འདི་གར་བོད་ནང་དང་། གཞན་ཡང་འབྲེལ་ཡོད་ཁག་ཅིག་ནས་གནས་ཚུལ་མཁོ་འདོན་གནང་དོན་ལྟར་ན། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་རེབ་གོང་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་དེ་རིང་དགོང་དྲོ་བོད་ནང་གི་ཆུ་ཚོད་བདུན་ཡོལ་ཙམ་ལ་རང་ཤག་ནས་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག་ཅིང་། སྐུ་གཤེགས་པའི་མཇུག་ཐོག་ཏུ་རོང་བོ་དགོན་ཆེན་གྱི་གྲྭ་མང་ཡོངས་ནས་སྨོན་ལམ་གསུང་མགོ་ཚུགས་ཡོད་འདུག་ལ། དེ་བཞིན་ཁོང་སྐུ་གཤེགས་པའི་གནས་ཚུལ་རིམ་ཁྱབ་དང་འབྲེལ་ནས། ད་ལྟ་རེབ་གོང་རོང་འབྲོག་གི་དགོན་སྡེ་ཁག་དང་སྡེ་ཚོ་ཁག་གི་ནང་སྨོན་ལམ་གསུང་འདོན་དང་། མ་ཎི་གསོག་སྒྲུབ། མཆོད་མེ་འབུལ་བ་སོགས་ཀྱིས་མཚོན་འདས་མཆོད་སྒྲུབ་མགོ་ཚུགས་ཡོད་པའི་གནས་ཚུལ་འདུག
གནས་ཚུལ་འབྱོར་གསལ་ནང་གསལ་འཁོད་ལྟར་ན། མང་ཚོགས་འདུ་འཛོམས་ཤུགས་ཆེ་མི་འབྱུང་བ་སོགས་ཀྱི་ཆེད་དུ། ད་ཆ་རོང་བོ་དགོན་པའི་ཉེ་ཁུལ་དང་རེབ་གོང་རོང་པོ་གྲོང་བརྡལ་གྱི་ས་གནས་མང་པོར་ས་གནས་ཀྱི་ཉེན་རྟོག་པ་དང་དམག་མི་ནམ་རྒྱུན་ལས་མང་དུ་གཏོང་བཞིན་འདུག་ལ། སང་ཉིན་ནས་མི་མང་འདུ་འཛོམས་ཤུགས་ཆེ་ཡོང་རྒྱུ་སྔོན་འགོག་ཆེད། ས་གནས་ཀྱི་དམག་མི་དང་ཉེན་རྟོག་པ་ཚོས་ཁྲོམ་གཞུང་དང་ལམ་འགག་ཁག་ལ་དམ་བསྒྲགས་བྱེད་མགོ་ཚུགས་ཀྱིན་པའི་གནས་ཚུལ་འདུག
འཇམ་དབྱངས་དཔལ་ལྡན་ལགས་ནི། རེབ་གོང་རྒྱལ་པོ་ལྡོང་ངེ་ནས་ཡིན་པ་དང་། ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ལ་བུ་བཞི་དང་བུ་མོ་གཉིས་ཡོད་པའི་བུ་བཞིའི་གྲས་ཀྱི་ཐ་ཆུང་དང་། རེབ་གོང་རོང་བོ་དགོན་ཆེན་གདན་ས་གསུམ་གྱི་ཁོངས་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་ཡིན།
ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡༤ ཉིན་གྱི་བོད་ནང་གི་ཆ་ཚོད་བཅུ་དང་ཕྱེད་ཀའི་སྟེང་རོང་བོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། “༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས།’’ ཞེས་སྐད་འབོད་དང་བཅས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ནས་དུས་ཚོད་གང་འཚམ་སོང་རྗེས། སྐོར་སྲུང་བ་དང་མང་ཚོགས་ཁག་ཅིག་གིས་མེ་བསད་ཅིང་། རེབ་གོང་རྫོང་ཆོས་ལུགས་ལས་དོན་ཅུས་ཟེར་བ་དང་དམག་ནི་མཉམ་བསྡེབས་ཀྱིས་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་ནང་བསྐྱལ་འདུག་པ་ནས་གྲྭ་མང་གིས་ཕྱིར་འཕྲོག་བྱས་ཤིང་། མཐའ་མ་དེར་རང་ཤག་ཏུ་གདན་ཞུས་ཀྱིས་དུས་དེ་རིང་བར་རོང་བོ་དགོན་པའི་དགེ་འདུན་པ་དང་རྒྱལ་པོ་རླངས་ཚང་གི་མི་མང་གིས་གཙོས་པའི་རེབ་གོང་མི་མང་དང་དགོན་པའི་གྲྭ་མང་བཅས་ནས་ཉིན་མཚན་རིམ་བསྟུད་ཀྱི་སྲུང་བྱའི་འོག་སྨན་བཅོས་ཀྱི་མུར་ཡོད་པ་དང་། དེ་ཡང་ལུས་པོའི་རྨ་ཁར་རྨ་ཤུན་ཆགས་རིམ་བཞིན་བཀོག་ན་མ་གཏོགས་ཤའི་གཏིང་རུམ་རུལ་འགྲོ་བ་ལ་ལས་སྐྱོབ་པའི་སྨན་བཅོས་དཀའ་སྡུག་མང་པོ་ཞིག་མྱངས་མཐར། དེ་རིང་སྐུ་གྲོངས་འདུག
རྒྱལ་གཅེས་དཔའ་བོ་མཆོག་ལ་སྙིང་ནས་གུས་འདུད་དང་ཆབ་གཅིག་ནང་མི་ཡོངས་ལ་མྱ་ངན་འཚམས་འདྲི་ཡོད།
རྒྱལ་གཅེས་བ་ཁོང་གི་བླ་མེད་ཀྱི་སྙིང་སྟོབས་འདིར། གུས་འདུད་དང་སྐུ་གྲོངས་བ་ལ་གདུང་བའི་མྱ་ངན་དང་ཆབས་གཅིག དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་སླར་ཡང་ཐོབ་པའི་སྨོན་ལམ་སྙིང་ཐག་པ་ནས་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃཿ
སེམས་དཔའ་མཆོག་གི་སེམས་དོན་འགྲུབ་པར་ཤོག མིག་ཆུ་ཤོར་སོང་།
རྒྱལ་གཅེས་དཔའ་བོ་མཆོག་ལ་སྙིང་ནས་གུས་འདུད་ཡོད། ནང་མི་ཡོངས་ལ་མྱ་ངན་འཚམས་འདྲི་ཡོད། སྤྱན་རས་གཟིགས་མཁྱེན། ཨོཾ་མ་ཎི་པདྨེ་ཧཱུྃཿ
ཁྱོད
ལོ་ངོ་བཅུའི་སྔོན་གྱི་ཁྱོད
ད་དུང་ཡང་བདག་གི་སེམས་ཁོང་ན
ཁ་སང་བཞིན་གསལ་ལྷང་ངེར
སྔོན་ཆད་ལ
ངའི་ཁྱོད་ཀྱི་གཤིས་ཀ་དྲང་མོ་དེ
དགོན་འདབས་ནས་མཐོང་མྱོང་ཡོད་ལ
ཁྱོད་ཀྱི་འཛུམ་ཆུང་དྭངས་མོ་དེ
ཟ་ཁང་གེ་ག་མོ་ཞིག་གི་ནང་ནས་ཀྱང་མཐོང་མྱོང་ཡོད
ཡིན་ཡང
ལོ་ཟླ་གྲངས་མེད་ཞིག་གི་རྗེས་ནས
ང་དང་ངའི་སྤུན་ཟླ་འདི་དག་གི་དོན་ལ
ང་དང་ཁྱོད་ཀྱི་མ་འོངས་པའི་ཆེད་དུ
ཁྱོད་ཁོ་ན
མེ་ཆེན་པོ་ཞིག་གིས་ལུས་སེམས་སྦར་སོང
ཁྱོད་སྦར་དུས་ངའི་ད་དུང
རང་ཉིད་ཀྱི་རྣ་བ་ལ་ཡིད་མ་ཆེས
ཡིན་ཡང་དོན་དངོས་ནི་དོན་དངོས་ཡིན་པས
བདག་གིས་ཁྱོད་ལ་མིག་ཆུའི་སྐྱེལ་མ་ལས
ཅི་ཡང་བསྒྲུབས་མ་ཐུབ
འཇམ་དབྱངས་དཔལ་ལྡན
གངས་ཅན་པའི་མི་བུ་ང་ཚོ་ཆེད་དུ
ཟླ་བ་དྲུག་དང་ཞག་མ་གང་འཚམས་ཞིག་ལ
མི་ཡུལ་གྱི་སྡུག་བསྔལ་འཁུར་བཞིན་པའི་ཁྱོད་མཐོང་དུས
ངས་ཡང་བསྐྱར་མིག་ཆུ་ཞིག་དང་ལྷན་ཏུ
ཁྱོད་ལ་སྨོན་ལམ་ཞིག་ལས་རྒྱག་མ་ཐུབ
ཡིན་ཡང་དེ་རིང
ངས་ད་གཟོད་ཁྱོད་འཇིག་རྟེན་འདི་དང
དུས་གཏན་ཏུ་བྲལ་བ་གོ་དུས
མ་ཎི་ཡིག་དྲུག་གི་སྨོན་ལམ་འདི་དང
མིག་ཆུ་དྲོན་མོ་ཞིག་གི་སྐྱེལ་མ་ལས
ངས་ཡང་བསྐྱར་ཅི་ཡང་བསྒྲུབ་ཐུབ་མ་སོང
བདག་དང་ཆ་རྒྱུས་ཡོད་པའི་ཕ་ཡུལ་གཅིག་པའི་དཔའ་བོ་དམ་པ་འཇམ་དབྱངས་དཔལ་ལྡན་ལགས་སྐུ་གྲོངས་པ་ཐོས་བ་དང་མཉམ་དུ་སེམས་སྐྱོ་བའི་ངང་ནས་གོང་ས་ཡིད་བཞིན་ནོར་བུའི་གཙོས་བླ་ཆེན་ཚང་མས་ཁོང་དང་ཁོང་ལྟ་བུའི་དཔའ་བོ་དཔའ་མོ་དག་ཐུགས་ལ་བཟུང་བར་སྨོན་ལམ་དང་བཅས་ཁོང་ཚོའི་རྣམ་ཤེས་དག་བདེ་བ་ཅན་ནམ་ཕྱིར་བྱང་ཕྱོགས་ཁ་བ་ཅན་ཏུ་སྐྱེ་བར་སྨོན་ལམ་གྲངས་མེད་དང་བཅས།
ཡིག་ནོར་གང་འཚམས་བྱུང་སོང་བས་དགོངས་དག་ཞུ
དཔའ་བོ་ཁོང་སླར་ཡང་གངས་ཅན་ལྗོངས་སུ་མྱུར་དུ་སྐྱེས་པར་ཤོག
དཔའ་བོ་ཁོང་གི་ནང་མི་ཡོངས་ལ་མྱ་ངན་འཚམས་འདྲི་ཞུ།
དངོས་གནས་མིང་དོན་གཉིས་ལྡན་གྱི་དཔའ་བོ་རང་རེད། བཀུར་འོས་བསྟོད་འོས་ཕྱག་གི་གནས་ངོ་མ་དེ་མ་ཡིན་ནམ།
དོན་ཀྱི་དཔའ་བོ་འདི་འདྲ་རེད་བོད་རྒྱལ་ཁབ་དང་མི་རིགས་གི་ཆེད་དུ་རང་སྲོག་བཏང་བ་རེད།
བོད་རྒྱལ་ཁབ་དང་མི་རིགས་བཙོང་མི་དེ་ཚོ་ལ་ངིས་འབྱུང་དང་འགྱོད་སེམས་རེ་སྐྱེས་བར་སྨོན།
མཐར་ཐུག་བོད་མི་ཡོངས་རྫོགས་མཐུན་སྒྲིལ་ངང་ནས་རང་ཡུལ་བོད་ལ་་ལོག་འགྲོ།
ཚེ་སྲོག་གསོན་པོ་མེ་རུ་བསྲེགས་ནས་རང་དབང་རྩོད་པ་འདི་ནང་བསྟན་ནས་གསུངས་པའི་སེམས་ཆེན་པོ་མངའ་བའི་སྐྱེས་མཆོག་ཅིག་ཏུ་བརྩི་ཀི་ཡོད་ནའང་། ཤ་རློན་པ་འདི་ཇི་འདྲའི་ཚའང་། བཟོད་དཀའ་བའི་ན་ཟུག་ཇི་འདྲའི་ལྕིའང་། གང་ལྟར་ཀྱང་རེབ་ཀོང་གི་རྐང་གཉིས་གྲས་ནས་བཙོན་གནོན་གྱི་གནར་གཅོད་མ་བཟོད་པར་མི་ཚོགས་ཀྱི་མདུན་སར་ཐོན་ནས་སྐྱོ་ཡུས་ཤུགས་ཀྱིས་སྒྲོག་བཞིན་སྒྲོལ་མ་ཐང་ཆེན་དུ་མེ་དམར་པོ་ཀློང་དུ་འགྲེངས་ཞོར་མཁྲེགས་བཟུང་གི་ཇུས་ངན་ལ་རྒོལ་བ་རྩོལ་མཁན་ཐོག་མ་དེ་ཡིན། ཀྱེ། གངས་དཀར་པོ་འདྲ་བའི་མི་བུ་ཁྱོད། འདི་ལྟར་ཕེབས་དུས་སྐྱོ་གདུང་གི་སེམས་པ་བརླན་གྱིས་བཟུང་ནའང་། ཕ་ཡུལ་འཁྲེངས་སེམས་མེད་པའི་སྐྱག་ཕྲུག་ངར། སེམས་ལ་ངར་ཁ་སྦྱིན་སོང་། ལུས་ལ་སྟོབས་ཤུགས་བསྩལ་བྱུང་།
མཆོད་འབུལ་སྨོན་ཡིན་ན་དེ་ནི་ངས་མི་ཤེས་མོད། མི་རིགས་ཀྱི་དཔའ་བོ་ཁོང་ལ་སེམས་གཏིང་ནས་མྱ་ངན་དང་གུས་བཏུས་གྲངས་མེད་ཞུ།
ཤི་བོའི་གཞུག་གི་ནང་མིའི་སྡུག་བསྔལ་ལ་སེམས་གསོ་ཡོད།
ཕྱི་མའི་ཡུལ་གྱི་དཔའ་བོའི་ཐར་ལམ་ལ་མ་ཎི་འདོན།
ཨོཾ་མ་ཎི་པདྨེ་ཧཱུྃཿ
སླར་ཡང་རང་ཡུལ་གངས་ཅན་ལྗོངས་སུ་དལ་འབྱོར་གྱི་མི་ལུས་ཐོབ་སྟེ་བོད་མི་རིགས་ཀྱི་ཕུལ་བྱུང་གི་མི་སྣ་ཞིག་ཏུ་འགྱུར་བའི་རེ་འདུན་ཤུགས་དྲག་དང་། རྗེས་ཤུལ་ནང་མི་ཡོངས་ལ་སེམས་གཏིང་ནས་ཐུགས་གསོ་གྲངས་མེད། བོད་རྒྱལ་ལོ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །
ཁྱེད་ཉིད་ཀྱི་མི་ཚེ་ཆུད་ཟོས་མ་རེད། བོད་མི་རིགས་ཡོངས་ཀྱིས་གུས་བཏུད་ཞུ། ནམ་ཡང་གུས་བཏུད་ཞུ། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱིས་ཁྱེད་ལ་དྲན་གསོ་ཞུ།
བཀུར་འོས་བསྟོད་འོས་ཕྱག་གི་གནས་ངོ་མ་དེ་མ་ཡིན་ནམ།
འཇམ་དབྱངས་དཔལ་ལྡན
གངས་ཅན་པའི་མི་བུ་ང་ཚོ་ཆེད་དུ
ཟླ་བ་དྲུག་དང་ཞག་མ་གང་འཚམས་ཞིག་ལ
མི་ཡུལ་གྱི་སྡུག་བསྔལ་འཁུར་བཞིན་པའི་ཁྱོད་མཐོང་དུས
ངས་ཡང་བསྐྱར་མིག་ཆུ་ཞིག་དང་ལྷན་ཏུ
ཁྱོད་ལ་སྨོན་ལམ་ཞིག་ལས་རྒྱག་མ་ཐུབ
སྙིང་ནས་གུས་འདུད་དང་ཡི་རང་ཞུ། ཨོཾ་མ་ཎི་པདྨེ་ཧཱུཾ།
ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རང་དང་
ཁྱེད་ཀྱི་དཔལ་ངལ་ལ་གུས་འདུད་
ཁྱེད་སླར་ཡང་གངས་ཅན་ཞིང་དུ་སྐྱེ་ནས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ངེད་ཅག་འཐབ་བརྩོད་ལ་རྒྱལ་སྐྱོར་དང་རིག་གཞུང་བཅེས་སྐྱོང་གིས་སྟིང་ནས་ངེས་ཅག་རྣམས་གཞིས་བྱེད་གཉམ་འཛོམས་ངོས་ནས་འདོད་དགུ་དཔལ་སྤྱོད་པའི་སྨོན་ལམ་ཡང་ཡང་ཞུཞུ
འདི་ནས་ཤི་འཕོའི་གྱུར་མ་ཐེག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགའ་ལྡན་སྐྱེས་ནས་ཡིད་དགའ་བར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མྱུར་དུ་བྱམས་མགོན་མཉེས་བྱས་ནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་གཅེས་དཔའ་བོ་ལ་གུས་འདུད་དང་ནང་མི་ཡོང་ལ་མྱ་ངན་འཚམས་འདྲི་ཡོད།
ནང་མི་ཡོངས་ལ་མྱ་ངན་འཚམས་འདྲི་ཡོད།
བོད་གཞིས་བྱེས་གཉིས་ཁོངས་ནས་རང་ལུས་མེར་སྲེག་གཏོང་བའི་བསམ་སྦྱོར་ཐ་དག རྒྱལ་སྲས་ཀྱི་སྤྱོད་པ་དང་། མཆོད་སྤྲིན་དུ་ཕུལ་བ་སོགས་སྙད་འདུག་མོད་ཀྱང་།རང་རེ་བོད་འབངས་ཀྱི་བདེ་རྩའི་ཆེད་དུ་དགྲ་ལ་ཁ་གཏད་གཅོག་པའི་བསམ་སྦྱོར་ཞིག་ཡིན་ན་ནི། དེ་ལ་རྒྱལ་སྲས་ཀྱི་སྤྱོད་པ་དང་། དཀོན་མཆོག་གི་མཆོད་སྤྲིན་སོགས་སུ་སྙད་མི་རུང་པར་སེམས་སོ།