བསོད་ནམས།
བོད་ནས་འབྲེལ་ཡོད་ཞིག་གིས་བརྗོད་གསལ་ལྟར་ན། སང་ཉིན་ནས་བཟུང་རེབ་གོང་དུ་ཉེ་ཆར་གྲྭ་འཇམ་དབྱངས་དཔལ་ལྡན་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་རང་ལུས་མེར་བསྲེགས་སྐབས་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་དང་། དྲ་རྒྱ་སོགས་བརྒྱུད་ནས་ཕྱི་ལོག་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་དོགས་ཡོད་རྣམས་བསྐྱར་དུ་ཉེན་རྟོག་ལས་ཁུངས་དུ་འབོད་འགུགས་དང་། འདྲི་བརྩད་དང་དམ་དྲགས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག།
ཉེ་ཆར་དོགས་ཡོད་མི་སྣ་འགའ་ཉེན་རྟོག་ལས་ཁུང་དུ་འཁྲིད་ནས་འདྲི་བརྩད་བྱས་འདུག་མོད། སྐབས་དེར་བཀག་ཉར་སོགས་བྱས་པ་ཡིན་ན། མི་མང་གིས་བསྐྱར་དུ་ངོ་རྒོལ་བྱེད་རྒྱུར་དོགས་ནས་བཀག་ཉར་དང་བཙོན་འཇུག་སོགས་མ་བྱས་པར་བཞག་ཡོད་ན་ཡང་། ཁ་སང་དེ་རིང་མི་མང་པོ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་བཞིན་ཡོད་པ་དང་སྟབས་བསྟུན་ནས་དོགས་ཡོད་རིགས་ལ་འདྲི་བརྩད་བཀག་ཉར་དང་། དམ་དྲག་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ཉེ་ཆར་སྤྱི་ཟླ་གསུམ་པའི་ནང་རེབ་གོང་དུ་རང་ལུས་མེར་བསྲེགས་དང་སློབ་མའི་མའི་ངོ་རྒོལ་སོགས་བྱུང་བ་ལ་བརྟེན་ནས། རེབ་གོང་ནས་ལས་བྱེད་འགའ་གོ་གནས་ནས་མར་ཕབ་སྟེ་ལས་མེད་དུ་བཞག་ཡོད་འདུག ཐུན་རིན་རྫོང་དབྱི་ཧྤུ་སློབ་འབྲིང་གི་སློབ་སྤྱི་ཐོ་རྒྱའི་བོད་སྐོར་ནས་ཡིན་པ་རྡོ་རྗེ་རྒྱལ། དགེ་འདུན་ཆོས་འཕེལ་གྱི་སློབ་འབྲིང་གི་སློབ་སྦྱི། ཐུན་རིན་རྫོང་བཅའ་སྡོད་སློབ་ཆུང་གི་སློབ་སྤྱི་རོང་བོ་ལྷ་ལྡེ་ནས་ཡིན་པ་པད་མ་ཚེ་བརྟན། ཐུན་རིན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་བཀའ་རྩེབ་གདོང་གི་ལྷ་འབུམ་མཁར་བཅས་གོ་གནས་ནས་ཕབ་འདུག་ལ། དེ་ནི་རེབ་གོང་ནས་བོད་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་དང་རང་དབང་མུ་མཐུད་ནས་གནས་དགོས་པའི་རེ་འདུན་བཏོན་ནས་ངོ་རྒོལ་རིམ་བསྟུད་བྱས་པར་གཞུང་གི་ཐག་གཅོད་ཀྱི་རིམ་པ་ཞིག་ཡིན་འདུག
ད་དང་མ་ཡིག་ཟུང་གི་རྣ་ཟིན་སྤུ་ཟིན་བཞུགས་སོ།།
༄༅།། ཆེ་དང་མ་ཆེ་༧རྒྱལ་བའི་ཐུགས་རྗེ་ཆེ། ཁྱབ་དང་མ་ཁྱབ་གང་གིས་མཛད་པས་ཁྱབ།
འཐོབ་དང་མ་འཐོབ་བློ་བཟང་སེངྒེར་འཐོབ། ཕམ་དང་མ་ཕམ་བཀྲས་མཐོང་བསྟན་རྣམ་ཕམ།
ལྷོད་དང་མ་ལྷོད་བཀའ་ཟུར་བཀྲས་དབང་ལྷོད། ངན་དང་མ་ངན་ཨ་ལགས་འཇིགས་མེད་ངན།
གྲུང་དང་མ་གྲུང་རྒྱ་རི་བློ་གྲོས་གྲུང་། བཙན་དང་མ་བཙན་ཟམ་གདོང་བླ་མ་བཙན།
བརྟན་དང་མ་བརྟན་ཚོགས་གཙོ་སྤེན་ཚེ་བརྟན། རྒོད་དང་མ་རྒོད་ཟླ་བ་ཚེ་རིང་རྒོད།
འཕར་དང་མ་འཕར་བདེ་སྐྱིད་ཆོས་དབྱངས་འཕར། སྐྱིད་དང་མ་སྐྱིད་སྐལ་བཟང་ཨོ་གར་སྐྱིད།
ངུས་དང་མ་ངུས་རྒྱ་རི་སྒྲོལ་མས་ངུས། བཏོན་དང་མ་བཏོན་བུད་མེད་ཚོགས་པས་བཏོན།
གུད་དང་མ་གུད་སྒྲོལ་དཀར་ལྷ་མོ་གུད། ཐོར་དང་མ་ཐོར་ཆུ་བཞི་སྒང་དྲུག་ཐོར།
འཐོམ་དང་མ་འཐོམ་ཁྲི་ཟུར་ལུང་རིག་འཐོམ། ཕྱུག་དང་མ་ཕྱུག་ཀརྨ་པ་རང་ཕྱུག །
བྲིས་དང་མ་བྲིས་འཇམ་དབྱངས་ནོར་བུས་བྲིས། ངར་དང་མ་ངར་ལྷ་དར་ཚེ་རིང་ངར།
བསྐོར་དང་མ་བསྐོར་བསྟན་འཛིན་བརྩོན་འགྲུས་བསྐོར། བཤད་དང་མ་བཤད་ལྷ་མོ་མཚོ་ཡིས་བཤད།
ཕྱིན་དང་མ་ཕྱིན་གླིང་ཚང་ནང་མིས་ཕྱིན། ཕན་དང་མ་ཕན་ཟས་བཅད་གསུམ་པོས་ཕན།
སྡུག་དང་མ་སྡུག་ལོ་གསར་མེད་པས་སྡུག །མྱང་དང་མ་མྱང་བོད་ནང་བོད་མིས་མྱང་།
ཉལ་དང་མ་ཉལ་འཛམ་གླིང་རྒྱལ་སྤྱི་ཉལ།
ཉིན་ཤས་སྔོན་ནས་ཁ་བརྡ་རྩོམ་བྲིས་ཐོག་འགོད་རྒྱུར་བཏང་ཡང་འདིའི་ཐོག་བཀོད་མ་སོང་།།
ངོ་མ་བློ་ཕམ་ཆེན་པོ་བྱུང་སོང་།ཁོང་ཚོ་ཆ་ཚང་ངོ་ཤེས་དང་གྲོགས་པོ་དང་སློབ་གྲོགས་དག་རེད།གང་ལྟར་ཁོང་ཚོས་བོད་སྐད་ཡིག་གི་ཆེད་དུ་ལས་འགུལ་སྤེལ་བ་ཞིག་ཡིན་པས་ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡོད།
བསོད་ནམས་ལགས་ནས་གནས་ཚུལ་མཁོ་གཏོང་གནང་བར་ཐུགས་རྗེ་ཆེ།
བོད་ནང་ངོ་མ་དམ་པོ་འདུག ཚང་མས་གཟབ་གཟབ་གནང་རོགས།
ང་ཚོས་དགོས་ངེས་གནད་ལ་ཕིག་པའི་ལས་དོན་བསྒྲུབ་པ་ལས། བཙན་བྱོལ་ནང་དུ་ཚོགས་པ་དང་མི་སྒེར་གྱི་མིང་གྲགས་ཆེད་དང་། གསར་འགྱུར་ཚ་པོ་ཡིན་མདོག་གིས་བོད་ཀྱི་གསང་བ་ཚང་མ་ཁྲོམ་བསྒྲགས་བྱེད་དྲག་ན། སྡུག་པོ་མྱང་མཁན་བོད་ནང་གི་བོད་མི་ཚོ་རེད།
ངོ་མ་གཟབ་གལ་ཆེ་བར་མཐོང་། ཚང་མར་ཞུ་ཡི་ཡོད།།
དྲ་གྲོགས་གཉན་གཡག་ཕྲུག་གི་རྩོམ་ཡིག་འདིའང་སྙན་པོ་དང་། དགོད་བྲོ་པོ་འདྲ་པོ་ཞིག་ལ། ནང་དོན་ཡང་དོན་སྙིང་ལྡན་པ་འདུག
བཙན་བྱོལ་ནང་གི་མི་སྣ་གྲགས་ཅན་ངོ་སྤྲོད་ཡིན་ས་རེད།
ཚང་མ་འདྲ་པོ་འདུག དངོས་ཀྱང་ཡིན་སྲིད།
ཆེ་དང་མ་ཆེ་དབྱིན་ཇིའི་རླིག་པ་ཆེ། ཁྱབ་དང་མ་ཁྱབ་འཛམ་གླིང་ཡོངས་ལ་ཁྱབ། འཐོབ་དང་མ་འཐོབ་བོད་པའི་བོུ་ལའང་འཐོབ། ཕམ་དང་མ་ཕམ་བོད་ཕྲུག་ཚང་མ་ཕམ།། །།
གཉན་གཡག་ཕྲུག་གིས་དངོས་ནས་ཡག་པོ་ཞིག་བྲིས་འདུག ཁ་སང་དེ་རིང་ཁ་བརྡ་ཚང་གིས་རྩོམ་ཡིག་རིན་ཐང་ཅན་དྲ་ཚིག་ངོས་སུ་སྤེལ་གྱི་མེད་པ་འདྲ། གང་སྲིད་ཁྱེད་རང་གིས་ཀྱང་༧གོང་ས་མཆོག་གམ། བོད་གཞུང་ལ་ངན་ཚིག་ལུང་པ་གང་བྲིས་ནས་ཐོངས་དང་། དེ་ནས་ཁ་བརྡ་ཚང་གི་ལམ་སེང་དྲ་ངོས་སུ་སྤེལ་ཡོང་གི་རེད།
གཉན་གཡག་ཁྱོ་ལ
རང་ལུགས་གང་ལ་མི་གཏོགས་པའི་བྱེད་སྒྲ་ལྡོམ་པོ་འགའ།
ཁྱབ་དང་མ་ཁྱབ་གང་(གིས)་མཛད་པས་ཁྱབ།
ངུས་དང་མ་ངུས་རྒྱ་རི་སྒྲོལ་(མས)་ངུས།
ཕྱིན་དང་མ་ཕྱིན་གླིང་ཚང་ནང་(མིས)་ཕྱིན།
ད་དུང་དུས་གསུམ་ཕྱོགས་ལ་གཟབ་ན་བཟང་།
དེ་མིན་ངས་འདི་ནས་ཚིག་བཞི་ཞིག་སྒྲིག།
བོད་པ་བོད་པའི་བར་ན་རྩོད་རྒྱུ་ཇེ་མང་རེད།།
བོད་པ་དགྲ་ཡི་སྔུན་ན་འདར་རྒྱུ་ཇེ་མང་རེད།།
བོད་པའི་ཆབ་སྲིད་པ་ལ་གཡོ་སྒྱུ་ཇེ་མང་རེད།།
བོད་འདི་སྐྱོབས་པར་འདོད་པའི་སྐྱེ་བོ་ཉུང་ས་རེད།།
བསོད་ནམས་ཀྱི་རྩོམ་དེ་གལ་འགངས་ཤིན་དུ་ཆེ། ཕྱི་ནས་བོད་ཀྱི་གནས་སྟངས་ལ་དོ་སྣང་བྱེད་མཁན་གྱི་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཚང་མས་ཤེས་དགོས་པའི་གནས་ཚུལ་རེད།
གཉན་ཡག་གི་མཆན་འདི་དེ་དང་རྩོམ་གཉིས་འབྲེལ་བ་མིན་འདུག ངས་བལྟས་ན་ཁ་བརྡས་བླངས་ན་འགྲིགས། གཞོན་ནུ་ཟླ་མེད་ལགས་ཀྱིས་གསུངས་པ་ནང་བཞིན་ཁ་བརྡ་འདི་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་མགོ་ལ་རྒྱག་མཁན་འདི་འདྲ་རེད་མིན་འདུག མ་གཞི་ནས་གང་ཟག་ལ་མི་བརྩོད་པར་ཆོས་ལ་བརྩོད་པ་འདི་རང་ཚོའི་རིག་གཞུང་གི་ཡོན་ཏན་ཆེན་པོ་ཞིག་ཡིན་སྟབས། ལྟ་བ་དང་སྤྱོད་པར་བརྩོད་པ་འདི་འགྲིགས་འདུག གཞོན་ནུ་ཟླ་མེད་ལགས་ཀྱང་འདིའི་ཐད་ལ་རྣམ་དཔྱོད་ཡོད་མཁན་ཞིག་གི་ཁོངས་སུ་གཏོགས།
རྒྱ་གཞུང་གིས་གོ་སྐབས་དང་བསྟུན་ནས་མནར་སྤྱོད་གཏོང་བ་འདི་ཁོང་ཚོའི་གོམས་སྲོལ་ཆགས་ཚར་བ་རེད། ང་ཚོ་བོད་མི་ཚོས་བོད་ཀྱི་བདེན་དོན་དང་འབྲེལ་བའི་ལས་ཀ་ཆེ་ཕྲ་གང་ཞིག་བྱས་ཚེ་ད་ནི་རྒྱ་ནག་གཞུང་གིས་འཇུ་ངེས་རེད་ཟེར་བཞིན་ཁོང་ཚོའི་སྐྱུག་བྲོ་བའི་བྱ་སྤྱོད་ལ་ཁོར་ཡུག་བསྐྲུན་བཞིན་པ་རེད། ལས་འགུལ་སྤེལ། སྤེལ་མཁན་འཇུས། གསོད་གཏུབ། བཙོན་འཇུག་བྱེད་པ་འདི་རྫོགས་དགོས་ན། ས་གནས་གང་ནས་ལས་འགུལ་སྤེལ་བ་དེའི་རྒྱུན་མཐུད་དེ་ས་གནས་མི་མང་སྡེབས་ལངས་ཀྱིས་ལྷོད་ཡངས་ནམ་ཡང་གཏོང་རྒྱུ་མེད། བདེན་དོན་བཤད་ཆོག་པ། སྐད་གསེང་མཐོན་པོས་རྟག་ཏུ་བཤད་ཆོག་པ་བཅས་ཀྱི་ཆེད་སེར་སྐྱ་དྲག་ཞན་ཚང་མས་ངེས་པར་དུ་རིག་པ་སྒྲིམ་དགོས་པ་རེད། མི་སུ་གཅིག་ལའང་དོན་མེད་མ་ཉེས་ཁག་གཡོག་ཕོག་ཏུ་འཇུག་མི་འཇུག་ལས་འགུལ་དེ་མི་མང་སྡེབས་ལངས་ཀྱིས་རྒྱུན་མཐུད་མ་མཐུད་ལས་རག་ལས་སྟབས། ངེས་པར་དུ་དེ་ལྟར་ཞི་བའི་སྒོ་ནས་གནང་རོགས། གོ་གནས་ཕབས་པ་དང་བཙོན་ལ་འཇུག་པ་སོགས་འབྱུང་གི་ཡོད་ན། མི་མང་སྡེབས་ལངས་ཀྱིས་ཞི་བའི་སྒོ་ནས་འདྲི་རྩད་གཏོང་དུ་ཕེབས་དགོས། རྒྱུ་མཚན་གསེད་བཀྲོལ་བྱ་རེ་བཅས་ཀྱིས་ངེས་པར་དུ་རྡོག་རྩ་གཅིག་སྒྲིལ་གནང་རོགས།
གོང་གི་ཟླ་མེད་ཀྱི་སྐད་ཆ་འདི་ལ་ངོས་ལེན་བྱེད་རྒྱུ་ཅིག་དཀའ་གི འདིས་འདི་མོ་ཟིག་གང་ནས་མཐོང་བ་ཡིན་ནམ། ཕ་ཡུལ་ནས་དཀོར་གྱིས་ཚིག་ན་ཅིག་དཀའ་རབ་ཟེར། ཨ་སྒོར་གྱིས་ཚིག་ན་ར་ཅིག་དཀའ་གི་པ། ཁ་བརྡ་ཚང་གིས་རྩོམ་དེ་འདྲ་ལམ་སེང་དྲ་ངོས་སུ་བཞག་པ་ཞིག་ངས་ནི་མི་དྲན་གི
གཞོན་ནུ་ཟླ་མེད་ལགས།
དྲ་ཚིགས་འདིའི་རྩོམ་ཡིག༼རྒྱ་ཡེ་བཀྲ་བྷོ་ཡིས་རྒྱལ་རབས་འཆད་པ།༽ དང་ ༼བྱ་སྤྲེལ་གཏམ་རྒྱུད་དང་སྐར་ལྔའི་དར་དམར། ༽ཞེས་པ་གཉིས་ཀྱི་གཤམ་ལ་ཁྱེད་རང་ལ་ལན་ཞིག་བཞག་ཡོད་པ་དེ་གཟིགས་ཡོད་ངེས། ང་དགོན་ཆུང་གི་གྲྭ་ཆུང་ལས་བྱས་མ་མྱོང་སྟེ། མདོ་སྔགས་རིག་གནས་དང་བཅས་པར་བག་ཆགས་གསལ་པོ་ཞིག་བཞག་པའི་སྤོབས་པ་དགེ་བར་ཡོད་པ་ཞིག་ཡིན། ཁྱེད་རང་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་ཞིག་ཞུ་འདོད་པ་ཡིན། རྒྱལ་རབས། ལོ་རྒྱུས། རྩོམ་རིག་སོགས་བགྲོ་གླེང་བར་ཕེབས་ནའང་དགའ་སྤྲོས་བསུ།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
ལྐུག་དང་མ་ལྐུག་གཞི་སྡོད་བོད་མི་ལྐུག།
བསྲེགས་དང་མ་བསྲེགས་མི་ལུས་རིན་ཆེན་བསྲེགས།།
གཅང་དང་མ་གཅང་བཙན་བྱོལ་གཞུང་ཚོགས་གཅང་།།
རྒྱལ་དང་མ་རྒྱལ་རྒྱུ་ནོར་ལོངས་སྤྱོད་རྒྱལ།།
བཙོངས་དང་མ་བཙོངས་གངས་ཅན་ཡུལ་དེ་བཙོངས།།
སྐྱིད་དང་མ་སྐྱིད་གངས་ཅན་སྐྱིད་གཤོང་སྐྱིད།། །།
དགེ་རྒན་བཀའ་དྲིན་ཅན་པོ།།
ཀ་ཁ་ངག་ལ་སློབ་མཁན།།
དེ་རིང་ལས་མེད་ཆགས་པ།།
ཡིད་སེམས་སྐྱོ་བའི་ཁེངས་སོང་།།
ཡུལ་རེབ་གོང་དུ་དམ་དྲག་བྱས་པའི་གནས་ཚུལ་སྤེལ་ཡ་འདི་བཙན་བྱོལ་བོད་གཞུང་སྤྱང་པོ་རེད། དཔེ་ཆ་བཟའ་གི་འདུག མི་ག་གེ་མོས་ཅིག་ཅིག་ཅིག་བྱེད་གི་འདུག མྱུག་མྱུག་མྱུག་བྱེད་ཀི་འདུག་ཟེར་ནས་བླ་བཙགས་ཞབས་རྡུང་ཡ་གི་ཆེད་དུ་ག་ནས་ཡིན། ཁ་ཚོད་མེད་ཡིན་ཡང་། ཚིག་ལ་བདག་པོ་དགོས་པ་རེད་ལོ། བླུན་རྨོངས་རྣམ་པ།
བོད་གངས་ཅན་ཡུལ་དུ་རྒྱ་ཡི་དམ་དྲག་དེས།
ས་གངས་ཅན་སྐྱིད་གཤོངས་དངུལ་གྱི་ཆར་པ་བབ།
ཁྱོད་གཞིས་བཞུགས་བོད་མིའི་སེམས་ཤུགས་དྲོན་མོ་དེ།
ངེད་བཙན་བྱོལ་གཞུང་དམངས་གསོ་བའི་སྨན་མཆོག་ཡིན།