རེབ་གོང་རོང་པོ་དགོན་ཆེན་དུ་ཡི་གེ་འདི་བཀྲམས་འདུག Posted on 2013-02-022013-02-03 By ཁ་བརྡ་ 15 Comments on རེབ་གོང་རོང་པོ་དགོན་ཆེན་དུ་ཡི་གེ་འདི་བཀྲམས་འདུག མཁོ་འདོན་པ། བསོད་ནམས། སྣ་ཚོགས།
མི་འདི་དོལ་རྒྱལ་ཚོགས་པའི་མི་ཞིག་རེད། ཨ་ཁ་ཁ། སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་ཏཱ་ལའི་བླ་མར་ཆོས་དཔོན་གྱི་འདུ་ཤེས་འཛིན་མ་ཐུབ་ནའང་ལོ་རྒྱུས་ལྡན་པའི་བོད་ཀྱི་དབུ་ཁྲིད་ཀྱི་རྒྱུད་འཛིན་པ་ཞིག་ཡིན་པར་ལོས་ཤེས་དགོས།
ཆེད་རྩོམ་འདི་ཁ་སང་ནས་མཐོང་སོང་། ང་རང་ལ་མཚོན་ན་ཧ་ཅི་ཡང་ལས་མ་སོང་། རྒྱུ་མཚན་ནམ་རྒྱུན་ནག་གི་གསར་འགྱུར་རྒྱུད་ལམ་ཁག་ན་གླེང་བཞིན་པ་དེ་རེད། ད་ཐེངས་མ་འདྲ་བ་ཞིག་ཡོད་པ་ནི་ཨ་རི་གནས་སྡོད་བོད་མི་ཞིག་གི་མིང་འཁོད་འདུག བསམ་བློ་ཞིབ་མོ་བཏང་ན་དེ་ཡ་མཚན་དགོས་པ་ཅི་ཡང་མ་རེད། ཀྲུང་གོའིབོད་ལྗོངས་ཀྱི་ཐོག་ལ་རྩོམ་ཡིག་གང་བཀོད་རང་ལག་ཡིན་ལ་རྩོམ་པ་པོའི་མིང་ཡང་ཅི་བཀོད་རང་ལག་རེད། དཔེར་ན་ཡེ་རྡོར་ལྟ་བུའོ། ཞོར་དུ་དྲ་གྲོགས་ལུང་རྟོགས་ལ་ཞུ་རྒྱུར་ཡི་གེ་དག་གསལ་བོ་མི་མཐོང་ན་མདའ་རྩེས་པར་གྱི་ཐོག་ནས་སྣུན་ན་ཆེ་རུ་ཡོད་ཀི
གསལ་བཤད་ངས་གོང་ན་གསར་འགྱུར་རྒྱུད་ལམ་ཁག་ཟེར་བ་དེ་ནི་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་ཡིན་དེ་ལུགས་ཐུགས་འཇགས་འཚལ།
ངས་བཤད་རྒྱུ་གཙོ་བོ་འདི་ནི་རྒྱ་ནག་གིས་གང་བསམ་དུ་མི་ཞིག་གི་མིང་སྤྱད་དེ་རྩོམ་ཡིག་ཅིག་སྤེལ་བ་རེད་འདོད། དོན་དམ་པར་ཨ་རི་གནས་སྡོད་བོད་མི་ཞིག་བསམ་ཚུལ་ངོས་ཡིན་མིན་ལ་དོགས་པ་ཡོད་ཅེས་པའོ།
དེ་ནི་རྒྱུན་ཏན་རྒྱ་ནག་གིས་གཏམ་བཤད་དེ་རེད་འོན་ཀྱང་ད་ཐེངས་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མི་ནང་ཁུལ་དུ་དཀྲིགས་ཤིང་བཟོ་ཆེད་ཤུགས་ལྡན་ཚོགས་པ་ངོས་སྤྱོད་གྱིས་བསྒྲག་གཏམ་འདི་སྤེལ་པ་ཞིག་ཡིན་པ་འདྲ། འདིའི་རིགས་ལ་ང་ཚོས་གཟབ་དགོས། དེ་ནི་བོད་མིའི་ནང་ཁུལ་མཐུན་སྒྲིལ་གཏོར་བཤུགས་གཏོང་འདོད་རེད།
འདི་ནི་རྒྱ་ནག་དམར་བོའི་ཆབ་སྲིད་འཁྲབ་སྟངས་ཞིག་རེད།བོད་པ་ཚང་མའིའདི་རིགས་ལ་གསབ་དགོས་།དོལ་རྒྱལ་ཚོགས་པའི་ཁྱི་རྒན་འདི་ཚོ་དང་འགྲེལ་བ་ཡོད་པ་ཐག་གི་ཆོད་པ་རེད།
འདི་ཕལ་ཆེར་རྒྱ་ནག་གིས་ཕྱི་ལོགས་ཀྱི་བོད་མིའི་མིང་སྤྱད་པ་ཡིན་པ་འདྲ་ད་དུང་དོལ་རྒྱལ་པ་རྣམས་ལའང་ངར་སླངས་ནས་རྙོགས་དྲ་བཟོ་འདོད་ཡོད་པ་འདྲ། བོད་ནང་ལོག་ལ་གསལ་བྱེད་བྱེད་རྒྱུ་དང་དེ་འབྲི་མཁན་བོད་མི་ཡིན་མིན་རྩད་གཅོད་བྱེད་རྒྱུ་གལ་ཆེ་བར་སེམས།
རང་ལུས་མེར་བསྲེགས་བཏང་བ་འདི་ཏཱ་ལའི་བླ་མས་རྒྱུ་སྐུལ་བྱས་པ་མ་རེད། གལ་ཏེ་ཏཱ་ལའི་བླ་མས་འདི་འདྲ་བའི་སྐུལ་མ་བྱས་པ་ཡིན་ན་ད་ཚོད་བོད་ཕྱི་ནང་གཉིས་སུ་འདོད་རྒྱལ་བསྟེན་མཁན་མ་གཏོགས་བོད་མི་ལྷག་ཡོད་པ་མ་རེད། དཔེ་མཚོན་ནི་ཨ་མར་ཝཏི་དུས་དབང་སྐབས་སྟག་གཟིག་གི་སྤགས་པའི་སྐོར་བཀའ་སློབ་དེར་སོམས།
དཔོན་རིགས་དེ་ཚོར་ཁག་མེད་ནང་མི་བུ་ཕྲུག་གསོ་དགོས་པ་རེད། ཁོང་ཚོའི་རྒྱུད་ལ་ཆོས་མེད་ཡིན་པས་བླ་མ་དང་དཀོན་མཆོག་སོགས་རྩ་བ་ནས་ཁས་མི་ལེན། ཏང་ཡང་ཡིན་པས་རེད། གང་ལྟར་དཔོན་རིགས་དེ་ཚོའི་གཏམ་བཤད་ནི་རྒྱ་དཔོན་ཞིག་གིས་གཏམ་བཤད་ལས་ཀྱང་རྣོ་ངར་ལྡན་པ་ཞིག་རེད་འདུག འོན་ཀྱང་བོད་དཔོན་དེ་ཚོས་བཤད་པ་ལ་ནུས་པ་གང་ཡང་མེད་གོང་ནས་བཀའ་གང་གནང་ལས་རང་མོས་ཀྱིས་ཐག་ཆོད་བྱེད་པའི་དབང་ཆ་ཡོད་མ་རེད། བོང་བུ་ལ་སེང་པགས་བཀོན་པ་རང་རེད། ཤོད་དུ་ཆུག་གལ་ཆེ་ཤོས་ཆོས་ཁས་ལེན་བོད་དོན་རང་དབང་ཐོབ་རྒྱུར་ཁས་ལེན་མཁན་རྣམས་མི་རིགས་འཆམ་མཐུན་དང་ཆོས་ལུགས་དག་སྣང་བརྩི་བཀུར་བྱེད་དགོས་པ་ལས་་་་་རྒྱ་དཔོན་དེ་ཚོས་བཤད་སྟངས་ལྟར་ཁྱོད་ཤི་ང་གསོན་གྱི་བསམ་བློའི་འདུ་ཤེས་འཆང་ན་དེ་ནི་རྒྱ་དཔོན་དེ་ཚོས་བཤད་པ་ལས་མི་རིགས་ཆོས་ལུགས་རང་དབང་སོགས་གཏོར་བཤིག་གཏོང་རྒྱུར་ནུས་པ་འདབ་གྱུར་གྱི་ཆེ་བ་ཡོད།
འདི་ནི་སྔོན་ཆད་ཐེངས་འགར་ཡེ་རྡོས་བྲིས་ཞེས་སྒོར་རྡོག་འགས་རྒྱུག་ཁྱི་འགའ་གླས་ཏེ། སྐྱག་རྫུན་ཁོ་ན་ལས་གྲུབ་པའི་མིང་ཚིག་འགའ་བཙན་བསྒྲིགས་བྱས་ནས་བོད་མི་བྱེ་བྲག་པ་གཅིག་གིས་བྲིས་པ་ཡིན་ཁུལ་གྱིས་རྒྱ་རྒན་ཁོ་ཚང་གི་རང་མཚང་དམར་རྗེན་ལ་ཕུད་བྱེད་ཀྱི་འཆལ་རྩོམ་དེ་དག་ལས་མ་འདས་པས་ཚོར་སྣང་གསར་བ་གང་ཡང་བྱིན་མ་སོང་།
མ་རུང་བ་ཞིག་བྲིས་ཡོད་པ་འདྲ། ཀློག་མི་ཐུབ་ཀི། མཆན་པ་དག་གི་བརྗོད་སྙིང་ལ་ལྟོས་ན། འདི་ནི་དགྲ་འདྲེ་སྲོག་ལ་བོད་བླ་ཞུགས་པའི་ཁུལ་ཡིན་ས་རེད། མི་སྐྱོན། འཛམ་གླིང་སྒང་ན་དགྲ་ནག་ཚང་གི་ཆེས་མཐོང་(སྟོང་བཤད་གཅིག་བདེན་)ལ་དངོས་འཛིན་ཞུ་བཞིན་འདུག་པས། ང་ཚོས་སོ་རེ་རྒྱག་ཐུབ་ན། བདེན་པ་དང་རྒྱལ་ཁ་ང་ཚོ་ལ་སྟེར་བར་ཐེ་ཚོམ་མི་འདུག།
རྒྱ་འདྲེ་ཁོག་ཞུག་ཁོ་ཚོས་འཛམ་ལང་ཞི་བདེའི་དེད་དཔོན་ལ་ཡང་ཁྱོད་ཤི་ང་གསོན་ཡིན་ཞེས་བཤད་ཡོད། རང་ཉིད་མ་གཏོགས་གཞན་མི་མཐོང་བས་རྒྱ་འདྲེ་དེ་ཚོས། ང་རྒྱལ་གྱི་བྲག་རིས་ངོ་ལ་ཕྲག་ཏོག་གི་སྦྲུལ་འགོ་བཏོན་ནས། ཅི་ཡང་མི་མཐོང་བའི་མུན་ཁུང་ནང་དུ། གདོན་འདྲེའི་དེ་ཚོས་ནམ་རྒྱུན་འུར་ལང་ནས་ཡོད་པ་ང་ཚོས་ནམ་ཡང་མཐོང་མཐོང་ནས་ཡོད་པས་དེ་ལ་ཡ་མཚན་ཅི་དགོས། མི་ཤ་ཟ་བའི་གདོན་འདྲེ་ཞིག་དང་མཉམ་དུ་བསྡད་པ་ལས་ཤི་ན་དགའ་བའི། ད་བར་ཁོ་ཚོའི་ལག་འོག་ནས་མི་རྒྱ་ཕྲག་ལོང་བ་ཞིག་གིས་རང་ལུས་མེ་སྲེག་བཏང་བ་མིན་ནམ། ༧གོང་ས་ཆེན་པོ་ནུབ་ཕྱོགས་རྒྱལ་ཁབ་ཁེག་དང་ཨེ་ཤ་ཡའི་རྒྱལ་ཁབ་དང་མི་རིགས་མང་ཆེ་བས་དྲང་བདེན་དང། ཞི་བདེའི་ཤིང་རྟ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད་ན། རྒྱ་ནག་ནང་ཁུལ་གྱི་གདོན་འདྲེ་ཁོག་ཞུག་ཉུང་ཤེས་ཞིག་གིས་མི་བཟོད་པ་ནི། མང་ཚོགས་གི་ཤ་ཁྲག་ལ་རོལ་ཞིང་དྲང་བདེན་ལ་རྒྱབ་ཀྱིས་ཕྱོགས་པའི་ངན་གཤེས་བརྒྱུར་མ་ཐུབ་པའི་ལན། གལ་དེ་དེ་ལྟར་མིན་ན། རྒྱ་ནག་དུ་འཛམ་ལང་རྒྱལ་ཁབ་ཁེག་གི་གསར་འགྱུར་འགོད་མཁན་ཡོང་བ་ལ་ཞེད་སྣང་སྐྱེ་ཞིང། རང་གི་མི་རིགས་གྱི་ཁ་སྒོ་བཙན་གྱིས་བཀབ་དགོས་དོན་ཅི་ཡོད། ཧཧ རང་ལུས་མེ་ལ་སྲེག་པའི་སྡུག་བསྔལ་དེ། དྲག་ཀྱང་གཞན་གྱིས་མནར་བའི་སྡུག་བསྔལ་ལས། དུས་ཡུན་ཐུང་ཕྱིར་རང་གིས་བརྗེ་བ་ལ། དེ་ལ་རང་དབང་མི་རྟེར་ཤེས་ལྡན་སུ།
མི་འདི་དོལ་རྒྱལ་ཚོགས་པའི་མི་ཞིག་རེད། ཨ་ཁ་ཁ། སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་ཏཱ་ལའི་བླ་མར་ཆོས་དཔོན་གྱི་འདུ་ཤེས་འཛིན་མ་ཐུབ་ནའང་ལོ་རྒྱུས་ལྡན་པའི་བོད་ཀྱི་དབུ་ཁྲིད་ཀྱི་རྒྱུད་འཛིན་པ་ཞིག་ཡིན་པར་ལོས་ཤེས་དགོས།
འདི་འདྲ་བཀོད་ནས་ཀློག་ཐུབ་ཀྱི་མི་འདུག དེ་ལས་ཡི་གེ་འདི་མར་ཕབས་སྟེ་བཀོད་ཐུབ་ན་ལེགས།
ཆེད་རྩོམ་འདི་ཁ་སང་ནས་མཐོང་སོང་། ང་རང་ལ་མཚོན་ན་ཧ་ཅི་ཡང་ལས་མ་སོང་། རྒྱུ་མཚན་ནམ་རྒྱུན་ནག་གི་གསར་འགྱུར་རྒྱུད་ལམ་ཁག་ན་གླེང་བཞིན་པ་དེ་རེད། ད་ཐེངས་མ་འདྲ་བ་ཞིག་ཡོད་པ་ནི་ཨ་རི་གནས་སྡོད་བོད་མི་ཞིག་གི་མིང་འཁོད་འདུག བསམ་བློ་ཞིབ་མོ་བཏང་ན་དེ་ཡ་མཚན་དགོས་པ་ཅི་ཡང་མ་རེད། ཀྲུང་གོའིབོད་ལྗོངས་ཀྱི་ཐོག་ལ་རྩོམ་ཡིག་གང་བཀོད་རང་ལག་ཡིན་ལ་རྩོམ་པ་པོའི་མིང་ཡང་ཅི་བཀོད་རང་ལག་རེད། དཔེར་ན་ཡེ་རྡོར་ལྟ་བུའོ། ཞོར་དུ་དྲ་གྲོགས་ལུང་རྟོགས་ལ་ཞུ་རྒྱུར་ཡི་གེ་དག་གསལ་བོ་མི་མཐོང་ན་མདའ་རྩེས་པར་གྱི་ཐོག་ནས་སྣུན་ན་ཆེ་རུ་ཡོད་ཀི
གསལ་བཤད་ངས་གོང་ན་གསར་འགྱུར་རྒྱུད་ལམ་ཁག་ཟེར་བ་དེ་ནི་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་ཡིན་དེ་ལུགས་ཐུགས་འཇགས་འཚལ།
འདི་དམར་གཞུང་གི་བཤད་སྟངས་དང་གཅིག་པ་རེད། དམར་འབྲེལ་དང་ལག་རྒྱུད་ཡོད་པའང་ཐག་བཅད་ཆོག་པ་ཞིག་རེད།
ངས་བཤད་རྒྱུ་གཙོ་བོ་འདི་ནི་རྒྱ་ནག་གིས་གང་བསམ་དུ་མི་ཞིག་གི་མིང་སྤྱད་དེ་རྩོམ་ཡིག་ཅིག་སྤེལ་བ་རེད་འདོད། དོན་དམ་པར་ཨ་རི་གནས་སྡོད་བོད་མི་ཞིག་བསམ་ཚུལ་ངོས་ཡིན་མིན་ལ་དོགས་པ་ཡོད་ཅེས་པའོ།
དེ་ནི་རྒྱུན་ཏན་རྒྱ་ནག་གིས་གཏམ་བཤད་དེ་རེད་འོན་ཀྱང་ད་ཐེངས་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མི་ནང་ཁུལ་དུ་དཀྲིགས་ཤིང་བཟོ་ཆེད་ཤུགས་ལྡན་ཚོགས་པ་ངོས་སྤྱོད་གྱིས་བསྒྲག་གཏམ་འདི་སྤེལ་པ་ཞིག་ཡིན་པ་འདྲ། འདིའི་རིགས་ལ་ང་ཚོས་གཟབ་དགོས། དེ་ནི་བོད་མིའི་ནང་ཁུལ་མཐུན་སྒྲིལ་གཏོར་བཤུགས་གཏོང་འདོད་རེད།
འདི་ནི་རྒྱ་ནག་དམར་བོའི་ཆབ་སྲིད་འཁྲབ་སྟངས་ཞིག་རེད།བོད་པ་ཚང་མའིའདི་རིགས་ལ་གསབ་དགོས་།དོལ་རྒྱལ་ཚོགས་པའི་ཁྱི་རྒན་འདི་ཚོ་དང་འགྲེལ་བ་ཡོད་པ་ཐག་གི་ཆོད་པ་རེད།
འདི་ཕལ་ཆེར་རྒྱ་ནག་གིས་ཕྱི་ལོགས་ཀྱི་བོད་མིའི་མིང་སྤྱད་པ་ཡིན་པ་འདྲ་ད་དུང་དོལ་རྒྱལ་པ་རྣམས་ལའང་ངར་སླངས་ནས་རྙོགས་དྲ་བཟོ་འདོད་ཡོད་པ་འདྲ། བོད་ནང་ལོག་ལ་གསལ་བྱེད་བྱེད་རྒྱུ་དང་དེ་འབྲི་མཁན་བོད་མི་ཡིན་མིན་རྩད་གཅོད་བྱེད་རྒྱུ་གལ་ཆེ་བར་སེམས།
རང་ལུས་མེར་བསྲེགས་བཏང་བ་འདི་ཏཱ་ལའི་བླ་མས་རྒྱུ་སྐུལ་བྱས་པ་མ་རེད། གལ་ཏེ་ཏཱ་ལའི་བླ་མས་འདི་འདྲ་བའི་སྐུལ་མ་བྱས་པ་ཡིན་ན་ད་ཚོད་བོད་ཕྱི་ནང་གཉིས་སུ་འདོད་རྒྱལ་བསྟེན་མཁན་མ་གཏོགས་བོད་མི་ལྷག་ཡོད་པ་མ་རེད། དཔེ་མཚོན་ནི་ཨ་མར་ཝཏི་དུས་དབང་སྐབས་སྟག་གཟིག་གི་སྤགས་པའི་སྐོར་བཀའ་སློབ་དེར་སོམས།
དཔོན་རིགས་དེ་ཚོར་ཁག་མེད་ནང་མི་བུ་ཕྲུག་གསོ་དགོས་པ་རེད། ཁོང་ཚོའི་རྒྱུད་ལ་ཆོས་མེད་ཡིན་པས་བླ་མ་དང་དཀོན་མཆོག་སོགས་རྩ་བ་ནས་ཁས་མི་ལེན། ཏང་ཡང་ཡིན་པས་རེད། གང་ལྟར་དཔོན་རིགས་དེ་ཚོའི་གཏམ་བཤད་ནི་རྒྱ་དཔོན་ཞིག་གིས་གཏམ་བཤད་ལས་ཀྱང་རྣོ་ངར་ལྡན་པ་ཞིག་རེད་འདུག འོན་ཀྱང་བོད་དཔོན་དེ་ཚོས་བཤད་པ་ལ་ནུས་པ་གང་ཡང་མེད་གོང་ནས་བཀའ་གང་གནང་ལས་རང་མོས་ཀྱིས་ཐག་ཆོད་བྱེད་པའི་དབང་ཆ་ཡོད་མ་རེད། བོང་བུ་ལ་སེང་པགས་བཀོན་པ་རང་རེད། ཤོད་དུ་ཆུག་གལ་ཆེ་ཤོས་ཆོས་ཁས་ལེན་བོད་དོན་རང་དབང་ཐོབ་རྒྱུར་ཁས་ལེན་མཁན་རྣམས་མི་རིགས་འཆམ་མཐུན་དང་ཆོས་ལུགས་དག་སྣང་བརྩི་བཀུར་བྱེད་དགོས་པ་ལས་་་་་རྒྱ་དཔོན་དེ་ཚོས་བཤད་སྟངས་ལྟར་ཁྱོད་ཤི་ང་གསོན་གྱི་བསམ་བློའི་འདུ་ཤེས་འཆང་ན་དེ་ནི་རྒྱ་དཔོན་དེ་ཚོས་བཤད་པ་ལས་མི་རིགས་ཆོས་ལུགས་རང་དབང་སོགས་གཏོར་བཤིག་གཏོང་རྒྱུར་ནུས་པ་འདབ་གྱུར་གྱི་ཆེ་བ་ཡོད།
ཡ་ཡ། ལགས་ལགས་སོ། །ཚར་གཅིག་བཀླགས་ཐུབ་པར་བརྟེན། ཁ་བརྡར་མཁོ་སྤྲོད་བྱེད་མཁན་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །
འདི་ནི་སྔོན་ཆད་ཐེངས་འགར་ཡེ་རྡོས་བྲིས་ཞེས་སྒོར་རྡོག་འགས་རྒྱུག་ཁྱི་འགའ་གླས་ཏེ། སྐྱག་རྫུན་ཁོ་ན་ལས་གྲུབ་པའི་མིང་ཚིག་འགའ་བཙན་བསྒྲིགས་བྱས་ནས་བོད་མི་བྱེ་བྲག་པ་གཅིག་གིས་བྲིས་པ་ཡིན་ཁུལ་གྱིས་རྒྱ་རྒན་ཁོ་ཚང་གི་རང་མཚང་དམར་རྗེན་ལ་ཕུད་བྱེད་ཀྱི་འཆལ་རྩོམ་དེ་དག་ལས་མ་འདས་པས་ཚོར་སྣང་གསར་བ་གང་ཡང་བྱིན་མ་སོང་།
མ་རུང་བ་ཞིག་བྲིས་ཡོད་པ་འདྲ། ཀློག་མི་ཐུབ་ཀི། མཆན་པ་དག་གི་བརྗོད་སྙིང་ལ་ལྟོས་ན། འདི་ནི་དགྲ་འདྲེ་སྲོག་ལ་བོད་བླ་ཞུགས་པའི་ཁུལ་ཡིན་ས་རེད། མི་སྐྱོན། འཛམ་གླིང་སྒང་ན་དགྲ་ནག་ཚང་གི་ཆེས་མཐོང་(སྟོང་བཤད་གཅིག་བདེན་)ལ་དངོས་འཛིན་ཞུ་བཞིན་འདུག་པས། ང་ཚོས་སོ་རེ་རྒྱག་ཐུབ་ན། བདེན་པ་དང་རྒྱལ་ཁ་ང་ཚོ་ལ་སྟེར་བར་ཐེ་ཚོམ་མི་འདུག།
རྒྱ་འདྲེ་ཁོག་ཞུག་ཁོ་ཚོས་འཛམ་ལང་ཞི་བདེའི་དེད་དཔོན་ལ་ཡང་ཁྱོད་ཤི་ང་གསོན་ཡིན་ཞེས་བཤད་ཡོད། རང་ཉིད་མ་གཏོགས་གཞན་མི་མཐོང་བས་རྒྱ་འདྲེ་དེ་ཚོས། ང་རྒྱལ་གྱི་བྲག་རིས་ངོ་ལ་ཕྲག་ཏོག་གི་སྦྲུལ་འགོ་བཏོན་ནས། ཅི་ཡང་མི་མཐོང་བའི་མུན་ཁུང་ནང་དུ། གདོན་འདྲེའི་དེ་ཚོས་ནམ་རྒྱུན་འུར་ལང་ནས་ཡོད་པ་ང་ཚོས་ནམ་ཡང་མཐོང་མཐོང་ནས་ཡོད་པས་དེ་ལ་ཡ་མཚན་ཅི་དགོས། མི་ཤ་ཟ་བའི་གདོན་འདྲེ་ཞིག་དང་མཉམ་དུ་བསྡད་པ་ལས་ཤི་ན་དགའ་བའི། ད་བར་ཁོ་ཚོའི་ལག་འོག་ནས་མི་རྒྱ་ཕྲག་ལོང་བ་ཞིག་གིས་རང་ལུས་མེ་སྲེག་བཏང་བ་མིན་ནམ། ༧གོང་ས་ཆེན་པོ་ནུབ་ཕྱོགས་རྒྱལ་ཁབ་ཁེག་དང་ཨེ་ཤ་ཡའི་རྒྱལ་ཁབ་དང་མི་རིགས་མང་ཆེ་བས་དྲང་བདེན་དང། ཞི་བདེའི་ཤིང་རྟ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད་ན། རྒྱ་ནག་ནང་ཁུལ་གྱི་གདོན་འདྲེ་ཁོག་ཞུག་ཉུང་ཤེས་ཞིག་གིས་མི་བཟོད་པ་ནི། མང་ཚོགས་གི་ཤ་ཁྲག་ལ་རོལ་ཞིང་དྲང་བདེན་ལ་རྒྱབ་ཀྱིས་ཕྱོགས་པའི་ངན་གཤེས་བརྒྱུར་མ་ཐུབ་པའི་ལན། གལ་དེ་དེ་ལྟར་མིན་ན། རྒྱ་ནག་དུ་འཛམ་ལང་རྒྱལ་ཁབ་ཁེག་གི་གསར་འགྱུར་འགོད་མཁན་ཡོང་བ་ལ་ཞེད་སྣང་སྐྱེ་ཞིང། རང་གི་མི་རིགས་གྱི་ཁ་སྒོ་བཙན་གྱིས་བཀབ་དགོས་དོན་ཅི་ཡོད། ཧཧ
རང་ལུས་མེ་ལ་སྲེག་པའི་སྡུག་བསྔལ་དེ།
དྲག་ཀྱང་གཞན་གྱིས་མནར་བའི་སྡུག་བསྔལ་ལས།
དུས་ཡུན་ཐུང་ཕྱིར་རང་གིས་བརྗེ་བ་ལ།
དེ་ལ་རང་དབང་མི་རྟེར་ཤེས་ལྡན་སུ།