བོད་ཀྱི་དུས་བབ་ལས་དྲངས།
འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ནས་བོད་ཨ་མདོའི་ཕྱོགས་ཀྱི་ལོ་གསར་ཡིན་ཡང་། བོད་ནང་རང་ལུས་མེར་བསྲེགས་རིམ་བསྟུད་དུ་བྱུང་བས་བོད་ནང་གི་བོད་མི་ཚོས་ད་ལོའི་ལོ་གསར་གཏོང་གི་མེད་པ་ལྟར། མདོ་སྨད་རེབ་གོང་དུའང་ལོ་གསར་རྒྱུའི་ཚབ་ཏུ་མ་ཎི་གསོག་འདོན་དང་བསྔོ་སྨོན་སྐྱབས་འཇུག་གནང་བཞིན་ཡོད་འདུག
གནས་ཚུལ་བཏང་འབྱོར་ལ། རྒྱུན་སྲོལ་ལྟར་ན་ལོ་གསར་ཚེས་ ༡ ། ༣། ༥། ༩ བཅས་སུ་གཉེན་སྟོན་དང་ཁང་སྟོན། གྱ་སྟོན། མནོལ་སྟོན་སོགས་ཀྱི་བྱེད་སྒོ་གལ་ཆེན་རིགས་སྤེལ་སྲོལ་ཡོད་ནའང་། ད་ལོར་རེབ་གོང་གི་སྡེ་བ་ཡོངས་ཀྱིས་བྱེད་སྒོ་དེ་རིགས་རྟེན་འབྲེལ་ཙམ་རྒྱས་སྤྲོས་གང་ཡང་མེད་པ་བྱས་ཏེ། དེའི་འགྲོ་གྲོན་རྣམས་མཆོད་མེ་དང་བསྔོ་སྨོན་ཞལ་འདེབས་སུ་འབུལ་གྱིན་ཡོད་འདུག
ལོ་སར་ཚེས་གཅིག་ཉིན་ནས་བཟུང་སྡེ་བའི་གཞུང་དང་མི་ཚང་རེ་རེ་བཅས་མ་ཎི་གསོད་འདོན་གནང་ཡོད་པ་དང་། ལོ་གསར་མཇུག་བསྡུ་བའི་ཉིན་ཏེ་ཚེས་ ༩ ཉིན་སྡེ་མི་ཚང་མ་མཉམ་འཛོམས་ཀྱིས་མཆོད་མེ་འཇོག་པ་དང་མ་ཎི་གསོག་འདོན་གནང་བ་སོགས་བྱས་ཡོད་པ་ལས། ལོ་གསར་མཇུག་སྡོམ་མཛད་སྒོའི་འགྲོ་གྲོན་ཡོངས་རྫོགས་ཚེས་ ༡༥ ཉིན་རེབ་གོང་རོང་བོ་དགོན་ཆེན་གཙོས། རང་རང་ས་ཁུལ་གྱི་སྨོན་ལམ་ཚོགས་སྲོལ་ཡོད་པའི་དགོན་པ་ཁག་ཏུ་ཕུལ་ཏེ། ཚེས་ ༡༥ ཉིན་ཡུལ་མི་ཚང་མས་རང་ལུས་མེར་བསྲེགས་བཏང་བ་རྣམས་ཀྱི་ཆེད་དགེ་བ་རྫོགས་ཞིང་དུ་བསྔོ་རྒྱུ་ཡིན་འདུག
ཧ་ཅང་བཟང་གི རེབ་གོང་བ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བཟང་གི བླ་བྲང་དང་མཛོ་དགེ ཐེ་བོའི་སོགས་ཀྱི་ས་ཁུལ་མི་ཉུང་པ་ཞིག་གིས་ལོ་སར་གྱི་ཚེས་གཅིག་བཏང་མི་འདུག ཡག་པོ་རེད། དེ་ནི་ཚང་མ་མཉམ་ཞུགས་ཐུབ་པའི་ཞི་བའི་ལས་འགུལ་རེད། ཞི་ལས་འགུལ་ལ་ནུས་བ་དགོས་ན་ཚང་མཉམ་ཞུགས་བྱས་ཏེ་ཐོབ་ཐང་རྩོད་རྒྱུ་དེ་རེད། ཚང་མ་མཉམ་ཞུགས་བྱེད་མ་ཐུབ་ན་ཞི་བའི་ལས་འགུལ་ལ་ནུས་ཤུགས་ཐོན་་དཀའ། རྒྱུན་མཐུད་དུ་སྤེལ་མ་ཐུབ་ན་དེ་བས་ཀྱང་ངོ་།
རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་འདི་དངོས་གནས་མ་འདྲ་བ་ཞིག་རེད། བོད་གངས་ཅན་གྱི་རིག་གནས་སྒྱུ་རྩལ་ཆབ་སྲིད་དང་བཅས་པའི་དཀྱིལ་སྙིང་དུ་འགྱུར་བཞིན་པར་གུས་འདུད་ཞུ།