རེབ་གོང་ནས་དེ་རིང་སློབ་མས་ངོ་རྒོལ་སྐབས་ཀྱི་པར། Posted on 2012-11-092021-09-04 By ཁ་བརྡ་ 7 Comments on རེབ་གོང་ནས་དེ་རིང་སློབ་མས་ངོ་རྒོལ་སྐབས་ཀྱི་པར། ཕྱོགས་སྒྲིག་པ། བོན་རྒྱ་བསྟན་འཛིན་རབ་རྒྱས་དང་རྡོ་རྗེ། པར།
རེབ་གོང་རིག་འབྱུང་གི་སྟག་རྒོད་ཚོ།ཁྱེད་ཅག་ནི་ཆོལ་གསུམ་གྱི་མིག་དཔེ་བལྟ་ས་ཡིན།གནའ་དེང་ཀུན་ཏུ་མི་རིགས་ཀྱི་ལ་རྒྱ་ཤོར་མ་མྱོང་།
དཔེར་དང་པོའི་ནང་ན། རྒྱ་ལམ་སྒང་ན་འཕྲེད་དུ་ལྕག་སྡོང་ཞིག་ཡོད་པ་དེའི་ཐོག་ན་ཁྱི་རྐུན་ཚང་གིས་གསང་མིག་ག་ཚད་བཞག་ཡོད་ན་ཡང་། བོད་པ་ཚང་གི་མི་བུ་འདི་ཚོ་གཅིག་རྗེས་གཉིས་སུ་མེད་པར་བོད་ཀྱི་བདེ་སྡུག་གི་ཆད་དུ་སྐད་འབོད་ལུས་གཏོང་ག་ཚད་ཞིག་བྱེད་བཞིན་ཡོད་ན་ཡང་། ཡོ་རོབ་ན་ཡོད་པའི་ཁ་བདེ་མགོ་བདེ་འགས་ང་ཚོའི་དབའ་བོ་དབའ་མོ་ཚོའི་བྱས་རྗེས་ལ་འབྲས་བུ་མེད་རབས་དང་ལམ་ཁ་དཀྱོག་ལ་ཁྲིད་དགོས་རབས་སོགས་བཤད་ནས་རང་རྐུབ་མི་འགུལ་བར་ཁ་ཕོ་འཐེན་པ་ནི་ཅི་འདྲའི་ཅི་འདྲའི་སྐྱོ་བ་ལ། བོད་ནང་གི་བོད་མིའི་རྒྱབ་ལ་ཀ་ལང་ལང་མི་བྱེད་པའི་མི་བུ་འདི་ཚོ་ཁྱི་ལ་རྒྱག་པའི་དབྱུག་པ་ཞིག་ཡང་ཉན་ས་མ་རེད། བོད་གཞོན་ནུ་ཚོའི་ཤུགས་དང་ཤེས་རིག་གིས་རྒྱལ་བར་ཤོག། ཁ་བྲོ་བཀྲ་ཤིས། ང་ཚོ་ལ་ཤུལ་ནུར་མེད། བོད་ལུས་ལ་ཡོད་ན་ང་ཚོས་གཅིག་རྩ་གཅིག་གི་གནོན། མ་བསད་སྔོན་གྱི་ངག་སྒོ་ནས་བོད་རང་དབང་གི་སྐད་འབོད་བྱེད།
དངོས་སུ་མེ་ལ་སྒྲོན་པའི་དཔའ་རྒོད་ལ་ལྟ་ཡིན་དང་ཡིན། འདི་ན་གཞོན་ནུ་ཕོ་མོ་ལག་འདང་སྦྲེལ་ནས་སྙིང་རྗེ་མེད་ཅིང་གསོད་ལ་རྔམ་པའི་རྒྱ་རྒན་གི་གདོང་ལ་མཆིལ་ཞགས་འཕངས་བའི་ཚུལ་འདི་བློ་ལས་འགོངས། གཞིས་བཞུགས་ཕུ་ནུ་ཡོངས་དང་། དཔའ་རྒོད་འདས་གསོན་ཡོངས་ལ་སྙིང་ནས་གུས་འདུད་ཞུ། ཀི་ཧི་ཧི་་་་་བོད་རྒྱལ་ལོ།།
རྒྱ་རིགས་ཤེས་ལྡན་པས་བོད་མིའི་རང་སྲེག་སྐོར་གླེང་སློང་། རང་གི་དམིགས་འདུན་མངོན་འགྱུར་ཆེད། རང་ལུས་རང་གིས་སྲེག་པ་ལ་ཅི་མི་སྙམ་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་པས་བཏུད་དེ། འདིར་དྲ་ལམ་གྱི་གླེང་མོལ་ཞིག་འགོད་འདོད་བྱུང་། དེ་རིང་དྲ་ལམ་དུ་རྒྱལ་ནང་གི་གྲོགས་པོ་འགའ་དང་མཉམ་དུ། བོད་ནང་གི་བོད་མི་ཚོ་དང་། ས་ཁུལ་གཞན་དུ་བྱུང་བའི་ཁྲིམས་མཐུན་ཁེ་དབང་སྲུང་འཛིན་གནང་ཐབས་ལ་བརྩོན་མཁན་དཔའ་རྒོད་ཚོས་རང་ལུས་རང་བསྲེགས་ཀྱིས། རྒྱ་དམར་དབང་འཛིན་ལས་ཁུངས་ཀྱིས་གང་བྱུང་དུ་དྲག་གནོན་བྱེད་པ་དང་གནོད་འཚེ་གཏོང་བར་འགོག་རྒོལ་བྱེད་བཞིན་པ་འདི་ཇི་ལྟར་བྱས་ན་ད་གཟོད་མཚམས་འཇོག་ཐུབ་ཀྱི་ཡོད་མེད་སྐོར་ལ་གླེང་མོལ་བྱུང་། ཁ་ཅིག་ན་རེ། ང་ཚོས་འབོད་སྐུལ་འཕྲིན་ཡིག་ཅིག་བྲིས་ཏེ། བོད་མི་ཚོས་རང་གི་ལུས་དང་ཚེ་སྲོག་ལ་གནོད་པ་མ་བྱེད་ཅེས་རེ་སྐུལ་བྱས་ན་གང་འདྲ་འདུག་ཟེར། གཞན་ཞིག་གིས། རང་སྲེག་བྱེད་པ་འདི་ཧ་ཅང་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་རེད། དེ་ལ་བདེན་ཁ་སྟེར་མི་རུང་ཟེར། ཡང་ཁ་ཅིག་གིས་རང་སྲེག་གི་བྱ་སྤྱོད་ལ་ཁ་རྡུང་གཏང་དགོས་འདུག་ཟེར། དེ་དག་ལ་ངས་དྲི་བ་འགའ་ཕར་དྲིས་པ་ཡིན། དྲི་བ་དང་བོ། ད་ལྟའི་ཆར། མང་ཚོགས་ཀྱིས་རང་ལུས་རང་གིས་སྲེག་པའི་ཧ་ཅང་ཛ་དྲག་གི་ཐབས་ལམ་འདི་འདྲ་ལ་བརྟེན་ནས། རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་དབང་བསྒྱུར་ལ་འགོག་རྒོལ་བྱེད་བཞིན་པ་འདི་མཚམས་བཞག་ན་འདོད་མཁན་གཙོ་བོ་དེ་སུ་ཡིན་ནམ། རང་སྲེག་འགོག་རྒོལ་ལ་ཞུགས་ཟིན་པའི་དཔའ་རྟུལ་ཚོས། ཁོང་ཚོ་ལ། ད་དེ་འདྲ་མ་གནང་རོགས། མཚམས་འཇོག་རོགས་གནང་ཟེར་མཁན་ཞིག་བྱུང་བསམ་གྱི་ཡོད་དམ། ཡང་ན། ཁོང་ཚོས་དེ་ལྟར་རང་ལུས་རང་སྲེག་གནང་དགོས་པའི་དམིགས་འདུན་རྒྱུ་མཚན་དང་། ཐུགས་རེ་ཅི་ཡོད་ཐམས་ཅད་ལ་གསལ་བར་བསྒྲགས་ཏེ། མ་གོ་མ་ཐོས་མེད་པ་ཞིག་ཡོང་བ་དང་། དེ་ལ་བརྟེན་ནས་གནད་དོན་འདིའི་ཐོག་སྐྱེ་བོ་ཀུན་གྱི་དོ་སྣང་ཆེན་པོ་འདྲེན་ཐུབ་པ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད་དམ། ངས་བལྟས་ན། ང་ཚོ་ཚང་མས་རང་ནུས་གང་ལྕོགས་ཀྱིས། རང་གིས་བསྒྲུབ་འོས་པའི་ལས་དོན་ཆེད་དུ་གཉེར་ནས་བསྒྲུབ་དགོས་པར་འདོད། དེ་ནི། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ། དཔའ་མཛངས་རྟུལ་ཕོད་དང་ལྡན་པའི་ངང་ནས་གཞན་ལ་ཕན་པའི་ལས་དོན་འབའ་ཞིག་དོན་དུ་གཉེར་བའི་རང་དབང་འཐབ་རྩོད་པ་འདི་དག་གིས། འགྲོ་བ་ཡོངས་ལ་བཅངས་པའི་བྱམས་བརྩེ་དང་བརྩི་བཀུར་ངོ་ཤེས་པའི་ཐོག་ནས་རང་རང་གི་སེམས་གཏིང་དུ་ཉར་རྒྱུ་དང་། ཁོང་རྣམ་པས་འབད་པ་དང་རྩོལ་བ་ཆེན་པོས་དོན་དུ་གཉེར་བའི་དམིགས་འདུན་མངོན་དུ་འགྱུར་ཆེད། ང་ཚོ་རང་ངོས་ནས་བསྒྲུབ་འོས་པའི་བྱ་བ་རྣམས་བསྒྲུབས་པ་ཡིན་ན། ད་གཟོད་ང་ཚོས་ཁོང་ཅག་གི་བྱམས་བརྩེ་དང་བརྩི་བཀུར་ལ་ཡང་དག་པའི་ངོས་འཛིན་རིན་ཐང་ཕུལ་བ་ཙམ་མ་ཟད། ཁོང་ཅག་གི་ཐུགས་རེའང་དེས་འགྲུབ་ཐུབ་པ་ཡིན་པར་འདོད།། དྲི་བ་གཉིས་པ། རང་སྲེག་གིས་གནོད་ཡུལ་ནི། རང་གཞན་གཉིས་ལས་སྐྱེ་བོ་གཞན་ལ་གནོད་པ་དང་འཚེ་བ་དེ་འདྲ་མ་ཡིན་པར། རང་གིས་རང་ལ་གནོད་པའམ་འཚེ་བར་བྱེད་པ་དང་། རང་སྲེག་གི་དམིགས་ཡུལ་ནི། རང་གི་ཁེ་ཕན་དོན་དུ་གཉེར་བ་མ་ཡིན་པར། སྤྱི་ཚོགས་ཀྱི་ཆེད་དུ་རེད། སྤྱི་ཚོགས་འདི་བཟང་ཕྱོགས་སུ་ཁྲིད་ཆེད། རང་གི་རྩ་ཆེ་བའི་ཚེ་སྲོག་བློས་གཏོང་གི་ཡོད་པ་རེད། འདི་ནི་ཅི་འདྲའི་ཁྱད་དུ་འཕགས་ཤིང་དྲི་མ་མེད་པའི་བསམ་བློ་ཞིག། འདི་ནི་ཅི་འདྲའི་ཚད་འཇལ་དུ་མེད་པའི་སྙིང་སྟོབས་ཤིག། སྤྱི་ཚོགས་འདི་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཆེད། ཁོང་ཚོས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས་རང་རང་གི་གཅེས་པའི་ལུས་སྲོག་ཕངས་མེད་དུ་བློས་གཏོང་བའི་ངང་ཚུལ་མཐོང་དུས། ང་ཚོས་ཁོང་རྣམ་པར་ཡི་རང་གུས་འདུད་ཞུ་རྒྱུ་ལས་གཞན་མེད། ཡང་ཅིག་བཤད་ན། ཁོང་རྣམ་པའི་ཁྱད་དུ་འཕགས་ཤིང་དྲི་མས་མ་གོས་པའི་སྤྱོད་པ་ཡང་དག་པར་བླངས་པ་ལ། ད་དུང་སྐྱོན་ཡོན་གྱི་རྣམ་པ་གང་རུང་དུ་འཇོག་པའི་འོས་བབ་དང་ཐོབ་ཐང་ག་རེ་ཡོད་དམ། གལ་ཏེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ། སྤྱི་ཚོགས་དྲང་བདེན་ཆེད་རང་སྲོག་བློས་གཏོང་བ་ལ་ཅི་མི་སྙམ་པའི་དཔའ་བོ་དཔའ་མོ་ཁོང་འདྲ་བ་དག་མེད་པ་ཡིན་ན། མིའི་རིགས་ཀྱི་དཔལ་ཡོན་དགེ་མཚན་ཐ་དག་ད་ལྟའི་བར་རྒྱུན་མ་ཆད་པར་གནས་ཐུབ་རྒྱུ་ཁག་པོ་ཡིན། དྲི་བ་གསུམ་པ། ཁོང་རྣམ་པས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས། མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོས་འགོག་རྒོལ་དྲག་པོ་མ་བྱས་ཀ་མེད་བཟོ་མཁན་དེ་སུ་རེད། གལ་ཏེ་ད་དུང་བཟོད་པ་ཅུང་བསྒོམས་ན། དཀའ་སྡུག་ལས་གྲོལ་བའམ་ཐར་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ཡིན་ན། འདི་འདྲའི་ཡ་ང་བའི་དཔའ་ཉམས་དང་བཅས་ཏེ་སྲོག་བློས་བཏང་ནས་འགོག་རྒོལ་བྱེད་དགོས་པའི་རྒྱུ་མཚན་དང་། དེ་ལྟར་བྱེད་འདོད་མཁན་སུ་ཡོད་དམ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དུས་སྐབས་ནམ་ཞིག་ལའང་། དེང་སང་བོད་ནང་དུ་བྱུང་བའི་རང་སྲེག་བྱེད་མཁན་འདི་འདྲ་མང་བོ་ཞིག་དུས་ད་ལྟའི་བར་དུ་བྱུང་མྱོང་མེད་པ་འདིས། ད་ལྟའི་རྒྱ་དམར་གུང་བྲན་གྱི་སྲིད་དབང་འདི། གདུག་རྩུབ་ཆེ་བའི་ཚད་ཅི་ཙམ་ལ་བསླེབས་ཡོད་མེད་གསལ་བོར་བསྟན་ཡོད། ཇི་ཙམ་མནན་ན་དེ་ཙམ་འཕར་བ་ནི། ཤེས་ཡོན་པའི་སྡེ་ལ་གཏོགས་པ་ཚང་མས་ཤེས་པའི་ནུས་ཤུགས་རིག་པའི་རྩ་འགྲོས་ཡིན། གོང་གསལ་དྲི་བ་དག་གི་རྗེས། ངས་ཁོང་ཚོར། གལ་ཏེ་རང་སྲེག་འགོག་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་འདོད་ན། དེ་ཡང་ཧ་ཅང་དཀའ་མོ་ཞིག་མིན། གཙོ་བོ་གནད་དོན་གྱི་འབྱུང་རྐྱེན་རྩད་ཆོད་དགོས་པ་ཡིན། ཁ་དཔེར། ནད་ལ་ཕན་པའི་སྨན། ཞེས་པ་ལྟར། སྡུག་བསྔལ་དང་ཕུང་ཀྲོལ་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ནི། རྒྱ་དམར་གུང་བྲན་ཏང་འདི་ཡིན། ལོ་རྒྱུས་སུ་བྱུང་མ་མྱོང་བའི་མ་རུངས་ལོག་པའི་དམ་སྲི་འབྱུང་བོ་ཇག་པ་ཁྲམ་པའི་ཁྱུ་ཚོགས་ཀྱིས་དབང་བསྒྱུར་བའི་གུང་བྲན་གྱི་སྲིད་དབང་འདི་མེད་པ་མ་བཟོས་ན། དཀའ་ངལ་དང་སྡུག་བསྔལ་གྱི་རྒྱུན་ཆད་མི་སྲིད། དེས་ན། ང་ཚོ་ཚང་མས་དཔུང་བ་མཉམ་གཤིབ་ཀྱིས། གུང་བྲན་གྱི་སྲིད་དབང་འདི་མགོ་རྟིང་སློག་པར་ཤུགས་རྒྱག་དགོས། ད་ནས་ཡར་རྩིས་པའི་མི་ལོ་ཉི་ཤུའི་གོང་ལ། ངང་སྤུའི་གསར་བརྗེ་མགོ་བརྩམས་ཏེ། སྐུ་ཞབས་ཧར་ཝར་མི་དམངས་ཀྱིས་ཐད་ཀར་བདམས་པའི་སྲིད་འཛིན་དུ་གྱུར་ནས་ལོ་བཅུ་གསུམ་སོང་ཞིང་། ད་ཆ་དམ་པ་ཁོང་མི་ཡུལ་དང་གཏན་དུ་གྱེས། ཡུ་རོབ་ཤར་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ། དམར་ཤོག་སྲིད་དབང་ཐམས་ཅད་ཀྱི་ཤུལ་ལ་ཕྱགས་མ་བརྒྱབ་ནས་ལོ་རྒྱུས་ཀྱི་གད་སྙིགས་སུ་དོར། གདུག་རྩུབ་དང་། གུང་བྲན་ཏང་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ནས་རིང་ཙམ་འགོར། འོན་ཀྱང་། མཱ་ལེ་དམར་ཤོག་གིས་ད་དུང་ཡང་རྒྱ་ནག་ལ་དབང་བསྒྱུར་བཞིན་པ་ནི། ང་ཚོ་ཚང་མའི་ངོ་ཚ་དང་མཚང་དུ་ཆེ། གུང་བྲན་ཏང་གིས་དབང་བསྒྱུར་བཞིན་པ་འདི། ང་ལ་མཚོན་ན་བརྙས་བཅོས་ཚོད་མེད་ཅིག་བྱས་པ་དང་ཁྱད་མེད། གནའ་མིའི་ཁ་དཔེར། དམ་པ་ཅི་ཙམ་རྒུད་ནའང་། །བཟང་བོའི་རང་བཞིན་ག་ལ་འདོར། །ཅེས་པ་ལྟར། རང་དབང་དང་དམངས་གཙོ་ནི་གལ་ཆེན་ཡིན་མོད་ཀྱང་། ང་ལ་མཚོན་ན། མིའི་ཆེ་མཐོང་ནི་དེ་བས་ཀྱང་གལ་ཆེན་དུ་མཐོང་གི་ཡོད། གལ་ཏེ་མི་ལ་རང་གི་ཆེ་མཐོང་མེད་པ་ཡིན་ན། དེ་ནི་མི་ཚད་ལྡན་ཞིག་ཏུ་བརྩི་མི་ཐུབ། ང་རང་གི་མི་ཚེ་འདི་འཇིགས་ཞུམ་ཆགས་སྡང་མེད་པ་དང་། ཆེ་མཐོང་ཡོད་པའི་མི་ཚེ་ཞིག་ཡིན་ཞེས་སྤོབས་པ་དང་བཅས་བརྗོད་ཐུབ། རྒྱུ་མཚན་འདི་དག་ལ་བརྟེན་ནས། ངས་གུང་བྲན་ཏང་ལ་ངོ་རྒོལ་བྱེད་དགོས་པར་གྱུར་བ་དང་། ངས་བལྟས་ན། རང་སྲེག་ངོ་རྒོལ་གྱི་ལས་ལ་ཞུགས་པའི་དཔའ་བོ་དཔའ་མོ་ཚོས། འདི་ལྟར་བློས་གཏོང་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནང་གི་གཅིག་ནི། རང་གི་ཆེ་མཐོང་དང་། བོད་མི་རིགས་ཀྱི་ཆེ་མཐོང་སྲུང་སྐྱོབ་གནང་ཆེད་ཡིན་པ་སྨོས་ཅི་དགོས། རྒྱུ་མཚན་འདི་འདྲའི་དབང་གིས། ངས་ཁོང་རྣམ་པའི་བླ་མེད་མཛད་སྤྱོད་ལ་གོང་བཀུར་གྱིས་བསྔགས་པ་བརྗོད་པར་འདོད་པ་དང་། རང་གི་དམིགས་འདུན་འགྲུབ་ཆེད། རང་ལུས་སྲེག་པ་ལ་ཅི་མི་སྙམ་པའི་དཔའ་བོ་དཔའ་བོ་རྣམས་ལ། སྙིང་ནས་གུས་འདུད་ཞུ་བཞིན་པ་བཅས། ཐཱང་པོ་ཆའོ་ནས། ཕྱི་ལོ་༢༠༡༢ ཟླ་ ༡༡ ཚེས་ ༩། རེས་གཟའ་པ་སངས་ལ་བྲིས། དྲ་གྲོགས་འཇིགས་མེད་འོད་ལྡན་གྱིས་རྒྱ་ནག་ཡི་གེའི་མ་ཕྱི་འདི་གར་བསྐུར་འབྱོར་བོད་ཡིག་ཏུ་འགྱུར་བའི་རེ་སྐུལ་དང་དུ་བླངས་ཏེ། བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་གྲལ་མཐར་གནས་པ། སྤྲང་མིང་གདུགས་དཀར་ཚེ་རིང་དུ་འབོད་པས། བྱང་ཨ་རིའི་མཚོ་གླིང་མཱ་ཝེ་ནས་དོན་འགྱུར་གཙོར་བཟུང་གིས་དེ་མ་ཐག་བོད་དུ་འགྱུར་བ། དཔའ་བོ་དཔའ་མོ་རྣམ་པའི་ཐུགས་འདུན་འགྲུབ་པའི་རྒྱུར་གྱུར་ཅིག །
ངོ་མ་རིག་པ་འབྱུང་གནས་ལ་འགྲན་ཟླ་མེད་ཀི། ཤར་ཕྱོགས་རིག་པའི་དེད་དཔོན་དགེ་འདུབ་ཆོས་འཕེལ་གྱི་ཕ་ས་རེད། རླབས་ཆེན་གྱི་ལས་འགུལ་འདི་ནམ་ཡང་སེམས་པ་གཏད་ནས་ཡོད།
ཉིན་རེ་ནས་ཉིན་རེར་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་ཕ་ཡུལ་གྱི་རྣམ་ཤེས་གསོན་པོ། འགྱེལ་ས་ནས་ལངས་ཐུབ་པར་སྒོ་གསུམ་དགུ་སྤྲུགས་བྱ་དང་བྱེད་བཞིན་པ་ཡི་རངས་ཞུ།
རླངས་སྔགས་ལགས། ཁ་སྟོང་ནང་གི་ཚིག་སྟོང་མ་བྱེད་ཁོ་རེ། ཁྱེད་ལ་དེ་འདྲའི་སེམས་ཤིག་ཡོད་ན་ཁྱོད་སུ་བཀག་བྱུང། ཕ་ཡུལ་མི་མང་གྱི་བོད་མི་རིགས་ཀྱི་ཆེད་དུ་རང་ལས་རང་བསྲེགས་གཏོང་གི་ཡོད་རེད། ཁྱོད་ལ་སེམས་པ་ཞིག་མི་འདུག་གམ།
རེབ་གོང་རིག་འབྱུང་གི་སྟག་རྒོད་ཚོ།ཁྱེད་ཅག་ནི་ཆོལ་གསུམ་གྱི་མིག་དཔེ་བལྟ་ས་ཡིན།གནའ་དེང་ཀུན་ཏུ་མི་རིགས་ཀྱི་ལ་རྒྱ་ཤོར་མ་མྱོང་།
དཔེར་དང་པོའི་ནང་ན། རྒྱ་ལམ་སྒང་ན་འཕྲེད་དུ་ལྕག་སྡོང་ཞིག་ཡོད་པ་དེའི་ཐོག་ན་ཁྱི་རྐུན་ཚང་གིས་གསང་མིག་ག་ཚད་བཞག་ཡོད་ན་ཡང་། བོད་པ་ཚང་གི་མི་བུ་འདི་ཚོ་གཅིག་རྗེས་གཉིས་སུ་མེད་པར་བོད་ཀྱི་བདེ་སྡུག་གི་ཆད་དུ་སྐད་འབོད་ལུས་གཏོང་ག་ཚད་ཞིག་བྱེད་བཞིན་ཡོད་ན་ཡང་། ཡོ་རོབ་ན་ཡོད་པའི་ཁ་བདེ་མགོ་བདེ་འགས་ང་ཚོའི་དབའ་བོ་དབའ་མོ་ཚོའི་བྱས་རྗེས་ལ་འབྲས་བུ་མེད་རབས་དང་ལམ་ཁ་དཀྱོག་ལ་ཁྲིད་དགོས་རབས་སོགས་བཤད་ནས་རང་རྐུབ་མི་འགུལ་བར་ཁ་ཕོ་འཐེན་པ་ནི་ཅི་འདྲའི་ཅི་འདྲའི་སྐྱོ་བ་ལ། བོད་ནང་གི་བོད་མིའི་རྒྱབ་ལ་ཀ་ལང་ལང་མི་བྱེད་པའི་མི་བུ་འདི་ཚོ་ཁྱི་ལ་རྒྱག་པའི་དབྱུག་པ་ཞིག་ཡང་ཉན་ས་མ་རེད། བོད་གཞོན་ནུ་ཚོའི་ཤུགས་དང་ཤེས་རིག་གིས་རྒྱལ་བར་ཤོག། ཁ་བྲོ་བཀྲ་ཤིས། ང་ཚོ་ལ་ཤུལ་ནུར་མེད། བོད་ལུས་ལ་ཡོད་ན་ང་ཚོས་གཅིག་རྩ་གཅིག་གི་གནོན། མ་བསད་སྔོན་གྱི་ངག་སྒོ་ནས་བོད་རང་དབང་གི་སྐད་འབོད་བྱེད།
དངོས་སུ་མེ་ལ་སྒྲོན་པའི་དཔའ་རྒོད་ལ་ལྟ་ཡིན་དང་ཡིན། འདི་ན་གཞོན་ནུ་ཕོ་མོ་ལག་འདང་སྦྲེལ་ནས་སྙིང་རྗེ་མེད་ཅིང་གསོད་ལ་རྔམ་པའི་རྒྱ་རྒན་གི་གདོང་ལ་མཆིལ་ཞགས་འཕངས་བའི་ཚུལ་འདི་བློ་ལས་འགོངས། གཞིས་བཞུགས་ཕུ་ནུ་ཡོངས་དང་། དཔའ་རྒོད་འདས་གསོན་ཡོངས་ལ་སྙིང་ནས་གུས་འདུད་ཞུ། ཀི་ཧི་ཧི་་་་་བོད་རྒྱལ་ལོ།།
རྒྱ་རིགས་ཤེས་ལྡན་པས་བོད་མིའི་རང་སྲེག་སྐོར་གླེང་སློང་།
རང་གི་དམིགས་འདུན་མངོན་འགྱུར་ཆེད། རང་ལུས་རང་གིས་སྲེག་པ་ལ་ཅི་མི་སྙམ་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་པས་བཏུད་དེ། འདིར་དྲ་ལམ་གྱི་གླེང་མོལ་ཞིག་འགོད་འདོད་བྱུང་།
དེ་རིང་དྲ་ལམ་དུ་རྒྱལ་ནང་གི་གྲོགས་པོ་འགའ་དང་མཉམ་དུ། བོད་ནང་གི་བོད་མི་ཚོ་དང་། ས་ཁུལ་གཞན་དུ་བྱུང་བའི་ཁྲིམས་མཐུན་ཁེ་དབང་སྲུང་འཛིན་གནང་ཐབས་ལ་བརྩོན་མཁན་དཔའ་རྒོད་ཚོས་རང་ལུས་རང་བསྲེགས་ཀྱིས། རྒྱ་དམར་དབང་འཛིན་ལས་ཁུངས་ཀྱིས་གང་བྱུང་དུ་དྲག་གནོན་བྱེད་པ་དང་གནོད་འཚེ་གཏོང་བར་འགོག་རྒོལ་བྱེད་བཞིན་པ་འདི་ཇི་ལྟར་བྱས་ན་ད་གཟོད་མཚམས་འཇོག་ཐུབ་ཀྱི་ཡོད་མེད་སྐོར་ལ་གླེང་མོལ་བྱུང་། ཁ་ཅིག་ན་རེ། ང་ཚོས་འབོད་སྐུལ་འཕྲིན་ཡིག་ཅིག་བྲིས་ཏེ། བོད་མི་ཚོས་རང་གི་ལུས་དང་ཚེ་སྲོག་ལ་གནོད་པ་མ་བྱེད་ཅེས་རེ་སྐུལ་བྱས་ན་གང་འདྲ་འདུག་ཟེར། གཞན་ཞིག་གིས། རང་སྲེག་བྱེད་པ་འདི་ཧ་ཅང་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་རེད། དེ་ལ་བདེན་ཁ་སྟེར་མི་རུང་ཟེར། ཡང་ཁ་ཅིག་གིས་རང་སྲེག་གི་བྱ་སྤྱོད་ལ་ཁ་རྡུང་གཏང་དགོས་འདུག་ཟེར། དེ་དག་ལ་ངས་དྲི་བ་འགའ་ཕར་དྲིས་པ་ཡིན།
དྲི་བ་དང་བོ།
ད་ལྟའི་ཆར། མང་ཚོགས་ཀྱིས་རང་ལུས་རང་གིས་སྲེག་པའི་ཧ་ཅང་ཛ་དྲག་གི་ཐབས་ལམ་འདི་འདྲ་ལ་བརྟེན་ནས། རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་དབང་བསྒྱུར་ལ་འགོག་རྒོལ་བྱེད་བཞིན་པ་འདི་མཚམས་བཞག་ན་འདོད་མཁན་གཙོ་བོ་དེ་སུ་ཡིན་ནམ། རང་སྲེག་འགོག་རྒོལ་ལ་ཞུགས་ཟིན་པའི་དཔའ་རྟུལ་ཚོས། ཁོང་ཚོ་ལ། ད་དེ་འདྲ་མ་གནང་རོགས། མཚམས་འཇོག་རོགས་གནང་ཟེར་མཁན་ཞིག་བྱུང་བསམ་གྱི་ཡོད་དམ། ཡང་ན། ཁོང་ཚོས་དེ་ལྟར་རང་ལུས་རང་སྲེག་གནང་དགོས་པའི་དམིགས་འདུན་རྒྱུ་མཚན་དང་། ཐུགས་རེ་ཅི་ཡོད་ཐམས་ཅད་ལ་གསལ་བར་བསྒྲགས་ཏེ། མ་གོ་མ་ཐོས་མེད་པ་ཞིག་ཡོང་བ་དང་། དེ་ལ་བརྟེན་ནས་གནད་དོན་འདིའི་ཐོག་སྐྱེ་བོ་ཀུན་གྱི་དོ་སྣང་ཆེན་པོ་འདྲེན་ཐུབ་པ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད་དམ།
ངས་བལྟས་ན། ང་ཚོ་ཚང་མས་རང་ནུས་གང་ལྕོགས་ཀྱིས། རང་གིས་བསྒྲུབ་འོས་པའི་ལས་དོན་ཆེད་དུ་གཉེར་ནས་བསྒྲུབ་དགོས་པར་འདོད། དེ་ནི། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ། དཔའ་མཛངས་རྟུལ་ཕོད་དང་ལྡན་པའི་ངང་ནས་གཞན་ལ་ཕན་པའི་ལས་དོན་འབའ་ཞིག་དོན་དུ་གཉེར་བའི་རང་དབང་འཐབ་རྩོད་པ་འདི་དག་གིས། འགྲོ་བ་ཡོངས་ལ་བཅངས་པའི་བྱམས་བརྩེ་དང་བརྩི་བཀུར་ངོ་ཤེས་པའི་ཐོག་ནས་རང་རང་གི་སེམས་གཏིང་དུ་ཉར་རྒྱུ་དང་། ཁོང་རྣམ་པས་འབད་པ་དང་རྩོལ་བ་ཆེན་པོས་དོན་དུ་གཉེར་བའི་དམིགས་འདུན་མངོན་དུ་འགྱུར་ཆེད། ང་ཚོ་རང་ངོས་ནས་བསྒྲུབ་འོས་པའི་བྱ་བ་རྣམས་བསྒྲུབས་པ་ཡིན་ན། ད་གཟོད་ང་ཚོས་ཁོང་ཅག་གི་བྱམས་བརྩེ་དང་བརྩི་བཀུར་ལ་ཡང་དག་པའི་ངོས་འཛིན་རིན་ཐང་ཕུལ་བ་ཙམ་མ་ཟད། ཁོང་ཅག་གི་ཐུགས་རེའང་དེས་འགྲུབ་ཐུབ་པ་ཡིན་པར་འདོད།།
དྲི་བ་གཉིས་པ། རང་སྲེག་གིས་གནོད་ཡུལ་ནི། རང་གཞན་གཉིས་ལས་སྐྱེ་བོ་གཞན་ལ་གནོད་པ་དང་འཚེ་བ་དེ་འདྲ་མ་ཡིན་པར། རང་གིས་རང་ལ་གནོད་པའམ་འཚེ་བར་བྱེད་པ་དང་། རང་སྲེག་གི་དམིགས་ཡུལ་ནི། རང་གི་ཁེ་ཕན་དོན་དུ་གཉེར་བ་མ་ཡིན་པར། སྤྱི་ཚོགས་ཀྱི་ཆེད་དུ་རེད། སྤྱི་ཚོགས་འདི་བཟང་ཕྱོགས་སུ་ཁྲིད་ཆེད། རང་གི་རྩ་ཆེ་བའི་ཚེ་སྲོག་བློས་གཏོང་གི་ཡོད་པ་རེད། འདི་ནི་ཅི་འདྲའི་ཁྱད་དུ་འཕགས་ཤིང་དྲི་མ་མེད་པའི་བསམ་བློ་ཞིག། འདི་ནི་ཅི་འདྲའི་ཚད་འཇལ་དུ་མེད་པའི་སྙིང་སྟོབས་ཤིག། སྤྱི་ཚོགས་འདི་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཆེད། ཁོང་ཚོས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས་རང་རང་གི་གཅེས་པའི་ལུས་སྲོག་ཕངས་མེད་དུ་བློས་གཏོང་བའི་ངང་ཚུལ་མཐོང་དུས། ང་ཚོས་ཁོང་རྣམ་པར་ཡི་རང་གུས་འདུད་ཞུ་རྒྱུ་ལས་གཞན་མེད། ཡང་ཅིག་བཤད་ན། ཁོང་རྣམ་པའི་ཁྱད་དུ་འཕགས་ཤིང་དྲི་མས་མ་གོས་པའི་སྤྱོད་པ་ཡང་དག་པར་བླངས་པ་ལ། ད་དུང་སྐྱོན་ཡོན་གྱི་རྣམ་པ་གང་རུང་དུ་འཇོག་པའི་འོས་བབ་དང་ཐོབ་ཐང་ག་རེ་ཡོད་དམ། གལ་ཏེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ། སྤྱི་ཚོགས་དྲང་བདེན་ཆེད་རང་སྲོག་བློས་གཏོང་བ་ལ་ཅི་མི་སྙམ་པའི་དཔའ་བོ་དཔའ་མོ་ཁོང་འདྲ་བ་དག་མེད་པ་ཡིན་ན། མིའི་རིགས་ཀྱི་དཔལ་ཡོན་དགེ་མཚན་ཐ་དག་ད་ལྟའི་བར་རྒྱུན་མ་ཆད་པར་གནས་ཐུབ་རྒྱུ་ཁག་པོ་ཡིན།
དྲི་བ་གསུམ་པ། ཁོང་རྣམ་པས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས། མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོས་འགོག་རྒོལ་དྲག་པོ་མ་བྱས་ཀ་མེད་བཟོ་མཁན་དེ་སུ་རེད། གལ་ཏེ་ད་དུང་བཟོད་པ་ཅུང་བསྒོམས་ན། དཀའ་སྡུག་ལས་གྲོལ་བའམ་ཐར་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ཡིན་ན། འདི་འདྲའི་ཡ་ང་བའི་དཔའ་ཉམས་དང་བཅས་ཏེ་སྲོག་བློས་བཏང་ནས་འགོག་རྒོལ་བྱེད་དགོས་པའི་རྒྱུ་མཚན་དང་། དེ་ལྟར་བྱེད་འདོད་མཁན་སུ་ཡོད་དམ།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དུས་སྐབས་ནམ་ཞིག་ལའང་། དེང་སང་བོད་ནང་དུ་བྱུང་བའི་རང་སྲེག་བྱེད་མཁན་འདི་འདྲ་མང་བོ་ཞིག་དུས་ད་ལྟའི་བར་དུ་བྱུང་མྱོང་མེད་པ་འདིས། ད་ལྟའི་རྒྱ་དམར་གུང་བྲན་གྱི་སྲིད་དབང་འདི། གདུག་རྩུབ་ཆེ་བའི་ཚད་ཅི་ཙམ་ལ་བསླེབས་ཡོད་མེད་གསལ་བོར་བསྟན་ཡོད། ཇི་ཙམ་མནན་ན་དེ་ཙམ་འཕར་བ་ནི། ཤེས་ཡོན་པའི་སྡེ་ལ་གཏོགས་པ་ཚང་མས་ཤེས་པའི་ནུས་ཤུགས་རིག་པའི་རྩ་འགྲོས་ཡིན།
གོང་གསལ་དྲི་བ་དག་གི་རྗེས། ངས་ཁོང་ཚོར། གལ་ཏེ་རང་སྲེག་འགོག་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་འདོད་ན། དེ་ཡང་ཧ་ཅང་དཀའ་མོ་ཞིག་མིན། གཙོ་བོ་གནད་དོན་གྱི་འབྱུང་རྐྱེན་རྩད་ཆོད་དགོས་པ་ཡིན། ཁ་དཔེར། ནད་ལ་ཕན་པའི་སྨན། ཞེས་པ་ལྟར། སྡུག་བསྔལ་དང་ཕུང་ཀྲོལ་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ནི། རྒྱ་དམར་གུང་བྲན་ཏང་འདི་ཡིན། ལོ་རྒྱུས་སུ་བྱུང་མ་མྱོང་བའི་མ་རུངས་ལོག་པའི་དམ་སྲི་འབྱུང་བོ་ཇག་པ་ཁྲམ་པའི་ཁྱུ་ཚོགས་ཀྱིས་དབང་བསྒྱུར་བའི་གུང་བྲན་གྱི་སྲིད་དབང་འདི་མེད་པ་མ་བཟོས་ན། དཀའ་ངལ་དང་སྡུག་བསྔལ་གྱི་རྒྱུན་ཆད་མི་སྲིད། དེས་ན། ང་ཚོ་ཚང་མས་དཔུང་བ་མཉམ་གཤིབ་ཀྱིས། གུང་བྲན་གྱི་སྲིད་དབང་འདི་མགོ་རྟིང་སློག་པར་ཤུགས་རྒྱག་དགོས།
ད་ནས་ཡར་རྩིས་པའི་མི་ལོ་ཉི་ཤུའི་གོང་ལ། ངང་སྤུའི་གསར་བརྗེ་མགོ་བརྩམས་ཏེ། སྐུ་ཞབས་ཧར་ཝར་མི་དམངས་ཀྱིས་ཐད་ཀར་བདམས་པའི་སྲིད་འཛིན་དུ་གྱུར་ནས་ལོ་བཅུ་གསུམ་སོང་ཞིང་། ད་ཆ་དམ་པ་ཁོང་མི་ཡུལ་དང་གཏན་དུ་གྱེས།
ཡུ་རོབ་ཤར་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ། དམར་ཤོག་སྲིད་དབང་ཐམས་ཅད་ཀྱི་ཤུལ་ལ་ཕྱགས་མ་བརྒྱབ་ནས་ལོ་རྒྱུས་ཀྱི་གད་སྙིགས་སུ་དོར།
གདུག་རྩུབ་དང་། གུང་བྲན་ཏང་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ནས་རིང་ཙམ་འགོར། འོན་ཀྱང་། མཱ་ལེ་དམར་ཤོག་གིས་ད་དུང་ཡང་རྒྱ་ནག་ལ་དབང་བསྒྱུར་བཞིན་པ་ནི། ང་ཚོ་ཚང་མའི་ངོ་ཚ་དང་མཚང་དུ་ཆེ།
གུང་བྲན་ཏང་གིས་དབང་བསྒྱུར་བཞིན་པ་འདི། ང་ལ་མཚོན་ན་བརྙས་བཅོས་ཚོད་མེད་ཅིག་བྱས་པ་དང་ཁྱད་མེད། གནའ་མིའི་ཁ་དཔེར། དམ་པ་ཅི་ཙམ་རྒུད་ནའང་། །བཟང་བོའི་རང་བཞིན་ག་ལ་འདོར། །ཅེས་པ་ལྟར། རང་དབང་དང་དམངས་གཙོ་ནི་གལ་ཆེན་ཡིན་མོད་ཀྱང་། ང་ལ་མཚོན་ན། མིའི་ཆེ་མཐོང་ནི་དེ་བས་ཀྱང་གལ་ཆེན་དུ་མཐོང་གི་ཡོད། གལ་ཏེ་མི་ལ་རང་གི་ཆེ་མཐོང་མེད་པ་ཡིན་ན། དེ་ནི་མི་ཚད་ལྡན་ཞིག་ཏུ་བརྩི་མི་ཐུབ། ང་རང་གི་མི་ཚེ་འདི་འཇིགས་ཞུམ་ཆགས་སྡང་མེད་པ་དང་། ཆེ་མཐོང་ཡོད་པའི་མི་ཚེ་ཞིག་ཡིན་ཞེས་སྤོབས་པ་དང་བཅས་བརྗོད་ཐུབ། རྒྱུ་མཚན་འདི་དག་ལ་བརྟེན་ནས། ངས་གུང་བྲན་ཏང་ལ་ངོ་རྒོལ་བྱེད་དགོས་པར་གྱུར་བ་དང་། ངས་བལྟས་ན། རང་སྲེག་ངོ་རྒོལ་གྱི་ལས་ལ་ཞུགས་པའི་དཔའ་བོ་དཔའ་མོ་ཚོས། འདི་ལྟར་བློས་གཏོང་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནང་གི་གཅིག་ནི། རང་གི་ཆེ་མཐོང་དང་། བོད་མི་རིགས་ཀྱི་ཆེ་མཐོང་སྲུང་སྐྱོབ་གནང་ཆེད་ཡིན་པ་སྨོས་ཅི་དགོས།
རྒྱུ་མཚན་འདི་འདྲའི་དབང་གིས། ངས་ཁོང་རྣམ་པའི་བླ་མེད་མཛད་སྤྱོད་ལ་གོང་བཀུར་གྱིས་བསྔགས་པ་བརྗོད་པར་འདོད་པ་དང་། རང་གི་དམིགས་འདུན་འགྲུབ་ཆེད། རང་ལུས་སྲེག་པ་ལ་ཅི་མི་སྙམ་པའི་དཔའ་བོ་དཔའ་བོ་རྣམས་ལ། སྙིང་ནས་གུས་འདུད་ཞུ་བཞིན་པ་བཅས། ཐཱང་པོ་ཆའོ་ནས། ཕྱི་ལོ་༢༠༡༢ ཟླ་ ༡༡ ཚེས་ ༩། རེས་གཟའ་པ་སངས་ལ་བྲིས། དྲ་གྲོགས་འཇིགས་མེད་འོད་ལྡན་གྱིས་རྒྱ་ནག་ཡི་གེའི་མ་ཕྱི་འདི་གར་བསྐུར་འབྱོར་བོད་ཡིག་ཏུ་འགྱུར་བའི་རེ་སྐུལ་དང་དུ་བླངས་ཏེ། བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་གྲལ་མཐར་གནས་པ། སྤྲང་མིང་གདུགས་དཀར་ཚེ་རིང་དུ་འབོད་པས། བྱང་ཨ་རིའི་མཚོ་གླིང་མཱ་ཝེ་ནས་དོན་འགྱུར་གཙོར་བཟུང་གིས་དེ་མ་ཐག་བོད་དུ་འགྱུར་བ། དཔའ་བོ་དཔའ་མོ་རྣམ་པའི་ཐུགས་འདུན་འགྲུབ་པའི་རྒྱུར་གྱུར་ཅིག །
ངོ་མ་རིག་པ་འབྱུང་གནས་ལ་འགྲན་ཟླ་མེད་ཀི། ཤར་ཕྱོགས་རིག་པའི་དེད་དཔོན་དགེ་འདུབ་ཆོས་འཕེལ་གྱི་ཕ་ས་རེད། རླབས་ཆེན་གྱི་ལས་འགུལ་འདི་ནམ་ཡང་སེམས་པ་གཏད་ནས་ཡོད།
ཉིན་རེ་ནས་ཉིན་རེར་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་ཕ་ཡུལ་གྱི་རྣམ་ཤེས་གསོན་པོ། འགྱེལ་ས་ནས་ལངས་ཐུབ་པར་སྒོ་གསུམ་དགུ་སྤྲུགས་བྱ་དང་བྱེད་བཞིན་པ་ཡི་རངས་ཞུ།
རླངས་སྔགས་ལགས།
ཁ་སྟོང་ནང་གི་ཚིག་སྟོང་མ་བྱེད་ཁོ་རེ། ཁྱེད་ལ་དེ་འདྲའི་སེམས་ཤིག་ཡོད་ན་ཁྱོད་སུ་བཀག་བྱུང། ཕ་ཡུལ་མི་མང་གྱི་བོད་མི་རིགས་ཀྱི་ཆེད་དུ་རང་ལས་རང་བསྲེགས་གཏོང་གི་ཡོད་རེད། ཁྱོད་ལ་སེམས་པ་ཞིག་མི་འདུག་གམ།