འདི་གར་ཚེས ༡༦ ཉིན་གནས་ཚུལ་འབྱོར་གསལ་ལྟར་ན། རེབ་གོང་ནས་མེར་བསྲེགས་ལས་འགུལ་འདི་སྐོར་མུ་མཐུད་མི་སྤེལ་བའི་ཆེད་མེར་མི་བསྲེགས་པའི་ཆེད་མཛུལ་ཐེལ་གནོན་འཇུག་གི་ཡོད་གནས་འདུག
རེབ་གོང་མདོ་བ་འབྲོག་ཁུལ་དུ་ཁྱིམ་བདག་ལ་བཙན་གྱིས་མཛུབ་ཐེལ་གནོན་བཅུག་ནས། རང་གི་བཟའ་མིའི་ནང་དུ་མེར་བསྲེགས་གཏོང་མཁན་འབྱུང་མི་ཆོག་པའི་ཁག་ཐེག་བྱེད་འཇུག་གི་འདུག་ཟེར། གལ་སྲིད་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བ་ཡིན་ན། ཁྲིམས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་འགྲེལ་བརྗོད་ཀྱང་བྱེད་ཀྱིན་ཡོད་འདུག དེ་མཚུངས་དགེ་འདུན་པ་རྣམས་ལའང་དེ་ལྟར་མཛུབ་ཐེལ་གནོན་འཇུག་གི་ཡོད་འདུག
ད་དུང་གནས་ཚུལ་གཞན་ཞིག་ལ་རེབ་གོང་ནས་མེར་བསྲེགས་ཀྱི་གནས་ཚུལ་ནམ་བྱུང་ལ་རོང་འབྲོག་དབྱེ་བ་མེད་པར་འདས་པོའི་ནང་མིར་ཐུགས་གསོ་དང་། མཆོད་མེ་ཞལ་འདེབས་འབུལ་བར་ཡོང་གི་ཡོད་པ་དང་། ད་ཐེངས་ཙམ་མིན་པར་ང་ཚོ་ཡང་ནས་ཡང་དུ་ཁྱེད་ཅག་ལ་སྐོར་རྒྱག་གི་ཡོང་གི་ཡིན་ཞེས་བཤད་ཀྱིན་ཡོད་པ་མ་ཟད། སྡེ་བ་སོ་སོ་དང་དགོན་པ་སོ་སོའི་གཞུང་ངོས་ནས་ཀྱང་འདས་པོའི་ནང་མིར་ཐུགས་གསོ་དང་། མར་མེ་ཞལ་འདེབས་འཁྱེར་ནས་ཡོང་གི་ཡོད་འདུག་མོད། ཁ་སང་ཕྱི་ཚེས་༡༦ ཉིན་ནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་དག་གིས། འཚོགས་འདུ་བསྡུས་ནས་རྗེས་ཕྱོགས་དགོན་གཞུང་དང་སྡེ་གཞུང་ནས་འདས་པོའི་ནང་མིར་ཐུགས་གསོར་ཡོང་མི་ཆོག་པ་དང་། ཡོང་ན་དགོན་བདག་དང་སྡེ་དཔོན་ཁག་ལ་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་ཀྱི་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་འདུག
གནས་ཚུལ་ཕྱོགས་སྒྲིག་པ། བོན་རྒྱ་བསྟན་འཛིན་རབ་རྒྱས།
རྒྱ་མིའི་རང་བཞིན་གསལ་པོར་མཐོང་གི་འདུག་ག
ཧ་ཧ་ད་ཡིན་ན་ཁྱི་རྒན་འདི་མཚོ་སྐྱག་པ་ཤོར་གི་འདུག་བ་བོད་མི་ལ་མགོ་སྐོར་བཏང་ནས་དངུལ་སྤྲོད་ན་ཨེ་དྲགས་བལྟ་དེ་ལམ་ལྷོང་མ་བྱུང་དུས་ད་དྲག་ལས་བྱེད་ཡག་ཐབས་ཤེས་བལྟ་གི་འདུག་དངོ་ནས་གདོང་འདྲེ་འདི་མཚོ་ལ་ལས་རྒྱུ་འབྲས་ད་ལྟ་རང་འཁོར་བ་ཤོག་།
གདོང་དམར་རྩམ་ཟན་རྒན་པོའི་ཞལ་རྒྱུན་ལ། མི་ངན་གྱི་ཇུས་ངན་བཤམ་གསུངས་ཡ་དེ་དངོས་བདེན་རེད་འདུག ད་བྱེད་ཐབས་བྲལ་ནས་ཉེ་འབྲེལ་དང་དགོན་པ་ལ་མནར་གཅོད་གཏང་ཉེན་ཆེ་ཡ། རྒྱ་ནག་འདི་དངོས་གནས་ཁོག་ནག་དང་གོས་ནག་ཅན་བསམ་ནག་བཅས་རེ་རེ་ནས་རེད་འདུག་ཡཱ།།
རེ་རྐོང་ཡ། མཁས་དབང་ཚོ། ང་ཚོས་ནམ་ཡང་རྗེད་མི་སྲིད་དེ། གནས་དེར་ན་བླ་མ་ཙོང་ཁ་པས་འབྲི་སྨྱུག་ལྷག་མྱོང་བའི་ལོ་རྒྱུས་ལས་དགེ་ཆོས་སོགས་མཁས་པའི་དབང་པོ་ཇི་སྙེད་ཅིག་ཕེབས་ནས་བོད་རིག་པར་བྱས་རྗེས་རླབས་ཆེན་ཇི་ཙམ་བཞག་ཡོད་དམ། རེ་རྐོང་ཡ། དཔའ་རྒོད་ཚོ། ང་ཚོས་ནམ་ཡང་རྗེད་མི་སྲིད་དེ། གནས་དེར་ན་གླིང་གི་རྒྱ་ཚ་ཞལ་དཀར་གྱི་དཔའ་དམ་ལྷག་མྱོང་བའི་ལོ་རྒྱུས་ལས་སྙིང་དཀར་བཀྲ་ཤིས་སོགས་རང་སྲོག་སྤྱི་དོན་དུ་བཏང་བའི་དཔའ་རྒོད་དུ་མས་ས་ཡ་དྲུག་གི་དགྲ་བོ་རྒྱ་དམར་ལ་འཚེ་མེད་ཞི་བས་རྒོལ་ལན་གནང་ནས་རླབས་ཆེན་གྱི་བྱ་བཞག་ཇི་ཙམ་བསྐྲུན་ཡོད་དམ།