སེང་བུ་འབྲུག་ཞོན།
ལ་རྒྱ་འགན་ལྕི་འཁུར་བའི་རྒྱལ་གཅེས་པ།།
སྐད་ཡིག་སྲོག་ལས་གཅེས་པའི་རྟོག་སད་ཅན།།
རང་བདེ་གཞན་ལ་གཏོང་བའི་རྒྱལ་བའི་སྲས།།
བསྟན་སྲིད་མེ་རོ་གསོ་བའི་པན་ཆེན་བསྟོད།།
ཁུར་ཁྱེར་ལྷག་བསམ་མངའ་བའི་སེམས་དཔའ་ཆེ།།
དྭ་ཕྲུག་ཁྲི་ཕྲག་སྐྱོང་བའི་དྲིན་ཆེན་ཡབ།།
འཛད་མེད་ནམ་མཁའ་མཛོད་ཐོབ་རྣམ་ཐོས་སྲས།།
ནུབ་གླིང་མུན་དུ་ཆོས་ཀྱི་སྒྲོན་མེའི་འོད།།
ཟླ་བྲལ་རིགས་ཞེན་དཔའ་མཛངས་ཨ་ཀོང་བསྟོད།།
སུས་ཀྱང་མ་བཀལ་ལྷན་སྐྱེས་འོས་འགན་ཞིག །
ཐུན་མིན་ཐུན་མོང་རེ་རེ་འགྲོ་ཀུན་ལྡན།།
དེ་བཞིན་མི་རིགས་རེ་ལ་ལས་འགན་རེ།།
བོད་མིའི་གཙོ་འགན་སྐད་ཡིག་ཉམས་གསོ་ཡིན།།
ཐུན་མིན་མི་ཡི་འགན་དེ་མ་རྟོགས་ན།།
མི་དེ་དུད་འགྲོ་ལས་ཀྱང་མི་དམན་ནམ།།
ཟས་འཚོལ་ཉེན་འགོག་བུ་ཕྲུག་སྲུང་བ་སོགས།།
མ་བསླབས་དུད་འགྲོས་ཤེས་པས་ཐུན་མོང་འགན།།
གངས་ལྗོངས་སླར་གསོའི་འགན་ལྕི་བོད་མིར་ཡོད།།
མི་རིགས་གསོན་ཆེད་སྐད་ཡིག་ཟུངས་ཁྲག་གསོས།།
འགྱེལ་ནས་ལངས་པར་སྐད་ཡིག་རུས་རྐང་དགོས།།
མི་རིགས་འཆི་གསོན་སྡོམ་ཚིག་སྐད་ཡིག་ཡིན།།
མི་རིགས་ཞིང་ས་གཤིན་པོ་རྨོ་བ་ལ།།
ཆུ་འཛིན་སློབ་གསོ་ཆར་ལ་ནན་ཏན་ཏེ།།
རིགས་ཀྱི་ངོ་བོ་སྐད་ཡིག་ས་བོན་འདེབས།།
བཅུ་ཕྲག་རིག་གནས་འབྲས་བུ་གཡུར་དུ་ཟ།།
ཐུ་བྷོད་ཚེ་སྲོག་གུམ་པའི་གཉན་འཕྲང་འདིར།།
སྐད་ཡིག་ཐབས་ཤེས་ཟུང་གིས་བཙན་ས་རུ།།
བཅུ་ཕྲག་རིག་གནས་གོ་མཚོན་ལག་ཏུ་ཐོགས།།
འཛམ་གླིང་གནའ་དེང་རིག་གནས་དབང་དུ་བསྡུ།།
མ་འོངས་གངས་ཅན་པ་ཡི་ལས་དབང་དེ།།
འུ་ཅག་ཕ་མ་ཀུན་གྱི་ཕྱག་ཟུང་ཡོད།།
བུ་ཚའི་མདུན་ལམ་བོད་ཀྱི་མ་འོངས་ཡིན།།
བུ་ཕྲུག་ཁྱིམ་གཞི་ཟིན་མིན་སྐད་ཡིག་ཐུག །
མི་རིགས་དབུགས་ཀྱི་རྒྱུ་བ་སྐད་ཡིག་ཟུང་།།
གཅོད་བྱེད་བཤན་གྲི་རྣོན་པོ་དབྱིན་རྒྱ་སྐད།།
འགོག་བྱེད་རང་སྐད་གོ་ཁྲབ་གྱོན་པས་ན།།
སྐད་ཡིག་གཞན་གྱིས་གནོད་པ་ཚུགས་རེ་བྲལ།།
ཤ་རུས་ཁྲག་གིས་རིགས་ཀྱི་དབྱེ་མི་འབྱེད།།
ཆས་གོས་ལུགས་གསུམ་བོར་ན་བོད་མི་བོར།།
ཆོས་དང་ཡ་རབས་སྤྱོད་པ་ཀུན་ལ་ཡོད།།
བོད་ཀྱི་སྐད་ཡིག་ཁོ་ནས་བོད་འདི་སྐྱོབ།།
ཞེ་གདང་མ་བསྐོར་ཡིག་རྨོངས་འུར་ཟིང་འགས།།
སྐད་ཡིག་བོད་ཀྱི་བླ་སྲོག་མི་འདོད་ཅིང་།།
རང་དབང་ལུང་དུ་རྐང་རྐྱང་ལག་རྐྱང་ཐོག །
ཁུ་ཚུར་ཀི་སྒྲས་བོད་ཁམས་སྐྱོབ་འདོད་འཁྲུལ།།
ལྟོ་གཉེར་མགྲིན་བཟང་སྐུ་དྲག་བསོད་ཅན་ཚོས།།
སྔར་ནས་བོད་ཀྱི་བསྟན་སྲིད་རྨང་ནས་གཏོར།།
ད་རུང་བོད་ཀྱི་སྐད་ཡིག་སྙིང་རྩ་གཅོད།།
རྒྱལ་ཚོང་སྐུ་དྲག་སྲས་རྣམས་ཨ་ཙ་མ།།
ཨོའུ་སི་ཁྲོལ་ལེ་ཡ་ནས།
སྐུ་ཉིད་ལ་རིགས་ཞེན་དེ་འདྲ་ཡོད་ན། བོད་པའི་སློབ་གྲ་ཞིག་ཏུ་དགེ་རྒན་དང་། བོད་པའི་ཚོགས་པ་སྡེ་ཞིག་ཏུ་ཞབས་ཞུ་མ་བསྒྲུབ་པར། ཨོ་སི་ཀྲི་ལི་ཡར་ག་རེ་གནང་བར་ཕེབས་སམ། ཊོ་ལར་དོན་དུ་མ་རེད་པས། ཁ་བདེ་པོསུས་ཀྱང་ཤོད་ཤེས་ས་རེད།་
རེ་བར་། དེ་གར་བོད་པའི་གཟའ་མཇུག་གི་སློབ་གྲ་ཞིག་ཡོད་འདུག་པས་དང་བླང་དགེ་རྒན་གནང་བའི་རེ་བ་ཡོད། དྲ་འབུ་ལགས
འོ། རིགས་ཞེན་ལགས། དེང་སང་བརྡ་སར་བོད་ཡིག་གིས་ཞབས་འདེགས་ཅིག་ཞུ་བསམ་ནའང་། ལག་འཁྱེར་མེད་ན་ཞུ་ས་མི་རག་པས། བོད་ནས་བསླེབས་པའི་ང་ལས་ཤེས་ཚད་མཐོ་བའི་བོད་ཀྱི་ཤེས་རིག་མཁས་པ་ཚོས། ལས་ཀ་རག་རྒྱུ་ཁག་སེ་འདུག་པས། ང་ལྟ་བུ་རྒྱ་གར་དུ་བསྡད་ན་ཕན་ཐོག་ཅི་ཡང་མ་མཐོང་། མ་ཚད་བོད་ཡིག་ལེགས་པོ་ཞིག་སྦྱང་མཁན་ཤིན་ཏུ་དཀོན། གལ་སྲིད་བོད་ཡིག་དགེ་རྒན་གྱིས་མ་འདང་བའི་གནས་ཚུལ་བྱུང་ན་ངས་རོགས་འདེགས་བྱ་ངེས་ཡིན།
འདི་ལ་བཟའ་འཇུག་ཏུ་བོད་ཡིག་འཛིན་གྲྭ་མིང་ཙམ་ཞིག་ཡོད་རུང་། དེ་ལ་དགེ་རྒན་གྱི་དཀའ་ངལ་མེད་པ་མ་ཟད། ང་ལྟ་བུ་དགེ་རྒན་ཞིག་ད་བར་དགོས་བ་བྱུང་ཡོད་མ་རེད་ལ། ཕྱིན་ཆད་དགོས་པའི་དུས་ཡོང་སྲིད་ཀྱི་མ་རེད། ལགས།
ལྟོ་གཉེར་མགྲིན་བཟང་ཡིན་པས་གཞན་ཡུལ་འགྲིམས།།
སྔར་ནས་བོད་ཞེན་སྐྱོ་པས་རང་ཡུལ་སྤངས།།
ད་རུང་བོད་ཀྱི་སྲོག་རྩ་སྐུ་དྲག་ཚོར་།།
རྒྱལ་ཚོང་ཉེས་མིང་བཏགས་པ་རྒྱ་མིའི་ལུགས།།
རང་ལས་གཞན་ལ་སྨད་པའི་སྨྲ་ཤེས་ཁྱོད།
བོད་སྐད་བོད་སྐད་ཟེར་ནས་ངུ་བ་ལས།།
བོད་དོན་བོད་དོན་ཟེར་ནས་འཕག་ན་དགའ།།
སྐད་གཉིས་གོ་མཉམ་ཡིན་པའི་གཞུང་ཞིག་མེད།
གཞུང་ཡིག་རྒྱ་ཡིག་ཡིན་པའི་རྒྱའི་འོག་ན།
བོད་ལ་རང་བཙན་ལེན་པའི་ཐབས་མེད་ན།
ཐོབ་དང་གོ་ས་དགོས་བའི་རྒྱལ་གཅེ་བས།།
རྒྱ་ཡིག་རྒྱ་སྐད་སྦྱང་ནས་གོ་འཕངས་བསྟོད།
ཕྱི་གྲུ་གླིང་གི་དཔའ་བོ་སྤུན་ཟླ་ཚོ།།
བོད་སྐད་དག་མ་བོད་རིགས་རྣལ་མ་ཞིག།
ཆགས་ན་དགའ་ཡང་དགེ་བ་ལས་ཆེ་སྟེ།
གཞན་སྐད་བཤད་ནས་གོ་ས་ཨེ་ལོན་ལྟོས།།
རྒྱལ་ཁབས་མེད་པའི་སྐད་ཀྱི་རྒྱལ་ཁ་ཞིག།
ས་སྟེང་འདི་ན་ཡོད་པ་ཕ་རིའི་ལ།།
དུས་དང་སྟབས་ལ་མཐུན་པའི་བོད་སྐད་ཞིག།
ཕ་ས་མེད་ན་དར་རྒྱས་འཐུང་སྐད་ཙམ།།
གང་ལ་འགྲོ་དང་གང་ནས་ཡིན་ཤེས་པའི།།
བོད་སྐད་འདི་མོ་ཡོད་དང་མེད་མི་སྐྱོན།
དོན་གྱིས་དགོས་པའི་ཕ་སྐད་གཙང་མའི་བཀས།།
ཆོས་སྲིད་གཞུང་གི་མ་འོངས་སྐྱོབས་ནི་དགོས།།
འདི་འདྲ་སྐྱོབས་པའི་སྐད་དཔང་མ་ཡོད་ན།
འདི་འདྲ་བཤད་པར་ཤད་ཤུགས་ཆུང་ནི་རེད།
རྒྱལ་ཁ་མེད་པར་གྱོང་ཁ་ཟ་ནི་རེད།
རྩལ་དགུ་དོན་ནས་གཞན་རྗེས་ཨེ་ཟིན་ལྟོས།།
ལས་རྒྱུ་མི་རིགས་གཞན་པའི་གཡོག་ལས་རེད།
ཤེས་བརྒྱ་རང་རིགས་རིག་ན་སྨད་ཤེས་ཙམ།།
མདུན་ཕྱོགས་རྒྱས་སྤྲོས་མེད་པའི་འཁྱམས་པོ་ཚོས།།
མཆུ་ཁ་ནང་ལ་མ་སྐོར་ཨ་ཙ་མ།
བོད་སྐད་བོད་ཡིག་བརྩིགས་རྨང་མ་འདིང་ནས།།
བོད་དོན་གཞལ་ཡས་ཁང་ཞིག་འགྲུབ་འདོད་དེ།།
རྩ་བ་བོར་ནས་ཡལ་གར་འཇུས་དང་མཚུངས།།
མ་གཉིད་ཉིན་མོའི་རྨི་ལམ་ཤ་རེ་ཚ།།
ཐོབ་དང་གོ་ས་རྒྱས་སྤྲོས་དོན་གཉེར་བ།།
ཤ་ཚའི་གཏམ་ལ་སྨད་ཅིང་ལོག་འཛིན་ཅན།།
ང་ཡི་ཐག་ཉེར་ཡོད་པའི་དྲྭ་འབུ་ལགས།།
དང་པོ་སྐད་ཡིག་རིན་ཐང་ཤེས་པ་བྱོས།།