ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་དགུ་ཡས་མས་སུ་བོད་མདོ་སྨད་ཨ་མདོ་རེབ་གོང་ཕྲེང་ཡར་ནང་བདེ་ཆེན་དགོན་པའི་ནང་དུ་ཡུལ་དེའི་སེར་སྐྱ་མང་བོ་འདུ་འཛོམས་ཀྱིས་དགོན་པའི་འདུ་ཁང་སྒོ་ཁར་གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་དར་ཆ་ད་དུང་མཆོད་མེ་མང་བོ་བཤམས་ནས་བོད་རྒྱལ་ཁབ་ཆེན་མོའི་སྲིད་དབང་བཙན་ལག་ཏུ་ཤོར་ནས་ད་ལྟའི་བར་དུ་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་རང་དབང་ཆེད་དུ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གོང་ས་མཆོག་གི་གསོལ་འདེབས་གངས་རི་ར་བས་མ་གཙོས་བསྔོ་སྨོན་དང་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་རྣམས་མྱུར་ཏུ་གློད་གྲོལ་ཡོངས་པའི་འབོད་སྐུལ་ཁྲོད་ནས་སུམ་བཅུ་དུས་དྲན་ཐེངས་ང་གསུམ་པ་སྲུང་བརྩི་བྱས་འདུག་ལ་སྐབས་ཐོག་དེར་ཉེན་རྟོག་པ་དང་དམག་མི་གང་ཡང་མ་ཐོན་པར་བདེ་འཇགས་ངང་གྲོལ་སོང་། འཇུག་འབྲས་ཀྱི་གནས་ཚུལ་ད་དུང་ཧ་གོ་མ་སོང་།
ཁུངས། http://www.tibettimes.net/blogs.php?id=507&post_id=19518
༼ གསལ་བཤད་ཐུང་ཐུང་ཞིག གསར་འགྱུར་འདི་རེབ་གོང་ཡར་ནང་བཙན་མོ་བདེ་ཆེན་དགོན་གྱིས་གསུམ་དུས་ཐེངས ༥༣ པ་སྲུང་གཙི་ཞུ་སྐབས་ཀྱི་སྐུ་པར་་ཡིན་ནའང་། ཁ་སྔོན་ལ་མོ་བདེ་ཆེན་དགོན་དང་མིང་གཅིག་པས་གཉིས་གཅིག་ཡིན་མིན་ལ་ནོར་དོགས་འདྲ་བྱུང་འདུག་པས། ཁོ་བོས་རྩད་གཅོད་ཉུང་ཙམ་བྱ་སྐབས་ཀྱང་གནས་ཚུལ་བདེན་པ་རེད་འདུག གཞན་བརྒྱུད་ལམ་སོགས་ལ་སོ་ཉུལ་སུན་བཙེར་ཆེ་བ་དང་། གནས་ཚུལ་ངོ་མ་མིག་མཐོང་ལག་ཟིན་དུ་རེག་ཡོད་པ་དང་དེ་རིང་ཟླ་དུས་ཚེས་གྲངས་ཆུ་ཚོད་བཅས་གསལ་འཁོད་འདུག་པ་འདི་ལས་གནས་ཚུལ་གསལ་བོ་དགོས་བར་མ་མཐོང་བ་དང་། སྐུ་པར་གསར་བ་གཅིག་འབྱོར་འདུག་པས་སླར་ཡང་བཀོད་པ་་ཡིན།
གཞན་ཡང་༧གོང་ས་མཆོག་གི་སྐུ་པར་འཁྲིས་ཀྱི་སྐུ་པར་ཆུང་བ་དེ་༧ཀུན་གཟིགས་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་རེད། དེའང་རེབ་གོང་༧སྐྱབས་མགོན་༧ཤར་ཚང་བརྒྱད་པ་ཆེན་པོ་ཁྲི་འདོན་སྐབས་ཀྱི་སྐུ་པར་ཡིན་པ་དང་། ༧པཎ་ཆེན་མཆོག་སྤྲུལ་བཙོན་དུ་བཅུག་པས་རེབ་གོང་༧ཤར་ཚང་བརྒྱད་པ་ཆེན་པོའི་སྐུ་པར་སྟེང་༧ཆུང་སྲིད་རིན་པོ་ཆེའི་སྐུ་པར་བཟོས་ཏེ་མྱུར་དུ་ཁྲི་འདོན་ཐུབ་པའི་སྨོན་ལམ་མཚོན་པ་རེབ་གོང་ཡུལ་དུ་བཀྲམས་པ་དེ་རེད། ཤར་ཕྱོགས་ཁུག་རྟས། ༽
རེབ་གོང་མི་མང་གི་སྙིང་སྟོབས་ལ་ཡི་རངས་ཞུ།
བོད་ཀྱི་དུས་བབ་ཀྱིས་གསར་འགྱུར་འདི་རེག་སོན་མ་བྱུང་བ་ག་རེ་རེད་དམ།
ཁྱེད་ཚོའི་ལ་རྒྱ་ལ་རྗེས་སུ་ཡི་རང་ཡོད། བོད་རྒྱལོ།
ྱ
དངོས་གནས་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་སུ་ཡིད་རིང་གྲངས་མེད་ཡོད་་་་་་་་་་་་་་་
དུབ་བབ་ཐོག་གི་ཟིན་བྲིས་ནང་སྤྱི་ཟླ་གསུམ་པའི་ཆེ༹ས་བཅུ་བྲིས་འདུག།
ཟིན་བདག་ཁོང་ས་གནས་ས་ཐོག་ལ་ཡོད་གླེབ་འདུག།ཟིན་བྲིས་ཡང་ཉིན་དེར་སྤེལ་འདུག།
འདིའི་ཐོག་སྤྱི་ཟླ་གསུམ་པའི་ཆེ༹ས་བཅུ་གཉིས་བྲིས་འདུག།
གསར་འགྱུར་རྟོགས་བཟོ་བྱོས་ནས་སྒྲུང་ཐུང་འབྲི་འབྲི་བྱོས་ན་འགྲིག་གི་མ་རེད།
མཆོད་མེའི་གཟུགས་ཀྱི་སུམ་བཅུ་དུས་དྲན་ནི་མཚོན་དོན་ཡག་པོ་ཞིག་རེད། སྡུག་བསྔལ་གྱི་རྩ་བ་མ་རིག་པ་ཡིན་པས་མ་རིག་པའི་མུན་པ་སེལ། སྤྱི་ཟླ་གསུམ་པའི་ཚེས་བཅུ་ཡིན་པས་སུམ་བཅུ་དུས་དྲན་ཟེར་དགོས་བ་འདྲ། དེ་མིན་དགུ་བཅུ་གསུམ་ལས་འགུལ་ལྟ་བུར་འགྲེལ་བཤད་ཇི་ལྟར་རྒྱག་གམ།