རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོན་པ། Posted on 2014-02-062014-02-08 By ཁ་བརྡ་ 47 Comments on རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོན་པ། ཕྱི་ལོ་༢༠༡༤ ཟླ་༢ ཚེས་༥ ཉིན་རེབ་གོང་མགོན་ཤུལ་ནས་ཕག་མོ་བསམ་འགྲུབ་ལགས་ཀྱིས་པན་ཆེན་ཉིན་སློབ་གྲྭ་གཉིས་པའི་ཉེ་འདབས་སུ་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག ཁོང་གིས་མེར་བསྲེགས་བཏང་ནས་ཉེ་འཁོར་གྱི་ཡུལ་མིའི་ལག་པར་མ་ཚུད་སྔོན་ལ་རྒྱ་ནག་གི་ཉེན་རྟོག་པའི་ལག་པར་ཚུད་ནས་བཙན་འཁྱེར་བྱས་ཏེ། ད་ལྟའི་གནས་སྐབས་སུ་ཤི་གསོན་གང་ཡིན་ཆ་མ་འཚལ་བའི་གནས་སྐབས་ན་ལྷག་འདུག ཁོང་གི་ཨ་མའི་མིང་ལ་འབྲུག་མོ་ཟེར་བ་དང་། མགོན་ཤུལ་དམེ་སྐོར་ནས་མགོན་ཤུལ་སྒར་བར་མག་པར་སོང་ཡོད་འདུག འདི་ནི་ཕྱི་ལོ་༢༠༡༤ ལོའི་བོད་ཀྱི་མེར་བསྲེགས་གནང་མཁན་ཐོག་མ་དང་། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་༡༢༥ པ་རེབ་གོང་དུ་མེར་བསྲེགས་གནང་མཁན་ཐེངས་བཅོ་ལྔ་པ་ཆགས་འདུག གསར་འགྱུར།
ཆབ་བྲག་དང་བློ་བཟང་ཆོས་འབྱོར། ཁྱེད་གཉིས་ཀྱི་ཕ་ཡུལ་ནས་དཔའ་བོ་དཔའ་མོ་ཚོས་གཅིག་མཇུག་གཉིས་མཐུད་དུ་གསོན་སྲེག་མཛད་དེ་རྒྱ་གཞུང་གི་མ་རུང་རྩིངས་སྤྱོད་ལ་ངོ་རྒོལ་བྱེད་དུས། ཁྱེད་རྣམ་པ་གཉིས་ཀྱིས་རང་གི་བྱས་ཉེས་ལ་ནོངས་འགྱོད་ཀྱི་ཚིག་གཅིག་བཤད་ཐུབ་ཀྱིན་མི་འདུག་ཨ། ད་དུང་ང་ཚོའི་བགྲོ་གླེང་ལ་རྟ་རྒྱུགས་རྩེད་མོར་བལྟ་བའི་སེམས་བཟུང་ནས་སྐྱིད་བྱང་ངང་ལབ་རྒྱག་གིན་འདུག བུ་ངན་ན་རྩེ་ཁོག་ལ་སོང་ནས་རྒྱ་དར་འཕྱར་དང་།
ཡ་ང་སྙིང་རྗེ་མེད་པའི་རྒྱ་གདོན་ཚོར།། བརྩེ་བ་ཚད་མེད་བཟུང་བས་རང་སྲོག་ཕུལ།། བདེན་པའི་རྡོག་རྩ་བརྩད་པའི་མཐའ་མ་དེར།། ཡོད་ཚད་ཐལ་བ་ཡིན་ན་ཀྱེ་ཀྱེ་བོད། གླང་ཆེན་སྨྱོན་པར་འདྲེན་པའི་སྟོབས་མེད་རུང་།། ཀླད་པ་དུད་འགྲོ་ཡིན་པས་ཅི་ལ་འཇིགས།། ཁྱིམ་མཚེས་གྲོང་བ་འདར་པའི་ཁ་ཕོ་ཞིག། ད་ལྟར་མེད་ན་དུས་ནས་མི་རྒྱལ་ལོ།། རྒྱལ་ལོ་རྒྱལ་ལོ། སྲིད་འདིའི་བདེན་པ་རྒྱལ།
ཡང་དཔའ་རྒོད་ཅིག་སྐར་མདའ་མཆེད་པར་བཞིན་ཕེབས་སོང་ང་། བདེན་པ་ཆེན་པོ་རྒྱལ་ལོ། བོད་རྒྱལ་ལོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན།
ད་ལྟའི་རྒྱ་བོད། རྒྱ་ནག་གཞུང་ནི་གླང་ཆེན་སྨྱོན་པ་འདྲ། ། བོད་རིགས་ཡོངས་རྫོགས་སྤྲེའུ་སྤྱང་གྲུང་འཛོམས། ། མ་འོངས་པར། གླང་སྨྱོན་བརྟུལ་ནས་གཉའ་དང་སྒལ་པ་ལ། ། རིགས་རྩལ་སྤྲེའུས་མྱུར་དུ་བཞོན་རན་འདུག །
རྒྱ་ནག་གཞུང་ནི་གླང་ཆེན་སྨྱོན་པ་འདྲ། ། བོད་རིགས་ཡོངས་རྫོགས་སྤྲེའུ་སྤྱང་གྲུང་འཛོམས། ། གླང་སྨྱོན་བརྟུལ་ནས་གཉའ་དང་སྒལ་པ་ལ། ། རིགས་རྩལ་སྤྲེའུས་མྱུར་དུ་བཞོན་རན་འདུག །
བོད་ན་གི་བོད་མི་ཚོས་བོད་དོན་ཆད་དུ་རང་གི་སྐུ་སྲོག་ཡང་མེ་མཆོད་ཕུལ་བཞིན་ཡོད་ཀྱང་། བཙན་བྱོལ་བོད་མི་ཚོས་ཐ་ན་རང་གི་སྐད་ཡིག་ཙམ་ཡང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་ནི་ཧ་ཅང་བློ་ཕམ་པའི་གནས་རེད།
སྐུ་མེ་ལ་མཆོད་པའི་དཔའ་རྒོད་ཚོ། ཐུགས་ཞི་བདེར་གཏད་པའི་དཔའ་མོ་ཚོ། གསུང་བདེན་པ་བསྒྲགས་པའི་དཔང་པོ་ཚོ། ངའི་སྒོ་གསུམ་ཕྱག་གི་མཆོག་གསུམ་ཡིན། བུ་དཔའ་བོར་དཔའ་བོའི་འཆི་ལུགས་ཤིག བུ་མཛངས་པར་མཛངས་པོའི་བྱེད་ལུགས་རེ། མ་ངན་རུང་བུ་ཕྲུག་སྐྱོང་སྲོལ་ཞིག འདི་གནའ་ཡང་ཡོད་ལ་ད་ཡང་ཡོད། ངས་ཤེས་ནོ་ཀ་མད་སུམ་ཅུ་རེད། ངས་ཐུབ་ནོ་བཤད་རྒྱུ་འབྲི་རྒྱུ་རེད། དེའི་ལྷག་གི་དོན་ཆེན་མང་ན་ཡང། ངས་མི་འཇོན་ཅོག་མྱི་དགོངས་དག་ཞུ།
མི་དཔའ་བོ་འབར་བའི་དུར་ཁུང་དུ།། གཤིན་གདོན་འདྲེའི་རང་གཟུགས་ཅོག་མྱི་ཡིས།། ཞེ་ནག་པའི་ངོ་འཚང་འདྲི་བ་དེ།། མྱི་ཟེར་ཀྱང་ཕྱུགས་དང་ཁྱད་པར་གང་།།
སླར་ཡང་ཚེ་སྲོག་གཅིག་འཇིག་རྟེན་འདི་ནས་མི་རིགས་ཀྱི་ལས་དབང་ཆེད་འབུད་སོང་། མཐའ་ན། སྐྱག་ཟན་ང་ཚོ་ནི་ཁྱེད་རྣམ་པའི་བློས་གཏོང་ལ་རྗེས་དྲན་མི་ཐུབ་བྱེད་མཁན་ཤ་སྟག་ཡིན་ཁར། ནང་དམེའི་གཡུལ་ས་ལ་གཞོལ་བཞིན་མཆིས། ང་ཚོས་ཁ་ནས་བོད་མི་རིགས་ཀྱི་ལས་དབང་གླེང་བཞིན་དོན་དངོས་ཐོག་རང་དོན་ཁོག་བཅུག་ཁོ་ནར་བརྩོན་བཞིན་འདུག དེར་བརྟེན་རླབས་ཆེན་གྱི་བློས་གཏོང་གནང་མཁན་ཚོའི་རེ་བ་ཆུད་ཟོས་སུ་གཏོང་ཉེན་ཡོད།
ཚེ་སྲོག་བུད་ཤིང་བཞིན་བསྲེགས་ནས་བདེན་པ་བདར་རུང་ང་ཚོས་གྲངས་འདྲེན་ཙམ་ལས་ཅི་ཡང་འཇོན་ཀི་མེད། དེ་ཡིན་དུས་ཆུང་མ་དང་བུ་ཕྲུག ད་དུང་ཕ་མ་དང་སྤུན་མཆེད་རྣམ་པའི་སེམས་ཁོང་ལ་བཞག་པའི་ན་ཟུག་ནི་ནམ་ཡང་གསུབ་ཏུ་མེད། ཇི་འདྲའི་སྐྱོ་བ་ལ།
ཚེ་སྲོག་མཆོད་མེར་ཕུལ་བའི་དཔའ་རྒོད་ཁྱོད། །ཚེ་རབས་ཕྱག་ན་པདྨོས་རྗེས་འཛིན་ཞིང་། །ཚེ་འཕོས་རྐྱེན་གྱི་འདོད་དོན་གང་ཡིན་པ། །ཚེ་འདིར་འཚོ་བའི་ཡུན་ལ་བདག་གིས་འབད།།
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ་་་་་་་་་་་་་་ ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །
གཉའ་གནོན་དང་སྡུག་རྩུབ་འོག་དྲན་བདེན་གྱི་རང་དབང་ལྡན་པའི་དབུགས་ཤིག་ལེན་དབང་མེད་པའི་བོད་རིགས་སྤུན་ཟླ་དག་གིས་གཅིག་རྗེས་གཉིས་འཐུས་སུ། བོད་དོན་བདེན་སྐྱོབས་ཀྱི་མེ་མཆོད་རེ་རེས་དྲང་བདེན་གྱིས་ཕོགས་ཤིང་། མཁེ་གྲགས་ཀྱིས་དབང་བསྒྱུར་བའི་དེ་རིང་གི་འཇིག་རྟེན་འདིར། འབྲས་བུ་དེ་ཡིན་བྱ་བ་ཞིག་ཡོད་མི་སྲིད་ཨང་། འོན་ཀྱང་། བོད་མི་རིགས་དང་བོད་དོན་ལ་ཞེན་པ་དཀར་བའི་མི་ཞིག་ཡིན་ན། རྒྱལ་གཅེས་པ་དེ་དག་གི་ཤི་བོའི་ཞལ་ཆེམས་དང་། ཤུལ་ལུས་ནང་མིར་ཅིས་ཀྱང་བདག་སྐྱོང་བྱ་རྒྱུ་ནི་སྐབས་བབས་ཀྱི་འོས་འགན་ཞིག་མ་ཡིན་ནམ།
མེ་ལྕེ་ཞིག་མཆེད། ཚེ་སྲོག་ཞིག་བསྐུམ། ལས་སླ་བའི་རྫོགས་ཚིག་ཤིག ཡིནའང་དུ་རླང་དང་དྲི་ཞོབ་དེ་ད་དུང་ངས་ཚོར་དབང་ན། ཁྱོད་ཀྱི་ཚོར་དབང་ན་ཡོད་ངེས། དེ་ནི་ལས་སླ་པོའི་རྫོགས་ཚིག་མིན་པར་ནམ་ཡང་ང་དང་ང་ཚོའི་སེམས་ཁོངས་སུ་འབར་བཞིན་པའི་མེ་ལྕེ་ཡིནདགོས། ཁྱེད་ཀྱིས་མེ་ལྕེ་དེའི་འོད་སྣང་འཚོལ་དགོས་ལ། འོད་སྣང་ལས་བདེ་སྐྱིད་རེག་དགོས། དེ་ལྟར་མ་བྱུང་ན་ཁྱེད་ལ་ཚོར་བ་མེད་ལ་ང་ལ་ཤེས་པ་མེད། མ་ཎི་རྐང་གཅིག་དེ་ཁོང་ཚོའི་རེ་བ་མིན་ལ་། སྐྱོ་སེམས་ཆ་རེ་ཆོར་རེ་དེ་དེ་བས་ཁོང་ཚོའི་མདུན་པ་མིན། དེ་བས་ང་དང་ང་ཚོའི་ཚེ་སྲོག་གི་འོད་སྣང་དེ་ལ་ལྕིབ་ནས་ཕ་ས་དོག་པའི་བང་སོ་དེ་བསྒྲེངས་དགོས། ཕོ་རྒོད་ཚོ་ཡར་ལ་ལོང་དང་དུ་རླངས་དང་མེ་ལྕེ་དེའི་ཁྲོད། ཕ་ས་འཚོལ་ཞིག དཔའ་རྒོད་ཚོ་རྒྱལ་དགོས་ངེས་པར་དུ་རྒྱལ་དགོས།
མི་མངོན་ལྷ་ཀླུར་སྨོན་གསོལ་མ་བྱས་ཤིང་།། མི་བསྲུན་བདུད་ཚོགས་གྲོགས་སུ་མ་བཀུག་པར།། མི་ཤིགས་བརྩེ་མདུད་རང་རིགས་ཡོངས་བཏབ་པའི།། མི་བརྗེད་དཔའ་རྒོད་མཆོག་རྣམས་སྲུངས་གྱུར་ཅིག །
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ་་་་་་་་་་་་ ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །
བན་ཆེན་ཤའུ་སྙིང་འདབས་རོལ་ནས།། སྐུ་ལུས་མེ་མཆོད་ཕུལ་བ་འདིའི།། རྒྱལ་སྤྱིའི་ཚོགས་རྣམས་གྲོགས་གུག་དེ།། བོད་མིའི་བདེན་མཐའ་སེལ་གྱུར་ཅིག།
ངས་ཉིང་རྡུལ་མེ་ཤུགས་འཕུར་མདའི་ཆེད་དུ་དངུལ་གསོག་ན་འདོད་ཀི ཡིན་ནའང་དགྱ་ནག་ལྷག་མེད་གཙང་བཟོ་བྱས་པའི་རྗེས་ལ་བོད་བདེ་ཞིང་སྐྱིད་པོ་ཡོང་བའི་གདེང་ཚོད་དེ་ངས་རྙེད་མ་བྱུང་།
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ
ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་རྣམ་པ། ཐུགས་རྗེ་གཟིགས་ཀུན་གླེང་གཙོ་སྐྱོང་སྐབས་ཀྱི་དག་ཆར་གཟབ་གཟབ་གནང་རོགས། དེ་དགོང་ཡང་ཤིས་ལོང་གི་ཚབ་ཏུ། དུས་གཅིག་ཏུ་ཤིལ་ལོང་དང་ཤཱི་ལོང་མ་འདྲ་བ་གཉིས་བྲིས་ཡོང་གི་འདུག གནད་དོན་དེ་འདྲ་རྟག་པར་ཡོང་གི་འདུག མ་འོངས་པར་རྣམ་པ་ཚོས་འགྱུར་བ་མ་བཏང་ན། ངས་དེར་དམིགས་ཀྱིས་རྩོམ་ཡིག་ཅིག་འབྲི་གི་ཡིན། ངས་ད་བར་དུ་བརྟག་དཔྱད་མང་པོ་བཏང་ཡིན། ནོར་འཁྲུལ་རྟག་པར་ཡོང་བསྡད་ཀྱི་འདུག ཚང་མས་ཡིག་ནོར་ལ་ངེས་པར་དུ་དགོས་པ་བཞེས་རོགས།
བཙན་བྱོལ་ནང་གི་མི་སྣ་འགས་བོད་ཡིག་གི་དག་ཆ་གསར་བཟོ་བྱས་དང་བྱེད་མུས་དེ་ནི་ལོ་ངོ་སྟོང་ཕྲག་དུ་མ་སྔོན་ནས་མེས་པོས་བཞག་པའི་རིག་གཞུང་ལ་ཕལ་ཆེར་ཁྱད་གསོད་བྱེད་ཀྱི་ཡོད་ཤས་ཆེ། དེ་མིན་ན་རང་ཉིད་ཀྱི་ཤ་རུས་སུ་ཐིམས་པའི་རླབས་ཆེན་གྱི་ཡིག་རིགས་ལ་དོ་སྣང་མི་སྤྲོད་པའི་རྒྱུ་མཚན་གང་ལ་ཐུག་གམ། དེར་བརྟེན་ང་ཚོས་ལས་དོན་དེ་རིགས་སྤེལ་མཁན་ལ་མཐའ་གཅིག་ཏུ་རྒོལ་རྡུང་དྲག་པོ་གཏོང་དགོས།
ངའི་རྩ་བའི་བླ་མ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག གང་ཉིད་ཀྱིས་རྒྱལ་ཆེན་ཤུགས་ལྡན་ནི་བཀག་སོང་། གཟིག་ལྤགས་སྲམ་ལྤགས་ནི་བཀག་སོང་། རྩྭ་ས་རྩོད་གླེང་ནི་བཀག་སོང་། རང་ལུས་མེར་བསྲེགས་འདི་མི་འགོག་པ་ཅི། ཐུགས་རྗེས་གཟིགས། གསུངས་དྲོན་མོའི་བཀའ་སློབ་ཅིག་གནང་རོགས། སྙིང་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་མཆོག བུ་མོ་ཆུང་ཆུང་དེ་སྙིང་རྗེ་ནས་མི་བཟོད་གི་ལགས།
དོལ་རྒྱལ་ཏང་ལ་ཤུགས་ལྡན་པས། རང་ལུས་མེར་བསྲེག་འགོག་མི་ནུས། དོལ་རྗེས་འབྲང་བའི་ཁྱི་ཕྲུག་ཚོས། རྒྱ་སྒོར་ཟོས་ནས་རྒྱ་གླུ་ལོངས།
ཏང་གི་རྒྱལ་ཆེན་ཤུགས་མེད་པོ། མེ་གསོད་འདོད་པ་གད་མོ་བྲོ། ཕ་ཁྲི་འཆི་ཁར་ཁོག་ལ་ཞུགས། བླ་མགོན་དབྱེར་མེད་ཡིན་དོ་ལོ།
ཁྱོད་ནི་ཡི་ཤེས་རྡོ་རྗེས་སམ། ཁྱོད་ནི་ཏང་གི་རྒྱལ་ཆེན་ནོ། ཁྱོད་ནི་རྒྱ་ཡི་སྒོར་མོ་མོ། རྒྱ་རྒྱལ་བོད་ཕམ་མངའ་གསོལ་ལོ།
ང་རང་ཡེ་ཤེས་རྡོ་རྗེས་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། དེ་མིན་ཁ་ཤས་ཞིག་གིས་རང་ཐོག་ལ་བསམ་བློ་མི་གཏོང་བར་སྐད་ཆ་བཤད་མཁན་འདི་ཚོའི་གྲལ་གྱི་ནང་མི་སྤུན་མཆེད་དང་།ཐ་ན་ཡུལ་ཕྱོགས་སུ་ཡང་གནས་ཚུལ་དེ་འདྲ་བྱུང་མེད་པས་ཁ་རྒྱག་པ་བཤད་ཡ་དགའ་བོ་ཡོད།
རིག་རྡོ་དང་ཡེ་ཤེས་རྡོ་གཉིས། ཉོན་ཨ། བོད་ནང་གི་དཔའ་བོ་འདི་ཚོས་༧གོང་ས་མཆོག་གིས་སྡུག་པོ་གཏང་གིན་འདུག། ང་ཚོ་མར་སྲེག་གི་ཡིན་ཟེར་གྱི་ཡོད་པ་མ་རེད་ཐལ། འདི་ནི་རྒྱ་འདྲེ་ཚང་གི་གདུག་རྩུབ། བརྙས་བཅོས་ཆེ་བ། མཐོང་ཆུང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཅི་གང་མི་འདུག། ང་ཚོ་གསོན་དམྱལ་འདི་ནས་ཐར་ཐུབ་པ་ལ་བསམ་བློ་དང་སྲིད་ཇུས་ལ་འགྱུར་བ་དགོས་ཟེར་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀི་ཡོད་པ་རེད་ཐལ། གནད་དོན་འདི་ནི་ཕྲལ་དུ་རྒྱ་ནག་གཞུང་གིས་བསལ་དགོས་བ་དང་། བསལ་བས་མ་ཚད་ཀུན་གསོབ་ཡང་བྱེད་དགོས་བ་རེད་ཐལ། འདིའི་ནག་ཉེས་ཚང་མ་དམར་པོའི་གཞུང་ལ་ཡོད་པ་རེད་ཐལ། དཔའ་བོ་ཚོར་ཤ་ཚ་ནས་མི་བཟོད་པ་ཚང་མས། རྒྱ་ནག་ལ་ཞུ་བ་འབུལ་ན་འདྲ། ཁ་ཐད་དུ་ལངས་ན་འདྲ། ཅི་བྱེད་ན་ཡང་། དམུར་ས་ཤེས་ནས་སྐད་ཆ་བཤད་ན་ཡག་པོ་ཡོད་པ་རེད་ཐལ། ༧རྒྱལ་བ་མཆོག་ཐུགས་སྐྱོ་ནས་བཞུགས་ཡ་ལས། རྒྱལ་བ་མཆོག་ལ་རྒྱ་ནག་གི་སྲིད་ཇུས་ལ་ཐེ་གཏོགས་བྱེད་པའི་དབང་ཆ་ཞིག་འདུག་གམ། མེད་པ་ཨ།
སྡར་མ་དཔའ་སྐད་རྒྱང་ནས་འཐེན་ནས་ཅི་བྱེད། ཡང་བླུན་པོ་གནམ་འདིས་ཅི་ཞིག་བཤད་ཀྱི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གིས་འགན་ཁྱེར་ནས་འདིའི་སྐོར་བཀའ་སློབ་གནང་ན་ཡག་པོ་འདུག་མཆན་ཡོད་པ་མཐོང་སོང་།དེ་མིན་འདི་ལྟར་མི་༡༣༠བརྒལ་ཀྱང་འབྲས་མེད་རེད།གྱོང་ནང་མི་ཚོ་རེག་ཡོད་པ་ལས་ཁྱོད་དང་ཁྱེད་ཀྱི་ནང་མི་སྤུན་མཆེད་ཐ་ན་ཁྱེད་ཀྱི་ཕ་ཡུལ་ལ་ཡང་རེག་ཡོད་མི་སྲིད་པས།མེ་བསྲེགས་མཚམས་འཇོག་ལ་འབད་དགོས། རྒྱ་གཞུང་ཡིན་པ་བླུན་པོ་ཁྱོད་ལྟ་བུ་ཞིག་གིས་བཤད་མི་དགོས་བར་སེམས་ཐང་པོ་ཡོད་མཁན་ཚང་མས་ཤེས་གསལ་རེད། ཁ་འདི་ཙམ་ལ་གཡར་ནས་མི་ཤེས་ཤེས་ཁུལ་གྱིས་ཅི་བྱེད། ༧གོང་ས༧མཆོག་གིས་ཀྱང་ཉེ་ཆར་ཤིས་ལིང་ནས་བོད་མི་ཚོར་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་ལ་གཟབ་གཟབ་བྱེད་དགོས་།ཞེས་བཀའ་སློབ་འདི་ལྟར་གནང་འདུག་ན།མེ་བསྲེགས་ཕྱོགས་ལ་བཀའ་སློབ་གནང་ནས་མཚམས་འཇོག་ལ་འབད་དགོས།
༧ཀུན་གཟིགས་པཎ་ཆེན་མཆོག་གི་ནང་མི་ཚོར་སྙིང་བརྗེ་བུ་མོ་གཅིག་བུ་བཤུལ་ལ་ལྷག་འདུག་ཟེར་གྲབས་འདུག་ག རིག་རིན་འདི་ཚོ་རྒྱ་འདྲེ་ཡིན་ས་རེད་ད།
མེར་བསྲེག་བོད་ཀྱི་དོན་རེད། རྒྱ་བསྲེག་མ་བྱས་སྔོན་ལ། རང་བསྲེག་བགྱིས་ན་དཔའ་པོ། རྒྱ་བསྲེགས་བགྱིས་ན་དཔའ་པོ། ཕར་བསྲེགས་ཚུར་བསྲེགས་མེད་པར། བོད་དོན་ཡོད་མདོག་མ་གནང་། བོད་དོན་སྒྲུབ་དུས་རྗེས་མ། ཐོབ་ཐང་བཤད་དུས་སྔོན་མ། ཁྱེད་རའི་ཨ་ཕའི་རོ་ཡིན།
འཇིགས་མེད་ཕུན་ཚོགས་དང་གུང་ཐང་བ་འདི་ཚོར་སྙིང་བརྗེ་རྒྱལ་གཅེས་ཆོས་གཅེས་གང་ཡག་ཡག་བགྱིས་ཡོད་ན་ད་དུང་བཞུགས་ཡོད་ས་ཡོད། རྒྱལ་གཅེས་ཆོས་གཅེས་པ་ཚོ་ཚེ་རིང་པོ་འདུག་ག རང་ལུས་མེར་བསྲེགས་པ་ཚོར་ཚེ་རིང་པོར་ཁྱོན་ནས་མི་འདུག འདི་འདྲ་མ་འདྲི་གྲོགས། དོལ་ལུགས་པ་ཡིན་ན་གནས་ཚུལ་ལོག་ག་རེད། ཨོ་ཙིའི་རིག་རིན་ཚོར་སྙིང་བརྗེ། ང་ལ་དམ་བཅའ་གཅིག་ཡོད། དེ་ནི་གཞན་མེར་བསྲེག་ལ་སྐུལ་མ་མི་བྱེད་པ་དང་། བོད་དོན་དུ་བསྲེགས་ནས་སྐུ་གཤེགས་པའི་ནང་མི་ཚོ་འུ་ཅག་གི་ནང་མི་ཡིན། དཔེར་ན་༧པཎ་ཆེན་སྲས་མོ་བཞིན།
གཞི་ལུས་སྤུན་ཟླ་ཚོས་རང་ལུས་མེ་བསྲེགས་མཚམས་འཇོག་བྱེད་རོགས་ཞུ། ང་ཚོ་བོད་མི་རིགས་ལ་ཁྱེད་ཚོ་ལྟ་བུའི་རང་རིགས་ལ་ཤ་ཞེན་ཡོད་མཁན་ཤིན་ཏུ་ནས་དགོས་མཁོ་ཆེ། རྒྱ་ནག་སྲིད་གཞུང་ལ་ཁྱེད་ཅག་རྒྱལ་གཅེས་པ་ཚོའི་རང་སྲོག་བཏང་ཚེ་ཁོང་ཚོ་དགའ་རྒྱུ་མ་གཏོགས་སྡུག་རྒྱུ་ཅི་ཡང་མེད། མ་ཟད་༧གོང་ས༧་མཆོག་གིས་མཚམས་འཇོག་འདིའི་སྐོར་བཀའ་སློབ་གནང་ཚེ་རྒྱ་གཞུང་གིས་འདོད་པ་འགྲུབ་ཀྱི་མེད། ག་རེ་བྱས་ནས་ཟེར་ན། རྒྱ་གཞུང་ལ་མི་མཁོ་བ་རང་རིགས་ལ་ཤ་ཞེན་ཡོད་མཁན་ཚོ་རེད།དེ་དག་རྩ་མེད་དུ་གཏོང་རྩིས་སམ།རྩ་མེད་སོང་ན་ཁོང་ཚོའི་འདོད་པ་འགྲུབ་པ་རེད། དེ་བཞིན་བོད་རང་གི་མི་རིགས་ཕྱི་ནང་གཉིས་ཀ་ན་ཡང་མི་རིགས་ལ་ཞེན་ཁོག་ཡོད་མཁན་ཚོ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་ལུས་མེ་བསྲེགས་ལ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་བྱེད་དུས། ཁ་གཞན་ལ་གཡར་ནས་རྒྱ་གཞུང་ལ་འགན་ཡོད་པ་ལས་བོད་མི་རིགས་ལ་འགན་མེད་ཟེར་གྱི་ཡོད།འདི་དག་གི་ཡུལ་ཡང་རྒྱ་གཞུང་གི་དམིགས་ཡུལ་བཞིན་རང་རིགས་ལ་ཤ་ཞེན་ཡོད་མཁན་དཔའ་བོ་དཔའ་མོ་ཚོ་རྩ་མེད་དུ་སོང་ན་འདོད་ཀྱི་ཡོད། འདི་ཚོའི་དམིགས་ཡུལ་འགེབས་ཕྱིར་དུ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་གནང་མཁན་ཚང་མ་ཤུགས་ལྡན་དང་གུང་ཁྲན་གྱི་གྲལ་དུ་འཇོག་གི་རེད། འདི་ཚོ་ནི་ཉིན་མོ་ལྷ་དང་མཚན་མོའི་འདྲེ་ཡི་རིགས་ཡིན།བོད་ཕྱི་ནང་གཉིས་ནས་འདིའི་རིགས་ལ་མཉམ་འཇོག་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། བོད་ལ་དཀའ་ངལ་ཡོད་པའི་མཚོན་རྟགས་སུ་མེ་བསྲེགས་མ་བཏང་ཀྱང་འཛམ་གླིང་གིས་ཤེས་གསལ་རེད། གལ་སྲིད་མ་ཤེས་ཀྱང་མཚོན་རྟགས་སུ་མི་༡༣༠་འབར་ཡང་ད་རུང་མ་ཤེས་ན་མིག་ལོང་པ་དང་རྣ་འོན་པ་ཡིན་སྲིད།དེ་ལས་རང་སྲོག་རྩ་ཆེན་རིགས་ངེས་བར་དུ་སྲུང་སྐྱོབ་བྱེད་རོགས་ཞུ།
མཆན་ཨང་ 25 པ་འདེབས་མཁན་ནི་ང་ཡིན། དེ་ནས་ད་བར་དུ་མི་ལྔ་ཡིས་ཁྱོན་བསྡོམས་མཆན་ 10 བཏབས་འདུག དེ་དག་ལས་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་མུ་མཐུད་ནས་འབྱུང་དགོས་པ་འདྲ་ཞིག་མཐོང་གི་ཡོད་ས་རེད། ཡིན་ནའང་མི་གསུམ་གྱིས་མཚམས་འཇོག་ཡོང་རྒྱུའི་རེ་བ་བྱེད་བཞིན་འདུག མང་གཙོའི་འོས་ཤོག་གི་འགྲོ་སྟངས་བྱས་ན། གསུམ་ནི་གཉིས་ལས་མང་བས། མང་མོས་ཐག་གཅོད་ཡིན་ད། ཤོར་མཁན། 1. དྲན་དཀར་དཔལ་ཡོན། 2. གནམ། ཐོབ་མཁན། 3. རིག་རྡོ། 4. རིན་ཆེན། 5. ལྷ་མོ་ཚེ་རིང་།
དགོངས་འགལ་མེད་པར་ཞུ། གོང་གི་མང་མོས་འོས་བསྡུའི་གྲངས་བཤེར་གྱི་ཐད་ནས་ནོར་འཁྲུལ་ཤོར་བཞག བསམ་ཚུལ་འདོན་མཁན་མི་ལྔ་མ་རེད། མི་དྲུག་རེད། རླངས་སྔགས་ཟེར་བ་ཞིག་ཀྱང་འདུག ཁོང་ནི་བར་གནས་པ་རེད། ཡིན་ནའང་མཐའ་མའི་ཐག་གཅོད་དེ། མང་མོས་ཐག་གཅོད་ལ་འགྱུར་བ་ཕྱིན་མེད་པ་ཡིད་འཇགས་འཚལ།
༡ དོལ་རྒྱལ་པ་འིན་མིང་ཅན། ཤུགས་ལྡན་ཟེར་ན་ཏང་ཡོན་རྒྱལ་ཆེན་ཟེར་བ་དེ་རེད་དམ། ཁྱེད་ཀྱི་རྒྱ་ཕོག་ཟ་གིན་མེད་པའི་སྒྲུབ་བྱེད་འདྲ་ཡོད་དམ། སྲིད་སྐྱོང་བློ་སེང་གིས་གནས་ཆུང་གི་བཀའ་ལུང་བསྒྲག་ཏེ་འབོད་སྐུལ་གནང་བ་ཁྱེད་ཀྱི་མ་ཐོས་སམ། ༢ ཡེ་དོལ་ལུགས་པས་གཅན་གཟན་ལྤགས་རིགས་གྱོན་པ་བཞིན་རང་ལུས་མེར་བསྲེགས་ནི་རྒྱུ་ངོམ་གཅིག་ཏུ་མཐོང་གི་མདུག་གམ། བདག་ནི་རང་ལུས་མེར་བསྲེག་གཏོང་མཁན་རྣམས་དཔའ་པོར་བརྩི་མཁན་ཞིག་ཡིན།
བོད་ཕྱི་ནང་གང་ཞིག་ན་ཡོད་ན་ཡང་། ཤ་ཁྲག་བོད་མི་ལས་ཆད་པ་ཞིག་ཡིན་ཕྱིན། ང་ཚོ་ཚང་མ་གཡུལ་ས་ན་ཡོད། གཡུལ་ས་ནས་ཤི་འཐབ་རོ་འཐབ་བྱེད་ནི་ཡོད། དེ་ལ་ངས་དུས་ནམ་ཡིན་ལ་གུས་ཤིང་ཆེ་བ་བརྗོད། གཡུལ་ས་ན་སྒོང་ནས་འདུག་ནི་ཡོད། འདི་ཚོ་ལ་ཡང་ང་ལ་ཤ་ཚ་དང་སྙིང་རྗེ་ཡོད། གཡུལ་ས་ནས་མ་འཐབ་མ་འདུག་ཟེར་ནས་ངུ་སྐད་འདོན་ནི་ཡོད། འདི་ཚོ་ནི་ངའི་ཕྱི་དགྲ་ལས་ཀྱང་སྙིང་ལངས་སའི་ནང་དགྲ་ཡིན། དེ་དག་ནི་འདི་ཚོ་རེད། རེ་བ་མེད་པའི་མྱི་འདི་ཚོ་རེད། རིག་རྡོ། རིན་ཆེན། ལྷ་མོ་ཚེ་རིང་། ཁྱེད་རང་ཚོས་འདི་འདྲ་ཞིག་ཀློག་ཡོད་ཚོད་ཡིན། ༼བཙན་རྒྱལ་རྒྱ་དམར་བོད་ནས་མཐའ་སྐྲོད་གཏོང་གི་ཡིན། རྒྱ་ཆེ་མི་མང་ལོངས་ཤོག། ༽ འདྲེ་ཁྱེད་རང་ཚོ་འདྲ་ཏག་ཏག་ཡིན་ན། ཕང་བ་ལ། ཁྱེད་རང་ཚོ། དངོས་གནས་ཡིན་ན། ངལ་རྒྱལ་ལང་ཚད་རེད། སེམས་ཤུགས་འཕར་ཚད་རེད། ཁ་བཙུམ་ཚད་རེད། དཔའ་བྱེད་ཚད་རེད། བསམ་བློ་ཡང་བསྐྱར་གཏོང་། རིག་པ་ཡང་བསྐྱར་སྒྲིམ། དགྲ་བོ་རྒྱ་དམར་ཚང་གིས། གསོན་པོའི་མྱི་ལ་བརྙས་བཅོས་བྱས་བས་མ་ཚད། ཤི་བོའི་རོ་ཐལ་ལ་ཡང་འཐབ་རྩོད་བྱེད་བཞིན་འདུག། གོ་ནི་ཞིག་ཡིན་ན་བཤད་ཡོད་དོ། གངས་རི་བ་ཚོ།
རེད་རེད། བཙན་བྱོལ་ནས་ང་ཚོས་འཇོན་པ་ནི་ “སྐད་འབོད” བྱེད་རྒྱུ་དེ་རེད། གསུམ་བཅུ་དུས་དྲན་ཙམ་མིན་པར་རྒྱུན་དུ་ནས་དྲྭ་ཐོག་ཏུ་ “སྐད་འབོད” བྱེད་པ་འདི་ཡང་བོད་ཀྱི་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་མ་རེད་ཅེས་སུས་བཤད་ཐུབ། ད་ཚང་མས་མཉམ་པོར་སྐད་འབོད་བྱེད་ཀྱི་ཡིན་དཱ། བོད་ཀྱི་བདག་པོ། བོད་མི་ཡིན། བོད་རང་བཙན། གཙང་མ་ཡིན། རྒྱ་དམར་བོད་ནས། མཐར་རྒྱུགས་ཤིག
ཡེ་རྗེ་ཁྱོད་ཀྱིས། གཅན་གཟན་ལྤགས་རིགས་གྱོན་པ་བཞིན་རང་ལུས་མེར་བསྲེགས་ནི་རྒྱུ་ངོམ་གཅིག་ཏུ་མཐོང་གི་མདུག་གམ།
འོད་དང་བཅས་ཏེ་མི་ཡི་ཡུལ་ནས་གཤེགས་ན་ཡང་།། འོད་དང་བཅས་ཏེ་མི་ཡི་ཡུལ་དུ་བཞུགས་པར་ངེས།། མིག་ཆུ་མང་པོས་ཁྱོད་ལ་སྐྱེལ་མ་བྱས་ན་ཡང་།། མིག་ཟུང་མང་པོ་ཁྱོད་ཀྱིས་གཏན་དུ་སད་པར་བྱས།།
རྒྱུ་ངོམ་ཅིག་ཏུ་མཐོང་གི་མི་འདུག་ལགས། ཡིན་ནའང་ “གཉིས་ཕན་དབུ་མའི་ལམ་” གྱི་ཆེད་དུ་ སྲོག་འདོར་མི་དགོས་པ་ཞིག་ཏུ་མཐོང་བ་ཙམ་མོ། གལ་སྲིད་ང་ཚོས་རང་བཙན་རྩོད་ཀྱི་ཡོད་ན་ནི་ཐ་དད་རེད། དེ་མིན་ད་དུང་བགྲོ་འདོད་གྱི་གཏམ་གཞན་ཡང་མཆིས་ཏེ། དེ་དག་ནི་ཁྱེད་ལྟ་བུ་སྙིང་རླུང་ཅན་ཚོར་འདིར་གྲོས་སུ་འདེབས་པ་ནི་གཞར་ཡང་བླང་བྱ་ཞིག་ཏུ་མི་བསམ།
ཡེ་རྡོར་ཁྱེད་སྙིང་རླུང་མེད་པར་འཛུམ་ཤིག་གེ་སྡོད་ཨ། རྣམ་དཔྱོད་ཡོད་མདོག་བྱ་ཆོག་པ་མ་ཟད། ཞི་ཅིན་ཕིན་ལས་ལྷག་པའི་རྣམ་དཔྱོད་ཡོད་མདོག་བྱ་ཆོག་གི་རེད། ཡིན་ནའང་དྲ་ཚིགས་འདིར་པཎ་ཆེན་དཔའ་བོའི་མཛད་པའི་མཐར་ལྷུང་བ་ལྟ་བུའི་ཁ་ཕོ་མ་སྒྲོགས་ཅིག འགྲོ་བ་མི་རྣམས་རང་བཞིན་ཀྱིས་གནས་འདོད་མོད། བྱ་བཞག་གང་ཞིག་གི་ཆེད་དུ་རྒྱུན་ལྡན་མིན་པར་འཆི་འགྲོ་གིན་ཡོད། འཆི་རྐྱེན་འདི་འཚོལ་འདོད་ན་མི་སེར་སྤེལ་མཁན་གྱི་ཕྱོགས་ནས་འཚོལ་བ་ལས། གཞན་མི་སེར་སྤེལ་ཡུལ་གྱི་ཕྱོགས་ནས་རྙེད་སོང་ཁུལ་མ་བྱེད་ཨ། མི་སེར་སྤེལ་བ་པོའི་ཁྲལ་མཇལ་གི་མེད་ན་ནི་ཡིད་ལ་གཟུང་།
ཨོཾམཎིཔདམེཧུཾཧྲི།
ཆབ་བྲག་དང་བློ་བཟང་ཆོས་འབྱོར། ཁྱེད་གཉིས་ཀྱི་ཕ་ཡུལ་ནས་དཔའ་བོ་དཔའ་མོ་ཚོས་གཅིག་མཇུག་གཉིས་མཐུད་དུ་གསོན་སྲེག་མཛད་དེ་རྒྱ་གཞུང་གི་མ་རུང་རྩིངས་སྤྱོད་ལ་ངོ་རྒོལ་བྱེད་དུས། ཁྱེད་རྣམ་པ་གཉིས་ཀྱིས་རང་གི་བྱས་ཉེས་ལ་ནོངས་འགྱོད་ཀྱི་ཚིག་གཅིག་བཤད་ཐུབ་ཀྱིན་མི་འདུག་ཨ། ད་དུང་ང་ཚོའི་བགྲོ་གླེང་ལ་རྟ་རྒྱུགས་རྩེད་མོར་བལྟ་བའི་སེམས་བཟུང་ནས་སྐྱིད་བྱང་ངང་ལབ་རྒྱག་གིན་འདུག བུ་ངན་ན་རྩེ་ཁོག་ལ་སོང་ནས་རྒྱ་དར་འཕྱར་དང་།
ཨ་ཨ། ཨོམ་མ་ཎི་པདྨའི་ཧུམ། བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་སྨོན།
ཡ་ང་སྙིང་རྗེ་མེད་པའི་རྒྱ་གདོན་ཚོར།།
བརྩེ་བ་ཚད་མེད་བཟུང་བས་རང་སྲོག་ཕུལ།།
བདེན་པའི་རྡོག་རྩ་བརྩད་པའི་མཐའ་མ་དེར།།
ཡོད་ཚད་ཐལ་བ་ཡིན་ན་ཀྱེ་ཀྱེ་བོད།
གླང་ཆེན་སྨྱོན་པར་འདྲེན་པའི་སྟོབས་མེད་རུང་།།
ཀླད་པ་དུད་འགྲོ་ཡིན་པས་ཅི་ལ་འཇིགས།།
ཁྱིམ་མཚེས་གྲོང་བ་འདར་པའི་ཁ་ཕོ་ཞིག།
ད་ལྟར་མེད་ན་དུས་ནས་མི་རྒྱལ་ལོ།།
རྒྱལ་ལོ་རྒྱལ་ལོ། སྲིད་འདིའི་བདེན་པ་རྒྱལ།
ཡང་དཔའ་རྒོད་ཅིག་སྐར་མདའ་མཆེད་པར་བཞིན་ཕེབས་སོང་ང་། བདེན་པ་ཆེན་པོ་རྒྱལ་ལོ། བོད་རྒྱལ་ལོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན།
ད་ལྟའི་རྒྱ་བོད།
རྒྱ་ནག་གཞུང་ནི་གླང་ཆེན་སྨྱོན་པ་འདྲ། །
བོད་རིགས་ཡོངས་རྫོགས་སྤྲེའུ་སྤྱང་གྲུང་འཛོམས། །
མ་འོངས་པར།
གླང་སྨྱོན་བརྟུལ་ནས་གཉའ་དང་སྒལ་པ་ལ། །
རིགས་རྩལ་སྤྲེའུས་མྱུར་དུ་བཞོན་རན་འདུག །
རྒྱ་ནག་གཞུང་ནི་གླང་ཆེན་སྨྱོན་པ་འདྲ། །
བོད་རིགས་ཡོངས་རྫོགས་སྤྲེའུ་སྤྱང་གྲུང་འཛོམས། །
གླང་སྨྱོན་བརྟུལ་ནས་གཉའ་དང་སྒལ་པ་ལ། །
རིགས་རྩལ་སྤྲེའུས་མྱུར་དུ་བཞོན་རན་འདུག །
གླང་སྨྱོན་བརྟུལ་ནས་
འདི།
གླང་སྨྱོན་བཏུལ་ནས་
ལ་བཅོས།
བོད་ན་གི་བོད་མི་ཚོས་བོད་དོན་ཆད་དུ་རང་གི་སྐུ་སྲོག་ཡང་མེ་མཆོད་ཕུལ་བཞིན་ཡོད་ཀྱང་། བཙན་བྱོལ་བོད་མི་ཚོས་ཐ་ན་རང་གི་སྐད་ཡིག་ཙམ་ཡང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་ནི་ཧ་ཅང་བློ་ཕམ་པའི་གནས་རེད།
སྐུ་མེ་ལ་མཆོད་པའི་དཔའ་རྒོད་ཚོ། ཐུགས་ཞི་བདེར་གཏད་པའི་དཔའ་མོ་ཚོ།
གསུང་བདེན་པ་བསྒྲགས་པའི་དཔང་པོ་ཚོ། ངའི་སྒོ་གསུམ་ཕྱག་གི་མཆོག་གསུམ་ཡིན།
བུ་དཔའ་བོར་དཔའ་བོའི་འཆི་ལུགས་ཤིག བུ་མཛངས་པར་མཛངས་པོའི་བྱེད་ལུགས་རེ།
མ་ངན་རུང་བུ་ཕྲུག་སྐྱོང་སྲོལ་ཞིག འདི་གནའ་ཡང་ཡོད་ལ་ད་ཡང་ཡོད།
ངས་ཤེས་ནོ་ཀ་མད་སུམ་ཅུ་རེད། ངས་ཐུབ་ནོ་བཤད་རྒྱུ་འབྲི་རྒྱུ་རེད།
དེའི་ལྷག་གི་དོན་ཆེན་མང་ན་ཡང། ངས་མི་འཇོན་ཅོག་མྱི་དགོངས་དག་ཞུ།
མི་དཔའ་བོ་འབར་བའི་དུར་ཁུང་དུ།།
གཤིན་གདོན་འདྲེའི་རང་གཟུགས་ཅོག་མྱི་ཡིས།།
ཞེ་ནག་པའི་ངོ་འཚང་འདྲི་བ་དེ།།
མྱི་ཟེར་ཀྱང་ཕྱུགས་དང་ཁྱད་པར་གང་།།
སླར་ཡང་ཚེ་སྲོག་གཅིག་འཇིག་རྟེན་འདི་ནས་མི་རིགས་ཀྱི་ལས་དབང་ཆེད་འབུད་སོང་། མཐའ་ན། སྐྱག་ཟན་ང་ཚོ་ནི་ཁྱེད་རྣམ་པའི་བློས་གཏོང་ལ་རྗེས་དྲན་མི་ཐུབ་བྱེད་མཁན་ཤ་སྟག་ཡིན་ཁར། ནང་དམེའི་གཡུལ་ས་ལ་གཞོལ་བཞིན་མཆིས། ང་ཚོས་ཁ་ནས་བོད་མི་རིགས་ཀྱི་ལས་དབང་གླེང་བཞིན་དོན་དངོས་ཐོག་རང་དོན་ཁོག་བཅུག་ཁོ་ནར་བརྩོན་བཞིན་འདུག དེར་བརྟེན་རླབས་ཆེན་གྱི་བློས་གཏོང་གནང་མཁན་ཚོའི་རེ་བ་ཆུད་ཟོས་སུ་གཏོང་ཉེན་ཡོད།
ཚེ་སྲོག་བུད་ཤིང་བཞིན་བསྲེགས་ནས་བདེན་པ་བདར་རུང་ང་ཚོས་གྲངས་འདྲེན་ཙམ་ལས་ཅི་ཡང་འཇོན་ཀི་མེད། དེ་ཡིན་དུས་ཆུང་མ་དང་བུ་ཕྲུག ད་དུང་ཕ་མ་དང་སྤུན་མཆེད་རྣམ་པའི་སེམས་ཁོང་ལ་བཞག་པའི་ན་ཟུག་ནི་ནམ་ཡང་གསུབ་ཏུ་མེད། ཇི་འདྲའི་སྐྱོ་བ་ལ།
ཚེ་སྲོག་མཆོད་མེར་ཕུལ་བའི་དཔའ་རྒོད་ཁྱོད། །ཚེ་རབས་ཕྱག་ན་པདྨོས་རྗེས་འཛིན་ཞིང་། །ཚེ་འཕོས་རྐྱེན་གྱི་འདོད་དོན་གང་ཡིན་པ། །ཚེ་འདིར་འཚོ་བའི་ཡུན་ལ་བདག་གིས་འབད།།
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ་་་་་་་་་་་་་་ ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །
གཉའ་གནོན་དང་སྡུག་རྩུབ་འོག་དྲན་བདེན་གྱི་རང་དབང་ལྡན་པའི་དབུགས་ཤིག་ལེན་དབང་མེད་པའི་བོད་རིགས་སྤུན་ཟླ་དག་གིས་གཅིག་རྗེས་གཉིས་འཐུས་སུ།
བོད་དོན་བདེན་སྐྱོབས་ཀྱི་མེ་མཆོད་རེ་རེས་དྲང་བདེན་གྱིས་ཕོགས་ཤིང་། མཁེ་གྲགས་ཀྱིས་དབང་བསྒྱུར་བའི་དེ་རིང་གི་འཇིག་རྟེན་འདིར། འབྲས་བུ་དེ་ཡིན་བྱ་བ་ཞིག་ཡོད་མི་སྲིད་ཨང་།
འོན་ཀྱང་། བོད་མི་རིགས་དང་བོད་དོན་ལ་ཞེན་པ་དཀར་བའི་མི་ཞིག་ཡིན་ན། རྒྱལ་གཅེས་པ་དེ་དག་གི་ཤི་བོའི་ཞལ་ཆེམས་དང་། ཤུལ་ལུས་ནང་མིར་ཅིས་ཀྱང་བདག་སྐྱོང་བྱ་རྒྱུ་ནི་སྐབས་བབས་ཀྱི་འོས་འགན་ཞིག་མ་ཡིན་ནམ།
དྲན་བདེན་ཞེས་པ་དྲང་བདེན་གྱི་རང་དབང་ལ་བཅོས་རོགས།
མེ་ལྕེ་ཞིག་མཆེད། ཚེ་སྲོག་ཞིག་བསྐུམ། ལས་སླ་བའི་རྫོགས་ཚིག་ཤིག ཡིནའང་དུ་རླང་དང་དྲི་ཞོབ་དེ་ད་དུང་ངས་ཚོར་དབང་ན། ཁྱོད་ཀྱི་ཚོར་དབང་ན་ཡོད་ངེས། དེ་ནི་ལས་སླ་པོའི་རྫོགས་ཚིག་མིན་པར་ནམ་ཡང་ང་དང་ང་ཚོའི་སེམས་ཁོངས་སུ་འབར་བཞིན་པའི་མེ་ལྕེ་ཡིནདགོས། ཁྱེད་ཀྱིས་མེ་ལྕེ་དེའི་འོད་སྣང་འཚོལ་དགོས་ལ། འོད་སྣང་ལས་བདེ་སྐྱིད་རེག་དགོས། དེ་ལྟར་མ་བྱུང་ན་ཁྱེད་ལ་ཚོར་བ་མེད་ལ་ང་ལ་ཤེས་པ་མེད། མ་ཎི་རྐང་གཅིག་དེ་ཁོང་ཚོའི་རེ་བ་མིན་ལ་། སྐྱོ་སེམས་ཆ་རེ་ཆོར་རེ་དེ་དེ་བས་ཁོང་ཚོའི་མདུན་པ་མིན། དེ་བས་ང་དང་ང་ཚོའི་ཚེ་སྲོག་གི་འོད་སྣང་དེ་ལ་ལྕིབ་ནས་ཕ་ས་དོག་པའི་བང་སོ་དེ་བསྒྲེངས་དགོས། ཕོ་རྒོད་ཚོ་ཡར་ལ་ལོང་དང་དུ་རླངས་དང་མེ་ལྕེ་དེའི་ཁྲོད། ཕ་ས་འཚོལ་ཞིག དཔའ་རྒོད་ཚོ་རྒྱལ་དགོས་ངེས་པར་དུ་རྒྱལ་དགོས།
མི་མངོན་ལྷ་ཀླུར་སྨོན་གསོལ་མ་བྱས་ཤིང་།།
མི་བསྲུན་བདུད་ཚོགས་གྲོགས་སུ་མ་བཀུག་པར།།
མི་ཤིགས་བརྩེ་མདུད་རང་རིགས་ཡོངས་བཏབ་པའི།།
མི་བརྗེད་དཔའ་རྒོད་མཆོག་རྣམས་སྲུངས་གྱུར་ཅིག །
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ་་་་་་་་་་་་ ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །
བན་ཆེན་ཤའུ་སྙིང་འདབས་རོལ་ནས།།
སྐུ་ལུས་མེ་མཆོད་ཕུལ་བ་འདིའི།།
རྒྱལ་སྤྱིའི་ཚོགས་རྣམས་གྲོགས་གུག་དེ།།
བོད་མིའི་བདེན་མཐའ་སེལ་གྱུར་ཅིག།
ངས་ཉིང་རྡུལ་མེ་ཤུགས་འཕུར་མདའི་ཆེད་དུ་དངུལ་གསོག་ན་འདོད་ཀི ཡིན་ནའང་དགྱ་ནག་ལྷག་མེད་གཙང་བཟོ་བྱས་པའི་རྗེས་ལ་བོད་བདེ་ཞིང་སྐྱིད་པོ་ཡོང་བའི་གདེང་ཚོད་དེ་ངས་རྙེད་མ་བྱུང་།
ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ
ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་རྣམ་པ། ཐུགས་རྗེ་གཟིགས་ཀུན་གླེང་གཙོ་སྐྱོང་སྐབས་ཀྱི་དག་ཆར་གཟབ་གཟབ་གནང་རོགས། དེ་དགོང་ཡང་ཤིས་ལོང་གི་ཚབ་ཏུ། དུས་གཅིག་ཏུ་ཤིལ་ལོང་དང་ཤཱི་ལོང་མ་འདྲ་བ་གཉིས་བྲིས་ཡོང་གི་འདུག གནད་དོན་དེ་འདྲ་རྟག་པར་ཡོང་གི་འདུག མ་འོངས་པར་རྣམ་པ་ཚོས་འགྱུར་བ་མ་བཏང་ན། ངས་དེར་དམིགས་ཀྱིས་རྩོམ་ཡིག་ཅིག་འབྲི་གི་ཡིན། ངས་ད་བར་དུ་བརྟག་དཔྱད་མང་པོ་བཏང་ཡིན། ནོར་འཁྲུལ་རྟག་པར་ཡོང་བསྡད་ཀྱི་འདུག ཚང་མས་ཡིག་ནོར་ལ་ངེས་པར་དུ་དགོས་པ་བཞེས་རོགས།
བཙན་བྱོལ་ནང་གི་མི་སྣ་འགས་བོད་ཡིག་གི་དག་ཆ་གསར་བཟོ་བྱས་དང་བྱེད་མུས་དེ་ནི་ལོ་ངོ་སྟོང་ཕྲག་དུ་མ་སྔོན་ནས་མེས་པོས་བཞག་པའི་རིག་གཞུང་ལ་ཕལ་ཆེར་ཁྱད་གསོད་བྱེད་ཀྱི་ཡོད་ཤས་ཆེ། དེ་མིན་ན་རང་ཉིད་ཀྱི་ཤ་རུས་སུ་ཐིམས་པའི་རླབས་ཆེན་གྱི་ཡིག་རིགས་ལ་དོ་སྣང་མི་སྤྲོད་པའི་རྒྱུ་མཚན་གང་ལ་ཐུག་གམ། དེར་བརྟེན་ང་ཚོས་ལས་དོན་དེ་རིགས་སྤེལ་མཁན་ལ་མཐའ་གཅིག་ཏུ་རྒོལ་རྡུང་དྲག་པོ་གཏོང་དགོས།
ངའི་རྩ་བའི་བླ་མ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག
གང་ཉིད་ཀྱིས་རྒྱལ་ཆེན་ཤུགས་ལྡན་ནི་བཀག་སོང་།
གཟིག་ལྤགས་སྲམ་ལྤགས་ནི་བཀག་སོང་།
རྩྭ་ས་རྩོད་གླེང་ནི་བཀག་སོང་།
རང་ལུས་མེར་བསྲེགས་འདི་མི་འགོག་པ་ཅི།
ཐུགས་རྗེས་གཟིགས།
གསུངས་དྲོན་མོའི་བཀའ་སློབ་ཅིག་གནང་རོགས།
སྙིང་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་མཆོག
བུ་མོ་ཆུང་ཆུང་དེ་སྙིང་རྗེ་ནས་མི་བཟོད་གི་ལགས།
དོལ་རྒྱལ་ཏང་ལ་ཤུགས་ལྡན་པས།
རང་ལུས་མེར་བསྲེག་འགོག་མི་ནུས།
དོལ་རྗེས་འབྲང་བའི་ཁྱི་ཕྲུག་ཚོས།
རྒྱ་སྒོར་ཟོས་ནས་རྒྱ་གླུ་ལོངས།
ཏང་གི་རྒྱལ་ཆེན་ཤུགས་མེད་པོ།
མེ་གསོད་འདོད་པ་གད་མོ་བྲོ།
ཕ་ཁྲི་འཆི་ཁར་ཁོག་ལ་ཞུགས།
བླ་མགོན་དབྱེར་མེད་ཡིན་དོ་ལོ།
ཁྱོད་ནི་ཡི་ཤེས་རྡོ་རྗེས་སམ།
ཁྱོད་ནི་ཏང་གི་རྒྱལ་ཆེན་ནོ།
ཁྱོད་ནི་རྒྱ་ཡི་སྒོར་མོ་མོ།
རྒྱ་རྒྱལ་བོད་ཕམ་མངའ་གསོལ་ལོ།
ང་རང་ཡེ་ཤེས་རྡོ་རྗེས་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། དེ་མིན་ཁ་ཤས་ཞིག་གིས་རང་ཐོག་ལ་བསམ་བློ་མི་གཏོང་བར་སྐད་ཆ་བཤད་མཁན་འདི་ཚོའི་གྲལ་གྱི་ནང་མི་སྤུན་མཆེད་དང་།ཐ་ན་ཡུལ་ཕྱོགས་སུ་ཡང་གནས་ཚུལ་དེ་འདྲ་བྱུང་མེད་པས་ཁ་རྒྱག་པ་བཤད་ཡ་དགའ་བོ་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔
རིག་རྡོ་དང་ཡེ་ཤེས་རྡོ་གཉིས། ཉོན་ཨ།
བོད་ནང་གི་དཔའ་བོ་འདི་ཚོས་༧གོང་ས་མཆོག་གིས་སྡུག་པོ་གཏང་གིན་འདུག། ང་ཚོ་མར་སྲེག་གི་ཡིན་ཟེར་གྱི་ཡོད་པ་མ་རེད་ཐལ།
འདི་ནི་རྒྱ་འདྲེ་ཚང་གི་གདུག་རྩུབ། བརྙས་བཅོས་ཆེ་བ། མཐོང་ཆུང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཅི་གང་མི་འདུག། ང་ཚོ་གསོན་དམྱལ་འདི་ནས་ཐར་ཐུབ་པ་ལ་བསམ་བློ་དང་སྲིད་ཇུས་ལ་འགྱུར་བ་དགོས་ཟེར་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀི་ཡོད་པ་རེད་ཐལ། གནད་དོན་འདི་ནི་ཕྲལ་དུ་རྒྱ་ནག་གཞུང་གིས་བསལ་དགོས་བ་དང་། བསལ་བས་མ་ཚད་ཀུན་གསོབ་ཡང་བྱེད་དགོས་བ་རེད་ཐལ། འདིའི་ནག་ཉེས་ཚང་མ་དམར་པོའི་གཞུང་ལ་ཡོད་པ་རེད་ཐལ། དཔའ་བོ་ཚོར་ཤ་ཚ་ནས་མི་བཟོད་པ་ཚང་མས། རྒྱ་ནག་ལ་ཞུ་བ་འབུལ་ན་འདྲ། ཁ་ཐད་དུ་ལངས་ན་འདྲ། ཅི་བྱེད་ན་ཡང་། དམུར་ས་ཤེས་ནས་སྐད་ཆ་བཤད་ན་ཡག་པོ་ཡོད་པ་རེད་ཐལ།
༧རྒྱལ་བ་མཆོག་ཐུགས་སྐྱོ་ནས་བཞུགས་ཡ་ལས། རྒྱལ་བ་མཆོག་ལ་རྒྱ་ནག་གི་སྲིད་ཇུས་ལ་ཐེ་གཏོགས་བྱེད་པའི་དབང་ཆ་ཞིག་འདུག་གམ། མེད་པ་ཨ།
སྡར་མ་དཔའ་སྐད་རྒྱང་ནས་འཐེན་ནས་ཅི་བྱེད། ཡང་བླུན་པོ་གནམ་འདིས་ཅི་ཞིག་བཤད་ཀྱི་ཡོད་པ་རེད།
རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གིས་འགན་ཁྱེར་ནས་འདིའི་སྐོར་བཀའ་སློབ་གནང་ན་ཡག་པོ་འདུག་མཆན་ཡོད་པ་མཐོང་སོང་།དེ་མིན་འདི་ལྟར་མི་༡༣༠བརྒལ་ཀྱང་འབྲས་མེད་རེད།གྱོང་ནང་མི་ཚོ་རེག་ཡོད་པ་ལས་ཁྱོད་དང་ཁྱེད་ཀྱི་ནང་མི་སྤུན་མཆེད་ཐ་ན་ཁྱེད་ཀྱི་ཕ་ཡུལ་ལ་ཡང་རེག་ཡོད་མི་སྲིད་པས།མེ་བསྲེགས་མཚམས་འཇོག་ལ་འབད་དགོས། རྒྱ་གཞུང་ཡིན་པ་བླུན་པོ་ཁྱོད་ལྟ་བུ་ཞིག་གིས་བཤད་མི་དགོས་བར་སེམས་ཐང་པོ་ཡོད་མཁན་ཚང་མས་ཤེས་གསལ་རེད། ཁ་འདི་ཙམ་ལ་གཡར་ནས་མི་ཤེས་ཤེས་ཁུལ་གྱིས་ཅི་བྱེད།
༧གོང་ས༧མཆོག་གིས་ཀྱང་ཉེ་ཆར་ཤིས་ལིང་ནས་བོད་མི་ཚོར་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་ལ་གཟབ་གཟབ་བྱེད་དགོས་།ཞེས་བཀའ་སློབ་འདི་ལྟར་གནང་འདུག་ན།མེ་བསྲེགས་ཕྱོགས་ལ་བཀའ་སློབ་གནང་ནས་མཚམས་འཇོག་ལ་འབད་དགོས།
༧ཀུན་གཟིགས་པཎ་ཆེན་མཆོག་གི་ནང་མི་ཚོར་སྙིང་བརྗེ་བུ་མོ་གཅིག་བུ་བཤུལ་ལ་ལྷག་འདུག་ཟེར་གྲབས་འདུག་ག
རིག་རིན་འདི་ཚོ་རྒྱ་འདྲེ་ཡིན་ས་རེད་ད།
མེར་བསྲེག་བོད་ཀྱི་དོན་རེད།
རྒྱ་བསྲེག་མ་བྱས་སྔོན་ལ།
རང་བསྲེག་བགྱིས་ན་དཔའ་པོ།
རྒྱ་བསྲེགས་བགྱིས་ན་དཔའ་པོ།
ཕར་བསྲེགས་ཚུར་བསྲེགས་མེད་པར།
བོད་དོན་ཡོད་མདོག་མ་གནང་།
བོད་དོན་སྒྲུབ་དུས་རྗེས་མ།
ཐོབ་ཐང་བཤད་དུས་སྔོན་མ།
ཁྱེད་རའི་ཨ་ཕའི་རོ་ཡིན།
འཇིགས་མེད་ཕུན་ཚོགས་དང་གུང་ཐང་བ་འདི་ཚོར་སྙིང་བརྗེ་རྒྱལ་གཅེས་ཆོས་གཅེས་གང་ཡག་ཡག་བགྱིས་ཡོད་ན་ད་དུང་བཞུགས་ཡོད་ས་ཡོད། རྒྱལ་གཅེས་ཆོས་གཅེས་པ་ཚོ་ཚེ་རིང་པོ་འདུག་ག རང་ལུས་མེར་བསྲེགས་པ་ཚོར་ཚེ་རིང་པོར་ཁྱོན་ནས་མི་འདུག འདི་འདྲ་མ་འདྲི་གྲོགས། དོལ་ལུགས་པ་ཡིན་ན་གནས་ཚུལ་ལོག་ག་རེད།
ཨོ་ཙིའི་རིག་རིན་ཚོར་སྙིང་བརྗེ།
ང་ལ་དམ་བཅའ་གཅིག་ཡོད། དེ་ནི་གཞན་མེར་བསྲེག་ལ་སྐུལ་མ་མི་བྱེད་པ་དང་། བོད་དོན་དུ་བསྲེགས་ནས་སྐུ་གཤེགས་པའི་ནང་མི་ཚོ་འུ་ཅག་གི་ནང་མི་ཡིན། དཔེར་ན་༧པཎ་ཆེན་སྲས་མོ་བཞིན།
གཞི་ལུས་སྤུན་ཟླ་ཚོས་རང་ལུས་མེ་བསྲེགས་མཚམས་འཇོག་བྱེད་རོགས་ཞུ། ང་ཚོ་བོད་མི་རིགས་ལ་ཁྱེད་ཚོ་ལྟ་བུའི་རང་རིགས་ལ་ཤ་ཞེན་ཡོད་མཁན་ཤིན་ཏུ་ནས་དགོས་མཁོ་ཆེ། རྒྱ་ནག་སྲིད་གཞུང་ལ་ཁྱེད་ཅག་རྒྱལ་གཅེས་པ་ཚོའི་རང་སྲོག་བཏང་ཚེ་ཁོང་ཚོ་དགའ་རྒྱུ་མ་གཏོགས་སྡུག་རྒྱུ་ཅི་ཡང་མེད། མ་ཟད་༧གོང་ས༧་མཆོག་གིས་མཚམས་འཇོག་འདིའི་སྐོར་བཀའ་སློབ་གནང་ཚེ་རྒྱ་གཞུང་གིས་འདོད་པ་འགྲུབ་ཀྱི་མེད། ག་རེ་བྱས་ནས་ཟེར་ན། རྒྱ་གཞུང་ལ་མི་མཁོ་བ་རང་རིགས་ལ་ཤ་ཞེན་ཡོད་མཁན་ཚོ་རེད།དེ་དག་རྩ་མེད་དུ་གཏོང་རྩིས་སམ།རྩ་མེད་སོང་ན་ཁོང་ཚོའི་འདོད་པ་འགྲུབ་པ་རེད། དེ་བཞིན་བོད་རང་གི་མི་རིགས་ཕྱི་ནང་གཉིས་ཀ་ན་ཡང་མི་རིགས་ལ་ཞེན་ཁོག་ཡོད་མཁན་ཚོ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་ལུས་མེ་བསྲེགས་ལ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་བྱེད་དུས། ཁ་གཞན་ལ་གཡར་ནས་རྒྱ་གཞུང་ལ་འགན་ཡོད་པ་ལས་བོད་མི་རིགས་ལ་འགན་མེད་ཟེར་གྱི་ཡོད།འདི་དག་གི་ཡུལ་ཡང་རྒྱ་གཞུང་གི་དམིགས་ཡུལ་བཞིན་རང་རིགས་ལ་ཤ་ཞེན་ཡོད་མཁན་དཔའ་བོ་དཔའ་མོ་ཚོ་རྩ་མེད་དུ་སོང་ན་འདོད་ཀྱི་ཡོད། འདི་ཚོའི་དམིགས་ཡུལ་འགེབས་ཕྱིར་དུ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་གནང་མཁན་ཚང་མ་ཤུགས་ལྡན་དང་གུང་ཁྲན་གྱི་གྲལ་དུ་འཇོག་གི་རེད། འདི་ཚོ་ནི་ཉིན་མོ་ལྷ་དང་མཚན་མོའི་འདྲེ་ཡི་རིགས་ཡིན།བོད་ཕྱི་ནང་གཉིས་ནས་འདིའི་རིགས་ལ་མཉམ་འཇོག་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། བོད་ལ་དཀའ་ངལ་ཡོད་པའི་མཚོན་རྟགས་སུ་མེ་བསྲེགས་མ་བཏང་ཀྱང་འཛམ་གླིང་གིས་ཤེས་གསལ་རེད། གལ་སྲིད་མ་ཤེས་ཀྱང་མཚོན་རྟགས་སུ་མི་༡༣༠་འབར་ཡང་ད་རུང་མ་ཤེས་ན་མིག་ལོང་པ་དང་རྣ་འོན་པ་ཡིན་སྲིད།དེ་ལས་རང་སྲོག་རྩ་ཆེན་རིགས་ངེས་བར་དུ་སྲུང་སྐྱོབ་བྱེད་རོགས་ཞུ།
མཆན་ཨང་ 25 པ་འདེབས་མཁན་ནི་ང་ཡིན།
དེ་ནས་ད་བར་དུ་མི་ལྔ་ཡིས་ཁྱོན་བསྡོམས་མཆན་ 10 བཏབས་འདུག
དེ་དག་ལས་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་མུ་མཐུད་ནས་འབྱུང་དགོས་པ་འདྲ་ཞིག་མཐོང་གི་ཡོད་ས་རེད། ཡིན་ནའང་མི་གསུམ་གྱིས་མཚམས་འཇོག་ཡོང་རྒྱུའི་རེ་བ་བྱེད་བཞིན་འདུག
མང་གཙོའི་འོས་ཤོག་གི་འགྲོ་སྟངས་བྱས་ན། གསུམ་ནི་གཉིས་ལས་མང་བས། མང་མོས་ཐག་གཅོད་ཡིན་ད།
ཤོར་མཁན།
1. དྲན་དཀར་དཔལ་ཡོན།
2. གནམ།
ཐོབ་མཁན།
3. རིག་རྡོ།
4. རིན་ཆེན།
5. ལྷ་མོ་ཚེ་རིང་།
དགོངས་འགལ་མེད་པར་ཞུ།
གོང་གི་མང་མོས་འོས་བསྡུའི་གྲངས་བཤེར་གྱི་ཐད་ནས་ནོར་འཁྲུལ་ཤོར་བཞག
བསམ་ཚུལ་འདོན་མཁན་མི་ལྔ་མ་རེད། མི་དྲུག་རེད།
རླངས་སྔགས་ཟེར་བ་ཞིག་ཀྱང་འདུག
ཁོང་ནི་བར་གནས་པ་རེད།
ཡིན་ནའང་མཐའ་མའི་ཐག་གཅོད་དེ། མང་མོས་ཐག་གཅོད་ལ་འགྱུར་བ་ཕྱིན་མེད་པ་ཡིད་འཇགས་འཚལ།
༡ དོལ་རྒྱལ་པ་འིན་མིང་ཅན། ཤུགས་ལྡན་ཟེར་ན་ཏང་ཡོན་རྒྱལ་ཆེན་ཟེར་བ་དེ་རེད་དམ།
ཁྱེད་ཀྱི་རྒྱ་ཕོག་ཟ་གིན་མེད་པའི་སྒྲུབ་བྱེད་འདྲ་ཡོད་དམ།
སྲིད་སྐྱོང་བློ་སེང་གིས་གནས་ཆུང་གི་བཀའ་ལུང་བསྒྲག་ཏེ་འབོད་སྐུལ་གནང་བ་ཁྱེད་ཀྱི་མ་ཐོས་སམ།
༢ ཡེ་དོལ་ལུགས་པས་གཅན་གཟན་ལྤགས་རིགས་གྱོན་པ་བཞིན་རང་ལུས་མེར་བསྲེགས་ནི་རྒྱུ་ངོམ་གཅིག་ཏུ་མཐོང་གི་མདུག་གམ།
བདག་ནི་རང་ལུས་མེར་བསྲེག་གཏོང་མཁན་རྣམས་དཔའ་པོར་བརྩི་མཁན་ཞིག་ཡིན།
བོད་ཕྱི་ནང་གང་ཞིག་ན་ཡོད་ན་ཡང་། ཤ་ཁྲག་བོད་མི་ལས་ཆད་པ་ཞིག་ཡིན་ཕྱིན། ང་ཚོ་ཚང་མ་གཡུལ་ས་ན་ཡོད། གཡུལ་ས་ནས་ཤི་འཐབ་རོ་འཐབ་བྱེད་ནི་ཡོད། དེ་ལ་ངས་དུས་ནམ་ཡིན་ལ་གུས་ཤིང་ཆེ་བ་བརྗོད། གཡུལ་ས་ན་སྒོང་ནས་འདུག་ནི་ཡོད། འདི་ཚོ་ལ་ཡང་ང་ལ་ཤ་ཚ་དང་སྙིང་རྗེ་ཡོད། གཡུལ་ས་ནས་མ་འཐབ་མ་འདུག་ཟེར་ནས་ངུ་སྐད་འདོན་ནི་ཡོད། འདི་ཚོ་ནི་ངའི་ཕྱི་དགྲ་ལས་ཀྱང་སྙིང་ལངས་སའི་ནང་དགྲ་ཡིན།
དེ་དག་ནི་འདི་ཚོ་རེད། རེ་བ་མེད་པའི་མྱི་འདི་ཚོ་རེད།
རིག་རྡོ།
རིན་ཆེན།
ལྷ་མོ་ཚེ་རིང་།
ཁྱེད་རང་ཚོས་འདི་འདྲ་ཞིག་ཀློག་ཡོད་ཚོད་ཡིན། ༼བཙན་རྒྱལ་རྒྱ་དམར་བོད་ནས་མཐའ་སྐྲོད་གཏོང་གི་ཡིན། རྒྱ་ཆེ་མི་མང་ལོངས་ཤོག། ༽ འདྲེ་ཁྱེད་རང་ཚོ་འདྲ་ཏག་ཏག་ཡིན་ན། ཕང་བ་ལ།
ཁྱེད་རང་ཚོ། དངོས་གནས་ཡིན་ན། ངལ་རྒྱལ་ལང་ཚད་རེད། སེམས་ཤུགས་འཕར་ཚད་རེད། ཁ་བཙུམ་ཚད་རེད། དཔའ་བྱེད་ཚད་རེད། བསམ་བློ་ཡང་བསྐྱར་གཏོང་། རིག་པ་ཡང་བསྐྱར་སྒྲིམ།
དགྲ་བོ་རྒྱ་དམར་ཚང་གིས། གསོན་པོའི་མྱི་ལ་བརྙས་བཅོས་བྱས་བས་མ་ཚད། ཤི་བོའི་རོ་ཐལ་ལ་ཡང་འཐབ་རྩོད་བྱེད་བཞིན་འདུག། གོ་ནི་ཞིག་ཡིན་ན་བཤད་ཡོད་དོ། གངས་རི་བ་ཚོ།
རེད་རེད། བཙན་བྱོལ་ནས་ང་ཚོས་འཇོན་པ་ནི་ “སྐད་འབོད” བྱེད་རྒྱུ་དེ་རེད།
གསུམ་བཅུ་དུས་དྲན་ཙམ་མིན་པར་རྒྱུན་དུ་ནས་དྲྭ་ཐོག་ཏུ་ “སྐད་འབོད” བྱེད་པ་འདི་ཡང་བོད་ཀྱི་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་མ་རེད་ཅེས་སུས་བཤད་ཐུབ།
ད་ཚང་མས་མཉམ་པོར་སྐད་འབོད་བྱེད་ཀྱི་ཡིན་དཱ།
བོད་ཀྱི་བདག་པོ། བོད་མི་ཡིན།
བོད་རང་བཙན། གཙང་མ་ཡིན།
རྒྱ་དམར་བོད་ནས། མཐར་རྒྱུགས་ཤིག
ཡེ་རྗེ་ཁྱོད་ཀྱིས། གཅན་གཟན་ལྤགས་རིགས་གྱོན་པ་བཞིན་རང་ལུས་མེར་བསྲེགས་ནི་རྒྱུ་ངོམ་གཅིག་ཏུ་མཐོང་གི་མདུག་གམ།
འོད་དང་བཅས་ཏེ་མི་ཡི་ཡུལ་ནས་གཤེགས་ན་ཡང་།།
འོད་དང་བཅས་ཏེ་མི་ཡི་ཡུལ་དུ་བཞུགས་པར་ངེས།།
མིག་ཆུ་མང་པོས་ཁྱོད་ལ་སྐྱེལ་མ་བྱས་ན་ཡང་།།
མིག་ཟུང་མང་པོ་ཁྱོད་ཀྱིས་གཏན་དུ་སད་པར་བྱས།།
རྒྱུ་ངོམ་ཅིག་ཏུ་མཐོང་གི་མི་འདུག་ལགས།
ཡིན་ནའང་ “གཉིས་ཕན་དབུ་མའི་ལམ་” གྱི་ཆེད་དུ་ སྲོག་འདོར་མི་དགོས་པ་ཞིག་ཏུ་མཐོང་བ་ཙམ་མོ།
གལ་སྲིད་ང་ཚོས་རང་བཙན་རྩོད་ཀྱི་ཡོད་ན་ནི་ཐ་དད་རེད།
དེ་མིན་ད་དུང་བགྲོ་འདོད་གྱི་གཏམ་གཞན་ཡང་མཆིས་ཏེ། དེ་དག་ནི་ཁྱེད་ལྟ་བུ་སྙིང་རླུང་ཅན་ཚོར་འདིར་གྲོས་སུ་འདེབས་པ་ནི་གཞར་ཡང་བླང་བྱ་ཞིག་ཏུ་མི་བསམ།
ཡེ་རྡོར་ཁྱེད་སྙིང་རླུང་མེད་པར་འཛུམ་ཤིག་གེ་སྡོད་ཨ། རྣམ་དཔྱོད་ཡོད་མདོག་བྱ་ཆོག་པ་མ་ཟད། ཞི་ཅིན་ཕིན་ལས་ལྷག་པའི་རྣམ་དཔྱོད་ཡོད་མདོག་བྱ་ཆོག་གི་རེད། ཡིན་ནའང་དྲ་ཚིགས་འདིར་པཎ་ཆེན་དཔའ་བོའི་མཛད་པའི་མཐར་ལྷུང་བ་ལྟ་བུའི་ཁ་ཕོ་མ་སྒྲོགས་ཅིག འགྲོ་བ་མི་རྣམས་རང་བཞིན་ཀྱིས་གནས་འདོད་མོད། བྱ་བཞག་གང་ཞིག་གི་ཆེད་དུ་རྒྱུན་ལྡན་མིན་པར་འཆི་འགྲོ་གིན་ཡོད། འཆི་རྐྱེན་འདི་འཚོལ་འདོད་ན་མི་སེར་སྤེལ་མཁན་གྱི་ཕྱོགས་ནས་འཚོལ་བ་ལས། གཞན་མི་སེར་སྤེལ་ཡུལ་གྱི་ཕྱོགས་ནས་རྙེད་སོང་ཁུལ་མ་བྱེད་ཨ། མི་སེར་སྤེལ་བ་པོའི་ཁྲལ་མཇལ་གི་མེད་ན་ནི་ཡིད་ལ་གཟུང་།
བུ་མོར་སྙིང་རྗེ་ནས་མི་བཟོད་ས་སུའི་རེད། ས་རྡོར་ལྟར་གཉེན་འབྲེལ་མེད་པའི་དཔའ་པོར་གཞར་ཡང་མི་འབྱུང་ངོ་།