རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མའི་ཕ་བ་ལོ་དང་མ་བཀྲ་ཤིས་སྒྲོལ་མ་གཉིས་ལྷན་དུ་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་པར་བསྐྱོན་པ།
རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མས་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་བསྒྲོན་རྗེས།
རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མ།
ད་ལྟ་རང་ཡོ་རུབ་གནས་སྡོད་བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན།
རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མས་ཁ་སང་སྤྱི་ཚེས་༡༥ ཉིན་གྱི་ཆུ ཚོད་༡༢ ཙམ་ལ་སྡེ་བའི་ས་སྣུམ་ཉོ་ས་ནས་ས་སྣུམ་རྒྱ་མ་བརྒྱད་ཙམ་ཉོས་ཏེ། མི་མེད་པའི་གོ་སྐབས་དང་བསྟུན་སྡེ་བའི་ལྷ་ཁང་གི་ར་བའི་ནང་འཛུལ་ཏེ་ལྷ་བསང་བཏང་། དུང་ཐེངས་གསུམ་ལ་བཏང་རྗེས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་མོས་འགྲོ་ཁར་ཁ་པར་དང་སྲུང་འཁོར་སོགས་རང་ཁྱིམ་ནས་བཞག་འདུག་པ་དང་། ཁོ་མོའི་ཕ་བ་ལོས་བུ་མོས་སྣུམ་ཉོས་པ་ཤེས་ནས་ལྷ་ཁང་གི་ར་བར་འཛུལ་དུས། བསང་ཁུང་གི་སྒོ་ཁར་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག་པ་མཐོང་ཡོད་འདུག ཁོ་མོའི་བཟའ་ཟླ་ནི་ཀ་ཅི་ནས་ཡིན་པའི་རྒྱ་རིགས་ཤིག་རེད་ལ། ཁོང་ལོ་༢༤ རེད་འདུག ཁོང་གཉིས་ལ་བྱིས་པ་མེད་ནའང་ཁོང་གཉིས་རྣམ་ཀུན་མཛའ་བརྩེ་ཟབ་མོ་དང་འཆམ་པོ་ཡོད་འདུག་ལ་སྡེ་བའི་ནང་ཞིང་ལས་ཀྱིས་འཚོ་བ་རོལ་གྱིན་ཡོད་འདུག མེར་བསྲེགས་བཏང་རྗེས་རེབ་གོང་ཁུལ་ཐོག་ལ་དམག་མི་ཕོན་ཆེ་འབྱོར་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་འདུག
བསོད་ནམས་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ལས་ད་སྔ་འདི་གར་གསལ་ཁ་མ་བྱུང་བ་དག་དམིགས་འདོན་གྱིས་བཀོད་ཡོད།
དཔའ་མོ་ཏིང་འཛིན་སྒྲོལ་མ།
རྒྱབ་ལྭ་དམར་བོའི་འོག་གི
འཛུམ་ཞལ་མེ་ཏོག་བཞད་འདྲ།
འཇིག་རྟེན་འདི་ཡི་རྒྱན་ཏུ།
འདི་ལྟར་བཞག་འགྲོ་མ་བསམ།
མི་རིགས་ཆེན་པོ་གཉིས་ཀྱི།
མཛའ་བཤེས་རྡོ་རྗེ་མདུད་པ།
ཡུན་ལ་བསྲིངས་ཐབས་བསྒོམ་ཡང་།
སྐྱ་ཡ་དོར་དགོས་བྱུང་འདྲ།
ལས་མཐུན་མེད་པ་མ་རེད།
ལས་དབང་བཙན་ལ་ཤོར་བས།
གཉོམ་ཆུང་བོད་མིའི་ཁ་སྟོབས།
འདི་ལྟར་རྒུད་བསམ་དོར་ཤག
བསམ་འདུན་གངས་ཀྱི་དར་ལྕེ།
བསྐལ་བའི་མཐའ་ལ་བསྲིངས་ཤིང་།
བརྒྱུད་ལམ་ཡོམ་ཡོམ་བསྒུལ་བས།
ཡིག་དྲུག་ཀུན་གྱིས་སྒུམ་སོང་།
ཞུམ་མེད་སྤོབས་པའི་དཔུང་བ།
ས་མཐོའི་ཕྲག་ཏུ་བསྒྲེངས་པས།
ཕྱོགས་མཐའི་འདྲེན་བྱེད་སྟོང་ཕྲག
ཆུ་ཡིས་བརླན་དགོས་བྱུང་འདུག
ཡིན་ཡང་བོད་པའི་ལུགས་སུ།
སྐྱེ་འཆི་རེས་སུ་འཁོར་བ།
བེམ་པོའི་བརྗེ་བསྒྱུར་འདྲ་བས།
བོད་ལ་བྲལ་བ་མ་གནང་།
སང་ལོ་བཙན་མོའི་ནགས་སུ།
མེ་ཏོག་ཐགས་སུ་བཀྲ་དུས།
བུང་བའི་དྲུག་འགྱུར་འཐེན་ནས།
དཔའ་མོའི་བསུ་མར་ལངས་ཡོད།
ད་འགྲིགས་མ་སོང་ཐལ། རྒྱ་གཞོན་དེས་ཅི་ཟེར་ཤེས་ནི་མ་རེད། ཤི་བོ་སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧྰུྃ།
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་དོར་བའི། །
གསར་སྐྱེ་ན་གཞོན་དཔའ་མོ་ཏིང་འཛིན་འཚོ། །
དགའ་ལྡན་ལྷ་ཡི་ཞིང་དུ་མྱུལ་སྐྱེ་ཤོག །
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་དོར་བའི། །
གསར་སྐྱེ་དཔའ་མོ་ཏིང་འཛིན་སྒྲོལ་མ་ཁོང་། །
གནས་མཆོག་དག་པའི་ཞིང་དུ་སྐྱེ་བར་ཤོག །
དེ་རེང་འདི་ནས་མགོ་སེར་ན་གཞོན་ཁག་ཅིག་ལ་པར་འདི་ཚོ་དང་བོད་ནང་གི་ཛ་དྲག་གནས་ཚུལ་འབྲེལ་བཤད་བྱེད་སྐབས་འདི་ལྟར་དྲིས་སོང་། བུ་མོ་ན་གཞོན་འདི་འདྲ་ཞིག་པར་ཐོག་གི་མི་རྒན་འདི་བོད་ལ་ལོག་ཆེད་རང་སྲོག་བཅད་པ་ཨེ་རེད་ཟེར། དེ་དུས་ངས་ཁྱེད་ཀྱིས་ལྟ་སྟེངས་འདི་གང་ནས་བྱུང་སོང་དྲིས་བ་ན། རང་སྲེག་སྐབས་རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་ཕེབས་དགོས་ཟེར་བ་མ་རེད་དམ། གཉིས་ཚེ་འདས་ཀྱི་སྔས་མགོ་ལ་ཏ་ལེ་བླ་མའི་པར་ཡོད་པས་ཡིན་ཟེར།