བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་བོད་ནང་གི་ཉིན་གུང་ཙམ་ལ་མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་འདུག ཏིང་འཛིན་སྒྲོ་ལ་མ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་དུས་ཐོག་སྡེ་མི་རྣམས་ཀྱིས་ཤེས་རྟོགས་མ་བྱུང་བས་ས་གནས་རང་དུ་སྐུ་གཤེགས་འདུག ཏིང་འཛིན་སྒྲོལ་མའི་ཨ་ཕའི་མིང་ལ་བུ་ལོ་ཟེར་ཞིང་ལོ་ ༥༠ སྡེ་བ་དེའི་གླུ་བ་སྐད་གྲགས་ཅན་ཞིག་རེད། ཨ་མའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་ཞིང་ལོ ༤༡ །
ཏིང་འཛིན་སྒྲོལ་མ་ལགས་ཀྱི་ནང་གི་དཔལ་འབྱོར་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དང། ཁོ་མོ་ནམ་རྒྱུན་ལས་ལ་བརྩོན་ཞིང་ཆེ་བཀུར་ཆུང་བྱམས་ཅན་གྱི་བུད་མེད་ཡ་རབས་ཤིག་ཡིན་འདུག དོ་དགོང་བོད་ནང་གི་ཆུ་ཚོད་ ༡༠ ཐོག་སྐུ་ཕུང་ཞུགས་འབུལ་སྐབས་རེབ་གོང་ཡར་ནང་བཙན་མོའི་སྒྲུབ་སྡེ་གསུམ་གྱིས་མཚོན་གཡས་གཡོན་གྱི་སྡེ་མི་བརྒྱ་ཕྲག་འཛོམས་ནས་གདུང་སེམས་མཉམ་བསྐྱེད་ཞུས་འདུག་ཟེར། དེ་བཞིན་སྐུ་ཕུང་ཞུགས་འབུལ་མ་གནང་སྔོན་ཙམ་ནས་ཁ་པར་གྱི་བརྒྱུད་ལམ་སོགས་ཀྱང་གཏན་འགོག་བྱས་འདུག་ཟེར།
ད་ག་རེ་བྱེད་དགོས་རེད། བསླུ་མེད་སྐྱབས་གནས་གསུམ་གྱིས་རྗེས་སུ་འཛིན་གྱུར་ཅིག། ཨོཾ་མ་ཎི་པདྨེ་ཧཱུྃཿ
ད་མེ་སྲེག་བཏང་རྒྱུ་རེད་གཞན་བྱེད་རྒྱུ་གཅིག་ཀྱང་མེད་ཅེས་འབོད་ཚིག་ཇིཙམ་་སྒྲོག་པ་རྣ་བ་
འཇགས་འཇགས་ཁ་ཡིན་ང་ནི།ཨཱྃ་མ་ཎི་པདྨེ་ཧུྃ་ཞེས་པའི་དགེ་རྩས་ཁྱེད་ཀྱི་བར་དོའི་འཁྲུལ་
སྣང་ཡོད་ཚད་དམིགས་མེད་དུ་ཞི་བས་སྨོན་ལམ་བརྒྱབ་ཡོད།