རེད་འདི་རེད་སློབ་གསོ་བྱ་གཞག་སྒྲུབ་པར་རང་སེམས་ལྷད་མེད་ཀྱི་དཀའ་བ་དང་དུ་བླངས་དེ།།

མ་འོངས་མི་རབས་འདི་སྔོན་གྱི་གྲལ་ལ་ཚུད་པར་རླབས་ཆེན་མི་རིགས་ལ་མཁོ་བའི་ལས་དོན་སྒྲུབ་རོགས།།

 

ཁྲག་རྒྱུན་རུས་རྒྱུན་གྱི་རྒྱུན་ཐག་གཅིག་ལ་བརྒྱུས་པས་བཙན་པོ་ཕ་མཁར་གྱི་བདག་པོ་མགོ་ནག་བོད་པ།།

སིང་སིང་འདུ་འཛི་ཡི་འཁྲུགས་ལོང་ཇི་ལྟར་རྒོད་ཀྱང་མེས་པོ་དམ་པ་ཡི་ཞལ་ཆེམས་སེམས་ལ་ཉར་ནས།

གནའ་རབས་ལོ་རྒྱུས་ཀྱི་ཕྱུགས་པའི་མི་རབས་འདི་ཡི་ཤུལ་བཞག་ནོར་བུ་ཡི་བང་མཛོད་རིག་གནས་མཐའ་དག།།

མི་ནུབ་རྒྱལ་མཚན་བ་དན་དགུང་ལ་འཕྱར་བ་ཤ་གསེང་རུས་གསེང་ནས་རྐང་ཞིག་ང་ཚོ་མཁོ་གལ།།

 

༢༠༡༣་༡་༢༡་ཉིན་རང་ཤག་བྲིས་ཚར།

རྩོམ་རིག

Post navigation

Previous Post: ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭར་ ༼མལ་ཌི་སིན༽བོད་མིའི་རང་སྲེག་སྐོར་གསུང་བཤད།
Next Post: ཁྱེད་ལ་རང་གི་བདེ་འཇགས་དགོས་སམ། སྐད་འཕྲིན་(Wechat) དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (49)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme