ཡིག་འགོད་དང་མཁོ་འདོན་པ། བསོད་ནམས།
༡༽ཏཱ་ལའི་བླ་མ་ཅིའི་ཕྱིར་རྒྱལ་ནང་དུ་ལོག་མི་ཐུབ་པ་གསལ་བོར་བཤད་དགོས།
དུས་ཡུན་རིང་བོ་ཞིག་ལ། ཏཱ་ལའི་ཚོགས་ཁག་གིས་རྣམ་པ་ཀུན་ཏུ་ཕྱོགས་གཉིས་ཀྱི་བྱེད་ཐབས་སྤྱད་པ་རེད། ཕྱོགས་གཅིག་ནི་རྒྱལ་སྤྱིའི་གར་སྟེགས་སྟེང་ཐེངས་མང་བུད་དེ། “བོད་རང་བཙན”བསྒྲགས་པ་དང་། རྒྱལ་སྤྱིའི་གླེང་བརྗོད་ལ་བརྟེན་ནས་ཀྲུང་དབྱང་སྲིད་གཞུང་ལ་གནོན་ཤུགས་བྱིན་ཏེ། “བོད་ལྗོངས་རང་བཙན་”གྱི་དམིགས་འབེན་འགྲུབ་པའི་རེ་བ་བཅངས། ཕྱོགས་གཞན་ཞིག་ནས་གྲོས་མོལ་རོལ་རྩེད་ལ་བརྟེན་ནས་ཀྲུང་དབྱང་སྲིད་གཞུང་དང་ཁ་བརྡ་བྱས་པ་དང་། དེ་ལ་བརྟེན་ནས་རང་ཉིད་ཇེ་མཐོར་བཏང་། ཡིན་ནའང་རྣམ་པ་ཀུན་ཏུ་”བོད་ལྗོངས་རང་བཙན་”གྱི་རེ་བ་དོར་མྱོང་མེད། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་ཚོགས་ལ་བཏོན་པའི་སྲིད་ཇུས་ནི་ནམ་ཡང་འགྱུར་བ་མེད་པར། སློབ་གསོ་དང་སྐྱོབ་ཐབས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁོ་ཚོར་ཁ་བྲལ་གྱི་འདུ་ཤེས་འདོར་དུ་འཇུག་པ་དང་ཕྱིར་རང་ཡུལ་ལ་ལོག་པ། རྒྱལ་གཅེས་གཅིག་གྱུར་གྱི་ལམ་དུ་ཞུགས་ནས། རྒྱལ་ཡོངས་མི་དམངས་དང་ལྷན་གཅིག་ཏུ་བོད་ལྗོངས་གསར་བ་འཛུགས་བསྐུན་བྱེད་པའི་རེ་བ་བཅངས་ཡོད། ༡༩༧༧ ལོར། རྒྱལ་ཡོངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཉི་ཧོང་གི་གསར་འགྱུར་འཐུས་ཚབ་ཚོགས་པ་དང་འཕྲད་སྐབས་བཤད་དོན། ཀྲུང་གོ་སྲིད་གཞུང་གིས་”ཏཱ་ལའི་དང་ཁོང་གི་རྗེས་འཇུག་པ་རྣམས་མེས་རྒྱལ་གྱི་པང་དུ་ལོག་པར”དགའ་བསུ་ཞུ་ཞེས་བཤད། ལོ་གཅིག་གི་རྗེས་སུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་བཤད་དོན། “གལ་ཏེ་པེ་ཅིན་ཕྱོགས་ནས་ང་རང་གདན་ཞུ་བྱས་ཏེ་ལྷ་ས་དང་བོད་ལྗོངས་ཀྱི་ས་ཁུལ་ཁག་ཅིག་ཏུ་འཚམས་འདྲི་བྱ་རུ་བཅུག་ན། དེ་ངས་སྤྲོ་བས་ངང་དང་ལེན་བྱ་རྒྱུ་ཡིན། གལ་ཏེ་ངས་ཀྲུང་གོ་གུང་ཁྲན་ཏང་གི་མངའ་འོག་གི་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དེ་དངོས་སུ་མཐོང་ཚེ། ངས་བོད་ལྗོངས་སྒེར་ཚུགས་ཀྱི་རེ་བ་འདོར་ངེས་ཡིན་”ཞེས་བཤད། ལོ་དེའི་ཟླ་༡༢་པར། བློ་མཐུན་ཏིན་ཞའོ་ཕིན་གྱིས་ཨ་རི་མཉམ་འབྲེལ་ཚོགས་པའི་གསར་འགོད་པར་ཐུག་འཕྲད་གནངས་སྐབས།”ཏཱ་ལའི་བླ་མ་ཕྱིར་ལོག་ཆོག་མོད། འོན་ཀྱང་ཀྲུང་གོའི་སྤྱི་དམངས་བྱ་དགོས་”པ་དང་། “ང་ཚོར་རེ་བ་གཅིག་ཡོད་པ་ནི་རྒྱལ་གཅེས་ཡིན་ལ། ད་དུང་ང་ཚོས་རྒྱལ་གཅེས་ལ་སྔ་གཞུག་མི་དགར་”ཞེས་བཤད། དེས་ཀྲུང་དབྱངས་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་མེས་རྒྱལ་གྱི་པང་དུ་ལོག་པའི་ལངས་ཕྱོགས་གསལ་བོར་བསྟན་ཡོད། ༡༩༧༩ ལོའི་ཟླ་༠༢་པར། ཏཱ་ལའི་ཚོགས་ཁག་གིས་”ཀྲུང་དབྱང་མགོ་ཁྲིད་ཀྱི་མཛུབ་སྟོན་ལ་ཉན་པ་དང་།” “ཏཱ་ལའི་བླ་མའི་བསམ་འཆར་ཞུ་བར་”ཁ་གཡར་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཕུ་བོ་རྒྱ་ལོ་དོན་གྲུབ་རྒྱལ་ནང་དུ་མངགས་ཏེ་ཀྲུང་དབྱང་སྲིད་གཞུང་དང་ཐུག་འཕྲད་བྱས། རྒྱ་ལོ་དོན་གྲུབ་ཀྱིས་བློ་མཐུན་ཏིན་ཞའོ་ཕིན་ལ་ཀྲུང་དབྱང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་བཏོན་པའི་སྲིད་ཇུས་འདྲི་རྟོག་བྱེད་སྐབས། བློ་མཐུན་ཏིན་ཞའོ་ཕིན་གྱིས་གསལ་བོར་བསྟན་དོན། “ཏཱ་ལའི་བླ་མ་ཕྱིར་ཕེབས་པར་དགའ་བསུ་ཞུ། ཕྱིར་ཡོང་རྗེས་ཕྱིར་སོང་ཡང་ཆོག འགྲོ་འདུག་རང་དབང་ཡིན།” ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་ཐད་གྲོས་མོལ་བྱེད་པའི་གནད་དོན་ལ་བློ་མཐུན་ཏིན་ཞའོ་ཕིན་གྱིས་གསལ་བོར་བསྟན་དོན། “ཏཱ་ལའི་བླ་མས་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་གྲུབ་ཆ་ཞིག་ཡིན་པ་ཁས་བླངས་ཚེ། ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱ་ཆོག རྒྱལ་གཅེས་ལ་སྔ་གཞུག་མི་དགར་”ཞེས་བཤད། “ད་ལྟ་བོད་ལྗོངས་ནི་རྒྱལ་ཁབ་ཅིག་གི་ངོས་ནས་ཀྲུང་དབྱང་ལ་ཁ་བརྡ་བྱེད་པའམ་ཡང་ན་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་གྲུབ་ཆ་ཞིག་གི་ངོས་ནས་གནད་དོན་ཁ་ཤས་ལ་གྲོས་བསྡུར་ཐག་གཅོད་བྱེད་པ་ཡིན་ནམ། འདི་ནི་དངོས་ཡོད་ཀྱི་གནད་དོན་ཞིག་རེད།” “རྩ་བའི་གནད་དོན་ནི་ཀྲུང་གོའི་མངའ་ཁོངས་ཤིག་ཡིན་པ་འགྲིག་མིན་དེ་ཚད་གཞི་ཅི་ཞིག་བཟུང་ནས་ཐག་གཅོད་དགོས།” གྲོས་མོལ་བརྒྱུད་ནས་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འཇུག་པས་ཁ་བྲལ་གྱི་ལངས་ཕྱོགས་འདོར་བ་དང་། མེས་རྒྱལ་གྱི་པང་དུ་ལོག་པར་ཀྲུང་དབྱངས་སྲིད་གཞུང་གིས་འབད་པ་གང་མང་བྱས།
དེ་ནས་བཟུང་། ཀྲུང་དབྱང་གི་མགོ་ཁྲིད་མི་སྣས་ཐེངས་མང་བོར་ཏཱ་ལའི་བླ་མས་མངགས་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཐེངས་མང་བོར་ཀྲུང་དབྱང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བར་བཏོན་པའི་སྲིད་ནུས་བསྐྱར་བཤད་བྱས། རྒྱལ་ཕྱི་ནང་གི་བོད་རིགས་མང་ཚོགས་བར་གྱི་གཉེན་ཉེའི་འཚམས་འདྲི་དང་འགྲོ་འོང་གི་རེ་བ་བསྐང་ཆེད། ཀྲུང་དབྱང་སྲིད་གཞུང་གིས་འགྲོ་འདུག་རང་དབང་གི་སྲིད་ཇུས་གཏན་ལ་ཕབ་པ་དང་དེ་ལག་བསྟར་བྱས་པ་མ་ཟད། ད་དུང་རྒྱལ་གཅེས་ཁྱིམ་གཅིག་དང་། རྒྱལ་གཅེས་ལ་སྔ་གཞུག་མི་དགར། སྔོན་བྱས་རྩད་གཅོད་མི་བྱེད་པའི་ལངས་ཕྱོགས་བསྟན། ༡༩༧༩་ལོའི་ཟླ་༠༨་པ་ནས་༡༩༨༠་ལོའི་ཟླ་༠༩་བའི་བར། ཀྲུང་དབྱང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་སྔ་རྗེས་སུ་མངགས་ཡོང་བའི་ལྟད་གཟིགས་ཚོགས་པ་སྐོར་གསུམ་པ་དང་གཉེན་ཉེ་རྒྱལ་ནང་དུ་ལོག་པའི་ལྟད་གཟིགས་ཚོགས་པ་སྐོར་གཉིས་པར་ཐུག་འཕྲད་བྱས། ཀྲུང་དབྱང་སྲིད་གཞུང་དང་བོད་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་མངགས་ཡོང་ལྟད་གཟིགས་ཚོགས་པར་སྤྲོ་སེམས་ཁོལ་བའི་ངང་སྣེ་ལེན་བྱས། ཡིན་ནའང་འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ནང་དུ་ལོག་པའི་དམིགས་ཡུལ་ནི་འགྲིག་མཐུན་འོང་བ་མིན་པར། འགྲོ་འོང་རང་དབང་གི་གོ་བེད་སྤྱད་དེ། ཕྱོགས་གཅིག་ནས་རྣམ་འགྱུར་ལ་བརྟག་པ་དང་། ཕྱོགས་གཞན་ཞིག་ནས་བོད་ལྗོངས་ཀྱི་གནས་ཚུལ་ལ་ལྐོག་བཤེར་བྱས་པ་རེད། དེ་ལས་གཞན། ད་དུང་དམིགས་ཡུལ་གལ་ཆེན་ཞིག་ཡོད་པ་ནི། རྒྱལ་ནང་གི་བོད་རིགས་སྤུན་ཟླས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་དད་པའི་དད་མོས་ལ་བརྟེན་ནས་སིམ་འཛུལ་བྱས་པ་དང་། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ། མི་འདི་དག་ཕྱིར་རྒྱ་གར་དུ་ལོག་རྗེས། རང་རྒྱལ་གྱི་མི་རིགས་སྲིད་ཇུས་ལ་འཁྱོག་བཤད་བྱས་པ་དང་། རང་རྒྱལ་སྲིད་གཞུང་གིས་བོད་ཁུལ་ལ་ལག་བསྟར་བྱེད་པའི་ཆབ་སྲིད་ལ་ཁ་རྡུང་བཏང་། དེ་ལྟར་ཡིན་ནའང་། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་སྔར་བཞིན་རེ་བ་བཅངས་པ་དང་། མེས་རྒྱལ་གྱི་པང་དུ་ལོག་པར་རེ་ལྟོས་བྱས། ༡༩༨༡་ལོའི་ཟླ་༠༧་པར། བློ་མཐུན་ཧའོ་ཡོ་པང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་འཐུས་ཚབ་རྒྱ་ལོ་དོན་གྲུབ་ལ་ཐུག་འཕྲད་སྐབས། ཀྲུང་དབྱངས་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་སྲིད་ཇུས་ལྔ་བཏོན་པ་ནི།
༼༡༽རང་རྒྱལ་གྱི་ཆབ་སྲིད་བརྟན་འཇགས་དང་། དཔལ་འབྱོར་དར་རྒྱས་ཡིན་པ། མི་རིགས་མཐུན་སྒྲིལ་ལྡན་པ་ཡིན། གལ་ཡིད་མི་ཆེས་ན། ལོ་འགར་བལྟས་ཆོག
༼༢༽འདས་སོང་གི་དོན་དག་མ་གླེང་ན་ཆོག་མོད། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་མངགས་ཡོང་བའི་མི་དྲང་མོ་དྲང་བཞག་ཡིན་དགོས་ལ། སྐོང་རེས་སམ་ཡང་ན་ཉོ་ཚོང་གི་བྱེད་ཐབས་སྤྱད་མི་ཆོག
༼༣༽ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་ཁོའི་རྗེས་འབྲངས་པ་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱེད་པར་དགའ་བསུ་ཞུ་བ་དང་། རྒྱལ་ཁབ་དང་མི་རིགས་ལ་རང་ཉིད་ཀྱིས་བྱས་རྗེས་འཇོག་དགོས།
༼༤༽ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་རྒྱལ་ནང་དུ་ལོག་རྗེས་ཆབ་སྲིད་ཐོབ་ཐང་དང་འཚོ་བའི་ལྟ་སྐྱོང་མི་འགྱུར་ལ། ལྷག་མའི་མི་རྣམས་འོས་འཚམ་གྱིས་བཀོད་བསྒྲིག་བྱ་རྒྱུ།
༼༥༽ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དུས་ནམ་ཞིག་ལ་ཕྱིར་ལོག་དུས་གསལ་བསྒྲགས་སྤེལ་ཆོག་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་ལ་བརྡ་ཐོ་བཏང་སྟེ་དུས་ཐོག་ཏུ་ཀྲུང་དབྱངས་སྲིད་གཞུང་གིས་མི་མངགས་ནས་སྣེ་ལེན་བྱ་དགོས། ཡིད་ཕངས་པ་ཞིག་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཀྲུང་དབྱང་གི་བཟང་སེམས་དང་ལེན་མ་བྱས་པར་མ་ཟད། དེ་ལས་ལྡོག་སྟེ་ཁ་བྲལ་གྱི་བྱ་འགུལ་ཇེ་དྲག་ཏུ་བཏང་ནས་སྤེལ། ༡༩༨༧་ལོའི་ཟླ་༠༩་བར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཨ་རིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་ཆུང་ཨུ་ཡོན་ལྷན་ཁང་ལ་བོད་ལྗོངས་ཀྱི་གོ་གནས་གནད་དོན་གྱི་”འཆར་གཞི་ལྔ་”ཟེར་བ་ཞིག་གསལ་བསྒྲགས་བྱས་པ་དང་། མུ་མཐུད་དུ་”བོད་ལྗོངས་སྒེར་ཚུགས་”འུད་སྒྲོག་བྱས། ལྷ་སར་ཐེངས་མང་བོར་ཟིང་ཆའི་དོན་རྐྱེན་ཚབས་ཆེན་འབྱུང་བར་ངན་སྐུལ་དང་ཇུས་འགོད་བྱས། ༡༩༨༨་ལོའི་ཟླ་༠༦་པར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་ཀྱི་”སི་ཐི་ལ་སི་པའོ་གྲོས་”གཞི་བཏོན། གྲོས་གཞི་འདིས་བོད་ལྗོངས་ཟེར་བ་ནི་སྔར་ནས་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་སྔོན་འགྲོ་འོག རྒྱལ་ཁབ་ནང་གི་མི་རིགས་ས་ཁོངས་རང་སྐྱོང་གི་གནད་དོན་དེ་བདག་པོའི་རྒྱལ་ཁབ་དང་ཟུར་གཏོགས་རྒྱལ་ཁབ། སྲུང་སྐྱོབ་རྒྱལ་ཁབ་དང་སྲུང་སྐྱོབ་བྱ་ཡུལ་གྱི་རྒྱལ་ཁབ་ཀྱི་འབྲེལ་བར་གྱུར་བ་དང་། ཀྲུང་གོའི་བོད་ལྗོངས་ཀྱི་བདག་དབང་དེ་ཁས་མ་བླངས་པ་དང་། རྣམ་པ་འགྱུར་པའི་སྒོ་ནས་བོད་ལྗོངས་སྒེར་ཚུགས་ཀྱི་བྱ་བ་སྤེལ། འདི་ནི་སྔོན་ཆད་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་བགོ་བཤའ་བརྒྱག་པའི་ལྐོག་ཇུས་ཡིན་པས། ཀྲུང་གོ་སྲིད་གཞུང་གིས་གཏན་ནས་ཁས་ལེན་མ་བྱས་པ་རེད། ཀྲུང་དབྱང་སྲིད་གཞུང་གིས་གསལ་བོར་བསྟན་དོན། “ཀྲུང་གོའི་བོད་ལྗོངས་ཀྱི་བདག་དབང་ཁས་ལེན་དགོས་ཤིང་། བོད་ལྗོངས་སྒེར་ཚུགས་བྱ་མི་ཆོག་ལ། སྒེར་ཚུགས་ཕྱེད་ཀ་ཡང་བྱ་མི་ཆོག རྣམ་པ་འགྱུར་པའི་སྒེར་ཚུགས་དེ་བས་ཀྱང་བྱ་མི་ཆོག་”ཅེས་བསྟན། དེ་འདྲ་ཡིན་ནའང་། ཀྲུང་དབྱང་སྲིད་གཞུང་གིས་སྔར་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སེམས་པ་ཕྱིར་འཁོར་བར་རེ་བ་བཅངས། ༡༩༨༩་ལོའོ་སྟོད་དུ། པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་མྱ་ངན་ལས་འདས་རྗེས། ཏཱ་ལའི་དང་པཎ་ཆེན་རིམ་བྱོན་ཕན་ཚུན་དགེ་སློབ་ཡིན་པའི་ལོ་རྒྱུས་ཀྱི་ཆོས་ལུགས་འབྲེལ་བར་གཞིགས་ནས། ཀྲུང་དབྱང་སྲིད་གཞུང་གི་ཡིད་འཐད་བརྒྱུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཏཱ་ལིའ་བླ་མ་སྐུ་ཕྲེང་བཅུ་བཞི་བ་རྒྱལ་ནང་དུ་ལོག་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་བར་མྱ་ངན་ཞུ་བའི་བྱ་འགུལ་དུ་ཞུགས་པར་གདན་ཞུ་བྱས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཀྲའོ་ཕུ་ཁྲུའུ་ཡིས་སྐུ་དངོས་སུ་གདན་ཞུའི་ཡི་གེ་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་ཚབ་པར་སྤྲད། དེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་ལོ་ངོ་སུམ་ཅུའི་བྲོས་བྱོལ་རྗེས་སུ་རྒྱལ་ནང་གི་ནང་བསྟན་ཁག་གི་མི་སྣར་མཇལ་འཕྲད་གནང་བའི་གོ་སྐབས་བཟང་བོ་འདོན་སྤྲོད་བྱས། ཡིན་ནའང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཐེངས་དེའི་གདན་ཞུ་དང་ལེན་མ་བྱས། དེའི་མཚུངས་སུ་བོད་སྒེར་ཚུགས་པ་ཁ་ཤས་ཀྱིས་ལྷ་སར་བསམ་གཟས་ནས་
ཟིང་ཆ་ཚབས་ཆེན་བསླངས། ༡༩༨༩་ལོར། ནུབ་ཕྱོགས་ཀྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་རླབས་རྒྱུན་ནང་དུ། ཨ་རི་རྒྱལ་ཚོགས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་འགྲོ་བ་མིའི་”བོ་ལིན་པོ་ཀི་རྟགས་མ་”གནངས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་འཐབ་འཛིང་ལ་རྒྱབ་སྐྱོར་བྱས། ནོ་ཝེ་ནོ་པེལ་ཞི་བདེ་གཟེངས་རྟགས་ཨུ་ཡོན་ལྷན་ཁང་གིས་ཀྱང་ཆབ་སྲིད་ཀྱི་དམིགས་ཡུལ་མངོན་གསལ་དུ་བཟུང་ནས་༡༩༨༩་ལོའི་ནོ་པེལ་ཞི་བདེ་གཟེངས་རྟགས་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་བསྩལ།
རྗེས་སུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་འཛམ་གླིང་དུ་བསྐྱོད་པ་དང་། གང་སར་ཁ་བྲལ་གྱི་བསྒྲགས་གཏམ་སྤེལ། དེའི་མཚུངས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་སྔར་ལས་བོད་ལྗོངས་ས་ཁུལ་གྱི་ཟིང་ཆའི་བྱ་འགུལ་ལ་ངན་སྐུལ་དང་ཇུས་འགོད་བྱས། ༡༩༩༠་ལོའི་ཟླ་༠༡་བོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་དབྱིན་ཇིའི་རླུང་འཕྲིན་བརྒྱུད་ནས། གལ་ཏེ་པེ་ཅིན་སྲིད་གཞུང་གིས་ལོ་གཅིག་གི་ནང་བོད་ལྗོངས་རང་སྐྱོང་གི་འཆར་གཞི་ཐད་ནས་ཁོང་དང་གྲོས་མོལ་མི་བྱེད་ན། ཁོས་ཀྲུང་གོར་མཐུན་ཐབས་བྱེད་པའི་ལངས་ཕྱོགས་ལ་འགྱུར་པ་གཏོང་རྒྱུ་དང་། བོད་མང་བོ་ཞིག་གིས་དྲག་ཤུགས་ལ་བརྟེན་པའི་འདོད་བློ་འཛིན་བཞིན་ཡོད། ༡༩༩༡་ལོའི་ཟླ་༠༣་པར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་དབྱིན་ཇི་ནས་གསར་འགྱུར་ལས་རིགས་ཁག་ལ་བསྒྲགས་དོན། བོད་ལྗོངས་ནི་”ད་ལྟའི་འཛམ་གླིང་སྟེང་གཞན་གྱིས་བདག་བཟུང་བྱས་པའི་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་”ཞེས་བཤད། ༡༩༩༡་ལོའི་ཟླ་༠༤་བར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཨ་རིའི་བོད་སྐད་རླུང་འཕྲིན་བརྒྱུད་ནས་”སྔར་ལས་བོད་ལྗོངས་སྒེར་ཚུགས་ཀྱི་བྱ་བ་ཡོངས་རྫོགས་ལ་ཤུགས་སྣོན་དགོས་”ཞེས་བཤད། ༡༩༩༡་ལོའི་ཟླ་༡༠་བར། ཏཱ་ལའི་བླ་མས་ཡང་བསྐྱར་ཨ་རིའི་བོད་སྐད་ལེ་ཚན་བརྒྱུད་ནས་ངན་སྐུལ་བྱེད་དོན། “དེང་སྐབས་རྒྱ་རིགས་མང་བོ་བོད་ཁུལ་དུ་སྐྱོད་བཞིན་ཡོད་ལ། དེས་བོད་ཀྱི་ན་གཞོན་མང་བོ་ཞིག་གི་བྱ་བ་བཙལ་མི་ཐུབ་པ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་ལ་བདེ་འཇགས་མི་་པའི་རྒྱུ་སྐྲུན་བཞིན་འདུག དེར་བརྟེན་ཡང་བསྐྱར་ཟིང་ཆ་ལངས་ངེས་པའི་གདེང་ཚོད་ཧ་ཅང་ཆེ་”ཞེས་བཤད། ༼མུ་འགོད།༽
༢༠༡༣/༠༧/༡༨/ཉིན་རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་སྤེལ།
༢༽ཏཱ་ལའི་བླ་མ་ཅིའི་ཕྱིར་རྒྱལ་ནང་དུ་ལོག་མི་ཐུབ་པ་གསལ་བོར་བཤད་དགོས།
༡༩༩༦/ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཐེངས་བཞི་ལ་དུས་འཁོར་གྱི་དབང་གནངས་པ་དང་། བསྒྲགས་གཏམ་སྣ་ཚོགས་སྤེལ་ཏེ། ཀྲུང་དབྱང་སྲིད་གཞུང་ལ་ཁ་རྡུང་བཏང་བ་དང་། བོད་ལྗོངས་སྒེར་ཚུགས་སྒྲོག་སྤེལ་བྱས། ༡༩༩༧/ལོའི་ཟླ་༠༥/བར། ཏཱ་ལའི་བླ་མས་ཨ་རིའི་ཉིའུ་ཡོག་ནས་ཨ་རི་འགྲིམ་པའི་བོད་གནས་སྐོར་བར་བོད་ལྗོངས་སྒེར་ཚུགས་མངོན་འགྱུར་བྱེད་པའི་ཐབས་ཤེས་འདོན་པར་སྐུལ་མ་བཏང་བ་དང་། གསོལ་འདེབས་དང་། ཁ་གཡང་བསྒྲགས་པ་ཙམ་ལ་བརྟེན་མི་རུང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཡུན་རིང་བོར་བོད་ལྗོངས་སྒེར་ཚུགས་ཀྱི་འདོད་བློ་མི་འདོར་བ་དང་། མུ་མཐུད་དུ་རྒྱལ་ཁབ་ཕྱི་ནང་དུ་མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་སྤེལ་ནས་ཀྲུང་དབྱང་སྲིད་གཞུང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་འཐུས་ཚབ་པའི་ཐུག་འཕྲད་ལ་འབྲས་བུ་ཅི་ཡང་འབྱུང་དུ་མ་བཅུག དུས་རབས་༢༡་པར་བསླེབས་དུས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལ་བསམ་བློ་བཏང་ནས། “ཡུལ་གྱར་སྲིད་གཞུང་”གི་སྲིད་ཇུས་”རང་སྐྱོང་”ལ་འགྱུར་པ་བཏང་། ཀྲུང་གོའི་སྒྲོམ་གཞི་ནང་གི་བོད་ལྗོངས་ཀྱི་”རང་སྐྱོང་”དང་”འཚེ་མེད་ཞི་བའི་”བྱ་འགུལ་བསྐྱར་དུ་གླེང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་གནས་གང་མང་ནས་ཁོང་གིས་བོད་སྒེར་ཚུགས་ལ་རེ་སྙེག་མི་བྱེད་པར། བོད་ལྗོངས་རང་སྐྱོང་ལ་རེ་སྙེག་བྱེད་བཞིན་ཡོད་པའི་འདོད་བློ་བསྟན། ཁོང་གིས་རྒྱལ་ཁབ་སོ་སོའི་བར་འགྲོ་འོང་བྱས་ཏེ། ཕྱོགས་གཅིག་ནས་ཞི་བདེ་དང་། བརྩེ་བ། “འཚེ་མེད་ཞི་བདེ་”ཤུགས་ཆེན་པོས་བཤད་པ་དང་། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་མང་ཚོགས་དང་གསར་འགྱུར་སྨྱན་བྱད་ཁག་སྤྱད་ནས་”འགྲོ་བ་མིའི་ཐོབ་ཐང་”དང་”རིག་གནས་””ཆོས་ལུགས་””ཁོར་ཡུག་སྲུང་སྐྱོབ་”བཅས་ཀྱི་གནད་དོན་ལ་སེམས་ཁུར་བྱེད་པའི་ཚུལ་གྱིས། དོན་དངོས་སྣང་མེད་དུ་བཞག་ནས་བོད་ལྗོངས་ལ་གནས་པའི་”གནད་དོན་”ཆེར་སྒྲོག་བྱས་པས། ཀྲུང་དབྱང་སྲིད་གཞུང་ལ་ཁ་རྡུང་བཏང་སྟེ་མངའ་ཁོངས་ཕྱིའི་མང་ཚོགས་ཡོངས་ཁྱབ་ཀྱི་སྙིང་རྗེ་དང་སྟོབས་ཤུགས་ཁ་ཤས་ཀྱི་རྒྱབ་སྐྱོར་ཐོབ་ལ། “བོད་ལྗོངས་རང་སྐྱོང་”དེ་རིམ་བཞིན་དུ་”བོད་ལྗོངས་སྒེར་ཚུགས་”ཀྱི་དམིགས་འབེན་སྟེང་ཐོན་པར་བྱས། ཡིན་ནའང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སྲིད་ཇུས་ནམ་ཡང་མངོན་གསལ་གཅིག་གྱུར་ཡིན་ལ། ཐུག་འཕྲད་ཀྱི་སྒོ་གླེགས་ནམ་ཡང་ཕྱེས་ནས་ཡོད་པ་ཡིན། ༢༠༠༢/ལོ་ནས་༢༠༠༧/ལོའི་བར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཡང་བསྐྱར་ཐེངས་དྲུག་ལ་རྒྱལ་
ནང་དུ་སྒེར་གྱི་འཐུས་ཚབ་མངགས་པ་དང་། ཐུག་འཕྲད་ཀྱི་གྲོས་མོལ་ཁྲོད་བར་ཁྱད་མངོན་གསལ་ལྡན་པ་ཞིག་རེད། ཀྲུང་དབྱང་སྲིད་གཞུང་གི་ངོས་ཐད་ནས་བཤད་ན། བོད་ལྗོངས་ཀྱི་གོ་གནས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཀྱང་ཡོངས་ཁྱབ་ཏུ་ཁས་ལེན་ནི་བོད་ལྗོངས་ནི་ཀྲུང་གོ་དང་ཁ་བྲལ་དུ་མེད་པའི་ཁག་ཅིག་ཡིན་པ་དེ་རེད།
ཡིན་ནའང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཡུལ་གྱར་དུ་ཕྱིན་པའི་སྟབས་ཀྱིས། ཁོས་རྣམ་པ་ཀུན་ཏུ་བོད་ལྗོངས་དབང་བསྒྱུར་བྱེད་པའི་སྟོང་སེམས་དེ་འདོར་མི་འདོད་པ་རེད། དམིགས་ཡུལ་དེ་འགྲུབ་ཆེད། ཏཱ་ལའི་བླ་མས་མུ་མཐུད་དུ་ཁོང་གི་ཐབས་ཇུས་ལེགས་སྒྲིག་བྱས་པ་དང་། ཁོས་གནས་བབ་མི་ལེགས་པའི་སྐབས་སུ། ཐུག་འཕྲད་གྲོས་མོལ་གྱི་བླང་བྱ་བཏོན་པ་རེད། ཁོས་གནས་བབ་ལེགས་པོ་ཡིན་པའི་དུས་སུ། ཐུག་འཕྲད་མཚམས་གཅོད་པ་རེད། ད་དུང་རྒྱུན་དུ་རྒྱལ་སྤྱིའི་སྟེང་ཆབ་སྲིད་ལས་འདས་པའི་”འཕགས་པའི་”ཚུལ་གྱིས་འགྲོ་བཞིན་ཡོད་པ་རེད། ༢༠༠༨/ལོའི་ཟླ་༠༣་པར། ལྷ་སར་དྲག་ཤུགས་དོན་རྐྱེན་བྱུང་བ་དང་། དེའི་རྗེས་སུ། གཞན་པའི་ཞིང་ཆེན་གྱི་བོད་ཁུལ་ལ་ཁྱབ་པ་རེད། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་ལ་”བོད་སྒེར་ཚུགས་”ཚོགས་པས་ཕོག་ཐུག་བཟོས་པ་དང་། ཨོ་ལིན་ཕིག་དཔལ་འབར་བརྒྱུད་སྤྲོད་ལ་ཤུགས་རྐྱེན་ངན་པ་ཐེབས། དོན་དག་འདི་དག་ནི་ཏཱ་ལའི་ཚོགས་ཁག་གིས་རྩ་འཛུགས་
ཡོད་པ་དང་། ལྐོག་ཇུས་ཡོད་པ། བློ་སེམས་ཞིབ་མོས་འཆར་འགོད་ངན་སྐུལ་བྱས་པ་རེད་ལ། མངའ་ཁོངས་ཕྱི་ནང་གི་”བོད་སྒེར་ཚུགས་”ཚོགས་པའི་ཁ་བྲལ་སྟོབས་ཤུགས་ཀྱིས་ཕན་ཚུན་ལ་ངན་འབྲེལ་བྱས་ནས་བཟོས་པ་རེད། ལྷ་སའི་དྲག་ཤུགས་དོན་རྐྱེན་ནི་ཏཱ་ལའི་ཚོགས་ཁག་གིས་པེ་ཅིན་དུ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བའི་གོ་སྐབས་དང་བསྟུན་ནས་”བོད་ལྗོངས་གནད་དོན་”རྒྱལ་སྤྱི་ཅན་དུ་བསྒྱུར་པ་དང་། “བོད་ལྗོངས་མི་དམངས་ཀྱི་འོས་ལངས་
ཆེན་མོ་”ཟེར་བ་དེའི་ཁག་ཅིག་ཡིན་པ་རེད། མི་རྣམས་ཀྱིས་ཏཱ་ལའི་ཚོགས་ཁག་གི་”དྲག་ཤུགས་”སྤྱད་པ་རེད་ཅེས་པའི་ཁ་རྡུང་ལ་གཡོལ་ཆེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་༼འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་བར་ཕུལ་བའི་ཁྲོམ་བསྒྲགས་ཡི་གེ་༽སྤེལ་ཏེ། ཡང་བསྐྱར་ཞི་བདེ་ལ་དགའ་བ་དང་། དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་ངོ་གདོང་བསྟན། ཁོས་བཤད་རྒྱུར་རང་ཉིད་ཀྱིས་”བོད་པར་ཐུན་མིན་དུ་ཡོད་པའི་ཁྱད་འཕགས་ཀྱི་རིག་གནས་དང་། སྐད་ཆ། ཐོབ་ཐང་”ཉར་འཇོག་བྱེད་འདོད་པ་དེ་ཡིན། ཡིན་ནའང་ལྷ་སའི་དྲག་ཤུགས་དོན་རྐྱེན་ནི་ཁོས་མགོ་ཁྲིད་པའི་”བོད་ལྗོངས་ཡུལ་གྱར་སྲིད་གཞུང་”གི་འདོད་བློ་ལྟར་གཞོན་ནུ་ལྷན་ཚོགས་སོགས་ཁ་བྲལ་སྟོབས་ཤུགས་ཀྱིས་བཟོས་པ་ཡིན། ཨོ་ལིན་ཕིག་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ལ་ཐེ་གཏོགས་བྱས་པའི་དོན་རྐྱེན་རྗེས་སུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཡང་བསྐྱར་རང་ཉིད་པེ་ཅིན་ཨོ་ལིན་ཕིག་འགྲན་ཚོགས་སྟེང་ཞུགས་པའི་འདོད་བློ་བསྟན། ཏཱ་ལའི་བླ་
མའི་རྣམ་འགྱུར་འདི་དག ཀྲུང་དབྱང་སྲིད་གཞུང་གིས་ཀྱང་ལན་གང་མང་སློག་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ལོའུ་ཁི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། “བོད་ལྗོངས་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ང་ཚོ་དང་ཏཱ་ལའི་ཚོགས་ཁག་གི་འགལ་བ་ཡིན་པ་ལས། མི་རིགས་གནད་དོན་དང་། ཆོས་ལུགས་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མ་ཡིན་པར། དེ་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མེས་རྒྱལ་ཁ་བྲལ་གྱི་གནད་དོན་ཡིན་པ་རེད།” ཁོས་ནན་གྱིས་བསྟན་དོན། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་གཉིས་བར་གྱི་གླེང་མོལ་སྒོ་གླེགས་ཕྱེས་ཡོད་པ་དང་། ད་ལྟ་ཕྱོགས་གཉིས་བར་གྱི་ཐུག་འཕྲད་ཀྱི་གེགས་རྐྱེན་དེ་ང་ཚོ་མ་ཡིན་པར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཕྱོགས་རེད། གལ་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་ལྷག་བསམ་རྣམ་དག་ཡོད་ན། བྱ་སྤྱོད་སྟེང་ནས་མངོན་དགོས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཕྱོགས་ནས་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་མཚམས་འཇོག་པ་དང་། དྲག་ཤུགས་དོན་རྐྱེན་ལ་ཇུས་འགོད་ངན་སྐུལ་བྱེད་མཚམས་འཇོག་པ། པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་ལ་གཏོར་བརླག་བྱེད་མཚམས་འཇོག་ན། ང་ཚོས་དུས་ངེས་མེད་དུ་ཁོང་དང་མུ་མཐུད་དུ་ཐུག་འཕྲད་གླེང་མོལ་བྱ་ངེས་ཡིན་ཞེས་བསྟན།
“༣;༡༤”དོན་རྐྱེན་གྱི་རྗེས་སུ། ཀྲུང་དབྱང་སྲིད་གཞུང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་འཐུས་ཚབ་ཀྱིས་ཡང་བསྐྱར་ཐེངས་བཞི་ལ་ཐུག་འཕྲད་གླེང་མོལ་བྱས། ༢༠༠༨/ལོའི་ཟླ་༠༧་པའི་ཐུག་འཕྲད་ཀྱི་དུས་སྐབས་སུ། ཀྲུང་དབྱང་འཐབ་སྒྲིལ་པུའུ་ཡི་འགན་ཁུར་བས་རྒྱལ་ནང་གི་གནས་བབ་ཕྱོགས་ནས་ངོ་སྤྲོད་བྱས་པ་དང་། སྔར་ལས་ཀྲུང་དབྱང་གི་ཏཱ་ལའི་བླ་མའི་སྲིད་ཇུས་གསལ་བཤད་བྱས་ལ། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་བཏོན་པའི་སྲིད་ཇུས་ནི་ཁ་གསལ་གཅིག་གྱུར་ཡིན་པ་དང་། གླེང་མོལ་གྱི་སྒོ་ནམ་ཡང་ཕྱེས་ཡོད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་”རྒྱབ་སྐྱོར་མི་བྱེད་པ་བཞིའི་”བླང་བྱ་བཏོན་པ་དང་། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཚེ་འདིར་ཡོད་དུས་རྒྱལ་ཁབ་དང་། མི་རིགས། བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ལ་ཕན་པ་ལྡན་པའི་བྱ་བ་བསྒྲུབ་དགོས།། །།
༢༠༡༢/༠༧/༢༨/ཉིན་རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་སྤེལ།
བདེན་པ་འདྲ་པོ་ལོབ་འདུག།
རྒྱ་ནག་གཞུང་གིས་བོད་མི་རིགས་ལ་ཁྱད་གསོད་ཀྱི་བྱ་བ་ནམ་ཡང་དོར་མྱོང་མེད། ལྟོས་དང་། ༧གོང་ས་མཆོག་ནི་དགེ་སློང་རྣམ་དག་ཞིག་གི་ཚད་ལ་ཡང་བཞག་མི་འདུག ལྟོས་དང་དང་པོ་སྤྱི་དོན་འདྲ་བཤད་གོ་ས་རེ་རག་ན་དྲག་ཤུགས་བཀོལ་རྐྱང་དང་དམངས་སྒོར་ཟ་རྐྱང་བྱེད་མཁན་ཀྱི་ཏང་གི་འགོ་ཁྲིད་ལྟ་བུ་མི་ཕལ་བ་ཞིག་ཏུ་རྩིས་འདུག རྒྱ་ནག་གཞུང་གི་གཞན་དོན་ཤ་སྟག་བསྒྲུབ་མཁན་གྱི་སྐྱེས་བུ་གཅིག་གྱང་འཛམ་གླིང་སྟེང་བྱུང་མྱོང་མེད་པར་འདོད་པ་ཡིན་ནམ། ཡང་ན་འདི་ཡང་གཞུང་འབྲེལ་གྱིས་རྫུན་བསྒྲགས་ཤིག་གམ།
རྒྱས་ཚོགས་པར་འདིའི་སྟེང་བཤད་སྟངས་འདི་ཧ་ཅང་སེམས་པ་སྐྱོ་བྱེད་རེད་། ད་ཡིན་ན་དབུ་མ་ཚོའི་རྒྱའི་མི་མང་པོ་ཞིག་དང་རྒྱའི་མཁས་བ་ཧང་མང་པོ་ཞིག་གིས་དབུ་མའི་ལངས་ཕྱོཊ་སུ་རྒྱབ་སྐྱོར་ཡང་དག་ཡོད་ཟེར་བ་ཐེངས་གཅིག་མིན་པས་། གུག་ཁྲན་གཞུང་གིས་རྫུན་བཤད་སྟངས་འདི་བུ་རིགས་ལ་རྒྱའི་རྒྱབ་སྐྱོར་དེ་དག་གིས་བདེན་པའི་ལན་ཡང་དག་ཅིག་བཤད་ཐུབ་ན་ཤིན་ཏུ་ནས་གལ་ཆེ་བ་རེད་།
༼ཀྲུང་དབྱང་སྲིད་གཞུང་གིས་སྔར་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སེམས་པ་ཕྱིར་འཁོར་བར་རེ་བ་བཅངས། ༡༩༨༩་ལོའོ་སྟོད་དུ། པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་མྱ་ངན་ལས་འདས་རྗེས། ཏཱ་ལའི་དང་པཎ་ཆེན་རིམ་བྱོན་ཕན་ཚུན་དགེ་སློབ་ཡིན་པའི་ལོ་རྒྱུས་ཀྱི་ཆོས་ལུགས་འབྲེལ་བར་གཞིགས་ནས། ཀྲུང་དབྱང་སྲིད་གཞུང་གི་ཡིད་འཐད་བརྒྱུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཏཱ་ལིའ་བླ་མ་སྐུ་ཕྲེང་བཅུ་བཞི་བ་རྒྱལ་ནང་དུ་ལོག་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་བར་མྱ་ངན་ཞུ་བའི་བྱ་འགུལ་དུ་ཞུགས་པར་གདན་ཞུ་བྱས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཀྲའོ་ཕུ་ཁྲུའུ་ཡིས་སྐུ་དངོས་སུ་གདན་ཞུའི་ཡི་གེ་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་ཚབ་པར་སྤྲད། དེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་ལོ་ངོ་སུམ་ཅུའི་བྲོས་བྱོལ་རྗེས་སུ་རྒྱལ་ནང་གི་ནང་བསྟན་ཁག་གི་མི་སྣར་མཇལ་འཕྲད་གནང་བའི་གོ་སྐབས་བཟང་བོ་འདོན་སྤྲོད་བྱས༽ དེ་དུས་དབུ་མ་ཉམས་ལེན་་་་་་་་གང་འདྲ་ཡིན་ནམ། རྒྱ་ནག་གི་རྫུན་བཤད་ཡིན་ནམ།
རྒྱལ་བ་རིན་པོ་ཆེན་གྱིས་ཡང་དག་པའི་ལམ་སྟོན་དབུས་མའི་ལམ་ལ་
བོད་ཡོང་རྫོགས་ཀྱིས་རྒྱལ་སྐྱོར་ཡང་དག་པ་ཞིག་བྱེད་ཡོད་ན་གནས་ཚུལ་འདི་རིགས་ཡོང་དོན་ཡོད་མ་རེད
གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་དང་གཙོ་བོ་གཞོན་ནུ་ཟེར་བ་འདི་རེད་འགྱོན་རྒྱུ་མེད་པ་ལ་
གཞོན་ནུ་ཚོགས་པ་བོད་རྒྱ་ཞི་བའི་གྲོས་མོ་དེ་བཀག་དབུ་མའི་ལམ་དེ་བཀག་རང་དོན་དེ་ནི་མི་འགྲུབ་
གཞན་དོན་དེ་མེད་པ་བྱེད་།། གཞོན་ནུ་ཚོགས་པ་རང་ཚད་བཟུང་རོགས་་ང་ཚོ་ཚང་མའི་ལམ་ཅིག་ལ་རྟེན་ནས་འགྲོ་ན་
རང་གཞན་གཉིས་ལ་ཕན་པ་ཆེན།། རྒྱལ་བ་རིན་པོ་ཆེ་ལམ་དབུས་མའི་ལམ་ལ་ནོར་འཕྲུལ་རྩ་བ་ནས་ཡོད་མ་རེད་
གང་ལྟར་བོད་གངས་ཅན་ལྗོངས་ལ་ཁོང་ལས་ལམ་སྟོན་གནང་མཁན་ལྷག་ཞིག་ཡོད་མ་རེད་དེ་བསམ་ན་རྡོག་རྩ་གཅིག་སྒྲིལ་བྱེད་ནས་
ཁོང་གིས་ལམ་སྟོན་འོག་ལ་འགྲོ་རོགས་ཞུ། རྒྱལ་བ་རིན་པོ་སྟོན་གནང་བའི་ལམ་དེ་མ་ནོར་མ་འཕྲུལ་བའི་ལམ་རེད་།། ལམ་དེ་ལ་མ་འགྲོ་ན་བོད་ལ་སྐྱིད་པའི་ཉི་མ་ཤར་བའི་དུས་ཡོང་གི་མ་རེད།། དེ་མི་ཡོང་བ་བྱེད་མཁན་བོད་མི་ཡོངས་རྫོགས་སྡུག་ལ་སྦྱོར་མཁན་དེ་གཞོན་ནུ་ཚོགས་པ་རེད་།།
ཀརྨ་སྐལ་བཟང་ལགས་༡༩༨༩ ལོར་ཀྲུང་གོའི་༧གོང་ས་༧མཆོག་གདན་ཞུ་ཕུལ་ཀྱང་མ་ཕེབས་པ་དངོས་ཡོད་རེད། དེ་གཞོན་ནུ་ཚོགས་པས་བཀག་པ་རེད་དམ། དེང་སང་ལམ་དབུ་མ་ཟེར་བ་དེ་རྒྱ་བོད་མཉམ་གནས་བྱེད་རྒྱུ་ཡིན་བོད་རང་བཙན་མིན་ལོག་བཅུག་རོགས། རང་བཙན་ཡིན་ལབ་མཁན་ཤི་གསོན་ཚང་མ་རྫུན་མ་རེད་བླ་མའི་བཀའ་དང་ཀྲུང་གོ་དགོངས་པ་འགལ་གྱི་ཡོད་ཟེར་བཞིན་པ་ལ། དེ་དུས་ལོག་ཤོག་ཟེར་དུས་སུས་བཀག་པ་རེད་དམ་ཧ་མ་གོ་ན་གང་བྱུང་མ་ཤད།
རྒྱ་གཞུང་གི་བྱེད་སྟངས་འདི་དབུ་རང་དབར་གྱི་འཐབ་རྩོད་འདི་རྣོ་ངར་ཇེ་ཆེར་བཏང་སྟེ་བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་བཏང་བའི་ཐབས་བྱུས་ཤིག་ཡིན་མི་སྲིད་པ་མ་རེད། མགོ་མ་འཐོམ་ཞིག་བོད་པ་ཚོ།
དུས་ངན་ ༥༩ ལོར་དམག་སྒར་ལ་གདན་ཞུ་ཕུལ་དུས་༧ གོང་ས་མཆོག་ཕེབས་ཡོད་ན་ད་ཆ་གནས་སྟངས་གང་ལ་སླེབས་མིན་ཤེས་གསལ་རེད། པཎ་ཆེན་སྐུ་གོང་མ་སུས་བཀྲོངས་པ་རེད་དམ། འདི་དྲི་བ་ཆེན་པོ་རེད། ད་ལྟ་ཆུང་སྲིད་གང་དུ་ཡོད། འདི་འདྲའི་ཡ་ང་ཐབས་སྐྱོ། མ་རབས་ཐ་ཆད་ཀུན་འགལ་རིང་ལུགས་པར་ཡིད་ཆེས་ཕར་བཞག་རྩིས་མཐོང་ཙམ་ཇི་ལྟར་འཇོག་གམ།
གལ་སྲིད་ཏཱ་ལའི་བླ་མ་ནང་བཞིན་བླ་ན་མེད་པའི་དབུ་ཁྲིད་མེད་ན། ཟིང་ཆ་དེ་བས་ཆེ་བ་ཆགས་སྲིད།
བྱམས་བརྩེའི་བདག་ཉིད་ཁོང་ནས། གཞན་ཕན། སྙིང་རྗེ། འཚེ་མེད་སྐོར་མ་གསུང་ན། དམག་དོན་དྲག་སྤྱོད་སྐོར་ཇི་ལྟར་གསུང་བབ་བམ། འདི་ཁོང་གི་འོས་འགན་གཡོལ་དུ་མེད་པ། སྙིང་རྗེ་ཉམས་ལེན་བཞེས་རྒྱུ་དེ་སྐྱེ་བ་ནས་སྐྱེ་བ་གནང་གི་རེད།
དེ་ཡང་། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་དེ་སྲིད་གནས་གྱུར་པ།།དེ་སྲིད་བདག་ནི་གནས་འགྱུར་ནས། །འགྲོ་བའི་ས྄ུག་བསྔལ་སེལ་བར་ཤོག །ཅེས་ཐུགས་སྨོན་མཛད་པའི་རྒྱལ་སྲས་སྙིང་སྟོབས་ཆེན་པོ་ཞིག་མ་ཡིན་ནམ།
རྒྱའི་འགོ་དཔོན་ཞིག་ནས་CNN འདྲི་ཞིབ་སྐབས། ཏཱ་ལའི་བླ་མས་ཆོས་རྐྱང་བཤད་ཀྱི་འདུག་མདོག་མདོག་བཤད་པ་དེ།
ཆོས་པས་ཆོས་མ་བཤད་ན། ཆང་རག་སྐོར་བཤད་དགོས་སམ།
ལར་ནས་༧གོང་ས་མཆོག་རྒྱལ་ཁབ་གཞན་གྱིས་གདན་ཞུར་ཐབས་བརྒྱས་བཀག་འགོག་བྱས་ན། བཙན་དབང་དུ་ཡོད་པའི་གནས་བབ་འོག་གདན་ཞུའི་རྒྱབ་ལྗོངས་དེ་ཆ་མི་འཚལ།
བོད་མིའི་ནང་དང་ལྷག་པར་ཕྱིར་གྱར་བོད་མི་ནང་ནས་༧གོང་ས་མཆོག་གིས་རང་བཙན་གཙང་མ་མིན་པར་དབུ་མའི་ལམ་ལ་ཕེབས་པར་དགག་པ་སྐྱོན་བརྗོད་ཡོད་ན། ད་དུང་ཁ་གཡར་ཏེ་སྐད་ཆ་རྙིང་པ་རྐྱང་བཤད་པ་དགོས་དོན་མེད། དེར་བརྟེན་ཁ་བྲལ་རིང་ལུགས་པ་སུ་ཡིན་མིན་ཞིབ་དཔྱོད་གནང་དགོས།
ཨ་རི་རྩོམ་མཁས་སྐུ་ཞབས་ Sam ནས་བོད་ཀྱི་ནང་ཆོས་དེ་དངོས་གནས་འཚེ་བ་མེད་པ་ཡིན་ཆོག་ གང་ལགས་ན། རྒྱའི་གདུག་རྩུབ་མནར་གཅོད་འོག་ཞི་རྒོལ་མ་གཏོགས་དྲག་རྒོལ་གཏོར་བཅོམ་བྱེད་ཀྱི་མེད་པ་རེད།
ཉེས་མེད་པཎ་ཆེན་ཆུང་སྲིད་མཆོག་གློད་གྲོལ་བྱས། བོད་ནང་གཞི་རྩའི་རང་དབང་གདེང་འཁེལ་ཁག་ཐེག་ཡོད་ན། དེ་ནས་༧གོང་ས་མཆོག་གདན་ཞུ་བྱ་ཆོག་གི་རེད། མུ་མཐུད་འགོད་ཆོག་པ་ཞུ།
རྨ་ལྷོ་ཁུལ་ནས་ཉེན་རྟོགས་པ་ཀརྨ་སྐལ་བཟང་ཟེར་བ་ཞིག་བཙན་བྱོལ་རང་དབང་ལུང་པར་སླེབས་ནས་གཞོན་ནུ་ཚོགས་པར་རྒོལ་གཏམ་བཏང་འདུག་ག། བྱས་ཙང་བཙན་བྱོལ་རང་དབང་ལུང་པར་ཁྱོད་ཀྱི་རྒོལ་གཏམ་བེད་མེད་རེད་ལ་དོན་དངོས་ཀྱི་སྡུག་ཚོད་ཁྱོད་རང་བཟུངས་དགོས་འདུག།
སེམས་གཅིག་བློ་ལམ་གཅིག་མི་རིགས་གཅིག་རྩ་དོན་གཅིག་དམིགས་ཡུལ་གཅིག་
སྲིད་སྐྱོང་གཅིག་༡གོངས་ས་མཆོག་གཅིག་ཚང་མའི་རྡོག་རྩ་གཅིག་སྒྲིལ་བྱེད་པ་ཡིན་
དོན་ཞིང་འགྲུབ་པ་ཐེ་ཚོམ་མེད་། །
ང་ཚོས༧སྐྱབས་མགོན་རིན་པོ་ཆེ་ཕྱིར་ཕེབ་པ་ལ་ཆ་སྐྱེན་ཅིག་བཏོན་ཡོད་པ་རེད། དེ་རྒྱ་རྒན་སང་གི་གང་ཡང་ཁས་མ་བླང་བར་༧ཏ་ལའི་བླ་མ་ཕྱིར་ཡོང་བ་ལ་དགོ་ཕྱེ་ནས་ཡོད་ཟེར་བ་དང་གྲོས་མོལ་བྱེད་ཆོག་ཆོག་ཡོད་ཟེར་བ་སོགས་འདྲ་ཆག་ཆག་མང་པོ་བཤད་པ་ནི་འགོ་བདེ་དྲན་འཕྲུལ་དང་ནང་དཀྲུག་གཡོ་འཕྲུལ་ཞིག་ཡིན་པར་གཞན་གྱིས་ཚིག་རྗེས་འབྲང་ནས་རང་ཉིད་འགོ་འཐོམ་ནས་བསྡད་པའི་བླུན་པོ་ཞིག་མ་གཏོགས་སུས་ཀྱང་ཤེས་པ་ཞིག་རེད། གལ་དེ་རྒྱ་མའི་རེ་སྨོན་ལྟར་༧གོང་ས་མཆོག་གྲོས་མོལ་གྱི་ལམ་ནས་བོད་རང་དབང་སོགས་གྱིས་འགྱུར་བ་གང་ཡང་མ་བཏང་བར་ཕྱིར་རྒྱ་མིས་འོག་སྡུག་གྱོང་མནར་གཅོད་མྱོང་བ་ལ་ང་ཚོ་ལོག་འདོད་ཡོད་ན་ང་ཚོས་དེ་འདྲའི་དཀའ་ལས་རྒྱབ་དགོས་དོན་ཅི་ཡོད། ད་ནི་དགྲ་བོས་གཡོ་རྒྱུའི་གཏམ་དེ་རྣམས་ལ་ལན་གཅིག་གཅིག་གཉིས་གཉིས་བྱས་ནས་ངེས་པར་རྒྱབ་དགོས་པར་འདུག་མ་གཏོགས་གྱོང་སྒུད་ཡོད་ཚད་རང་གི་མྱོང་བཞིན། རང་གི་ཡོད་ཚད་དགྲ་བོའི་སྤྱོད་པའི་སྐབས་འདིར་ལན་ཡོད་ན་ཁ་གཏུགས་རྒྱབ་དགོས་པ་ལ། དྲང་སྲོང་བཟོད་པར་སྨྲ་བའི་ངང་ཚུལ་བཟོང་ནས། ལན་མ་བརྒྱབ་པ་དེ་ལན་ཡིན་ཟེར་ནས་བསྡད་ན། རང་ཉིད་ལྷ་རུ་མཐོང་བ་རང་ཁོ་ན་མ་གཏོགས་མེད་པས། བོད་དོན་རྒྱབ་སྐྱོར་བ་དང། ཕྱི་ནང་གི་རྒྱལ་ཁབ་ཚང་མའི་མདུན་ནས་དགྲ་ལ་བདེན་ཁ་ཐོབ་སོང་བ་ལྟ་བུར་སྣང་བས། དེ་ལྟར་ན་ང་ཚོས་དྲག་པོའི་དམགས་གིས་རྒོལ་ལན་མ་ཐུབ་ན་ཡང་བདེན་པའི་ཚིག་གི་རྒོལ་ལན་ནི་ངེས་པར་བརྒྱབ་དགོས་པར་སྣང།
༡༽ ཏཱ་ལའི་བླ་མ་རྒྱལ་ནང་དུ་ལོག་མི་ཐུབ་པ་ནི་གསལ་པོ་རེད། དེ་ལ་རྒྱུ་མཚན། དགག་བྱ། དགོས་པ་བཅས་ཡོད་པས་སོ།།
དེ་ཡང་ཏཱ་ལའི་བླ་མ་མཆོག་ནི། ནང་བསྟན་གྱི་བདག་པོ། ཆོས་ཀྱི་བླ་མ། སེམས་ཅན་ལ་སྙིང་བརྩེ་ཅན། འཚེ་མེད་ཞི་བར་ཐུགས་གཞོལ་བས་སོ།། ནང་བསྟན་དམ་ཆོས་བཤད་པའི་རང་དབང་མེད་ན། ཏཱ་ལའི་བླ་མ་བོད་ལ་དགོས་པ་མེད་པ་དང་། ཏང་གིས་ཆོས་ལུགས་པར་དགྲར་བལྟས། ཆོས་ལ་དུག་ཏུ་བལྟ་ཞིང་། ཁ་ཚིག་ལ་བོད་བརྒྱུད་ནང་བསྟན་དེ་མེས་རྒྱལ་རིག་གནས་བང་མཛོད་ནང་གི་གཅེས་ནོར་ཡིན་ལབ་བཞིན། དོན་ལ་བོད་པའི་སྐད་ཡིག་དང་ཆོས་ལ་ཆེད་གཉེར་མཐོང་ཆུང་དང་། མ་ཟད་རྩར་མེད་བཟོ་ངན་བཅངས་ཡོད་པས་སོ།། རིམ་པས་འགོད་ཆོག་པར་ཞུ།
རིགས ལྡན་རྒྱལ་པོ་ལགས་ནས་མུ་མཐུད་དུ་འབྲི་རོགས་ཞུ་རྒྱུ་ཡིན།
བསམ་བློ་བ་ཞིག་ཡིན་པའི་ཚོར་སྣང་བྱུང་།
མཆན་འདོགས་མཁན་རྣམ་པས་བསམ་བློ་ཞིབ་ཚགས་པོ་བཏང་ནས་མཆན་འདོགས་རྒྱུ་གལ་ཆེན་པོ་རེད།
དེ་ལྟར་མིན་པར་གཞན་ལ་ཕྲག་དོག་དང་འཁོན་འཛིན་ད་དུང་སྡང་སེམས་ཀྱིས་ཀུན་ནས་བསླང་སྟེ་བྲིས་ན་ཕན་ཐོག་གང་ཡང་མེད།
མཆན་དང་པོ་འབྲི་མཁན་བློ་ཚེ་ཟེར་བ་འདི།
མི་ཞིག་གིས་བསམ་བློ་སྒྱུར་ཆོག་ཆོག་ཡིན་པ་ཤེས་ཐུབ།
༧གོང་ས་མཆོག་བོད་ལ་ཕེབས་མ་ཐུབ་པ་ནི། སྔོན་འགྲོའི་ཆ་རྐྱེན་འོག་ལོ་རྒྱུས་ཀྱི་བདེན་པ་ལ་རྫུན་དུ་ཁས་ཆེས་དགོས་པ། (བོད་འདི་ལོ་རྒྱུས་ཐོག་རྒྱ་ཁོངས་ཡིན་པ་) དགག་བྱ་དགོས་པ་རྒྱུ་མཚན་དུ་མར࿒གཟིགས་ནས་དབུ་མའི་ལམ་ཐོག་ཕེབས་པ་ལས་ལོ་རྒྱུས་ནི་བསུབ་ཐབས་མེད། བོད་བོད་ཡུལ་ནས་སྐྱིད། རྒྱ་རྒྱ་ཡུལ་ནས་སྐྱིད། ཅེས་རྡོ་བོར་བརྐོས་པའི་རིས་མོ་ལས་ཆུ་བོར་བྲིས་པའི་རིས་མོ་མིན།
འདིར་སྙིང་དོན་ཞིག་ལ། ཏང་ནས་དབུ་མའི་ལམ་གྱི་སྲིད་ཇུས་མཇལ་མྱོང་ཡོད་ན། གོང་གི་རྒོལ་དུ་མས་ལན་ཡུག་གཅིག་ལ་ཐེབས་ཐུབ་རུང་། འོན་ཀྱང་དེ་ལ་མ་གཟིགས་པའམ་གཟིགས་ཀྱང་མ་གཟིགས་ཚུལ་གནང་བ་གང་ཡིན་མི་ཤེས། དངོས་གནས་སེམས་འཁུར་དང་འགན་ཐེག་གི་གྲོས་མོལ་ཞི་ཐབས་གནང་བློ་ཡོད་ན། དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་ནས་གང་ཞིག་གང་ལ་གང་དུའང་གྲ་སྒྲིག་ཡོད་ཅེས་གསུངས་ན། དེ་ལ་ཡ་ལན་གོ་བརྡ་མ་འཕྲོད་པའི་རྐྱེན་རྩ་ཅི་ཞིག་གམ།
ཆོས་རྒྱལ་དང་བདུད་རྒྱལ། བླ་མ་དང་ཆོས་སྡེ། སྒེར་ཚུགས་དང་གཅིག་སྡུད་རྒྱལ་སྐྱོང་ཡལ་ནས། དུས་རབས་ཁ་ལོ་བསྟུན་མང་གཙོའི་ལམ་ནས་མདུན་བསྐྱོད་ཆེན་པོ་གནང࿒གིན་ཡོད། བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ། སྲིད་དབང་སྲིད་སྐྱོང་མི་མང་ནས་འདེམས་པར་བསྐུར་ནས་ཆོས་ཙམ་གྱི་རྒྱལ་པོར་མངའ་གསོལ་བ་མངོན་སུམ་ལ་སྨྱོན་ན་མགཏོགས་མཐོང་གསལ་རེད།
གཞོན་སྐྱེས་ཁག་གཅིག་གི་མངོན་འདོད་རང་བཙན་རེད་མ་གཏོགས་དབུ་མའི་ལམ་རང་སྒང་ལ་བསྐྱོད་བཞིན་ཡོད་པ་༧གོང་ས་ཏཱ་ལའི་བླ་མའི་དགོངས་བཞེད་ལ་འགྱུར་བ་མེད་པ་གསལ་པོ་ཡིན་བཞིན་དུ། ཡས་ཡས་མས་མས་བཤད་ནས་ངན་ཇུས་ངན་སེམས་ལམ་ལྷོང་ཡོང་བའི་རྨི་ལམ་དེ་བསྒྲུབ་པར་དཀའ།
ཡང་༧གོང་ས་མཆོག་ནས་རྒྱལ་སྤྱིར་མཛད་འཕྲིན་རྒྱས་པ་དང་། དེ་དང་དུས་མཚུངས་མང་པོ་ཞིག་སྙིང་ནས་ཁོང་ལ་གུས་འདུད་ཞུ་གི་ཡོད། མ་ཟད་ནུབ་ཕྱོགས་མང་ཆེ་བས་བོད་ཀྱི་ཆོས་རིག་ལ་དོ་སྣང་བྱས་པ་ལས་སྲིད་ཐོག་སྣང་མེད་རང་རེད། ཆོས་ལུགས་མང་པོའི་ནང་ནས་བོད་ཀྱི་ནང་ཆོས་གཞི་བདེན་པ་ལ་བརྟེན་རིགས་ཚུལ་ཟབ་མོས་བཅིངས་པའི་རྣམ་གཞག་ཡིན་ཙང་། ཚན་རིག་པ་དང་གདན་ཐོབ་པའི་བགྲོ་གླེང་ལོ་རྒྱུས་ཅན་ཉེ་ཆར་རྒྱ་གར་དུ་ཚོགས་པ་རེད། དེ་དང་དེ་མཐུན་རྒྱུ་མཚན་དུ་མའི་འོག་༧གོང་ས་མཆོག་ལ་ཚོགས་སྡེ། ཆེས་མཐོའི་སློབ་གཉེར་ཁང་མདོར་ན་སྤྱི་སྒེར་མང་པོས་ཕྱག་འཁྱེར། གཟེངས་རྟགས་འབུལ་བཞེས་ཀྱིས་འཛམ་གླིང་འདི་ཞི་བདེར་འ྄ཁྲིད་པའི་བླ་ན་མེད་པའི་སྐྱེས་ཆེན་མངའ་གསོལ་བ་ལས་སྲིད་དོན་སྤྲེལ་སླད་རང་མིན། རྣམ་དཔྱོད་ཡངས་པའི་མཁས་ཚོགས་སུ་འཛམ་གླིང་སྤྱི་འགན་དང་སྙིང་རྗེའི་ནུས་སྟོབས་སོགས་ཀྱི་གཏམ་གྱི་བགྲོ་བ་མཛད་ནས་རེ་དོགས་མང་པོ་སེལ་བའི་བདུད་རྩིའི་བཀའ་ལ་ཆེ་མཐོང་མཐོན་པོར་བསྙེགས་ཡོད། དེར་བརྟེན་ནོ་ཝེལ་ཞི་བདེའི་གཟེངས་རྟགས། འགྲོ་བ་མིའི་ཐོབ་ཐང་སྲུང་མཁན་ཞིག་ལ་རྩིས་འཇོག་ཞུས་ཡོད། མདོར་ན་མི་ལ་བརྟེན་པའི་གོད་ཆག་གི་རྩ་བ་དེ་ཆོས་ལུགས་མཐུན་འབྲེལ་དང་འགྲོ་བ་མིའི་རྨང་གཞིའི་གནད་དོན་ཁོང་དུ་མ་ཆུད་པར་གཙོ་བོར་རག་ལུས་པས། དེ་གཉིས་གཙོ་འགན་བཞེས་ནས་མཛད་འཕྲིན་སྐྱོང་མུས་ཡིན་པས་ཁོང་ནས་ལམ་སྟོན་ཞུ་ཐུབ་མོད། རྩིས་འཇོག་ཙམ་བྱེད་མ་ཐུབ་གང་ལ་ཐུག་མིན་མ་ཤེས་སོ།།
ང་ཚོས་དོ་དུས་རྒྱུན་དུ་དོལ་རྒྱལ་ཚོག་པ་དང་བོད་རིགས་ཁག་གཅིག་རྒྱ་གུང་ཁྲན་གྱི་རྒྱུག་ཁྱི་རེད་ལོབ་ཀྱི་ཡོད་རེད། ཁོང་ཚོས་༧་རྒྱལ་བ་རིན་པོ་ཆེ་དང་གཙན་བྱོལ་བ་ཁག་ཅིག་ནུབ་ཕྱོགས་མགོ་སེར་པོ་ཚོའི་རྒྱུག་ཁྱི་རེད་ལོབ་ཀྱིན་པ་རེད།
ང་ཚོས་དོ་དུས་རྒྱུན་དུ་དོལ་རྒྱལ་ཚོག་པ་དང་བོད་རིགས་ཁག་གཅིག་རྒྱ་གུང་ཁྲན་གྱི་རྒྱུག་ཁྱི་རེད་ལོབ་ཀྱི་ཡོད་རེད། ཁོང་ཚོས་༧་རྒྱལ་བ་རིན་པོ་ཆེ་དང་གཙན་བྱོལ་བ་ཁག་ཅིག་ནུབ་ཕྱོགས་མགོ་སེར་པོ་ཚོའི་རྒྱུག་ཁྱི་རེད་ལོབ་ཀྱིན་པ་རེད།
ང་ཚོས་དེ་ཚོའི་སྐོར་ལ་ལན་ཡག་པོ་ཞིག་དང་འབྲེལ་བཤད་བྱས་ན་གལ་གནད་ཆེ།
ད་ལན་དམར་པོ་ཚང་གིས་རྒྱུ་གཏན་བེད་སྤྱད་བཞིན་མ་བྱས་པར། ཏ་ལའི་བླ་མ་ཞེས་བྲིས་འདུག་ཅུང་ཙམ་རྣམ་འགྱུར་བསྟན་འདུག་
གཞོན་ནུ་ལྷན་ཚོགས་ནི་གཞུང་འབྲེལ་མ་ཡིན་ཚོགས་པ་ཞིག་རེད། ལྷ་སའི་དོན་རྐྱེན་ནང་ཁོང་ཚོའི་ངན་སྐུལ་བྱས་པའི་དཔང་རྟགས་གང་ཡོད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞོན་ནུར་ངན་ཇུས་བྱས་པའི་དཔང་རྟགས་ཅི་ཡོད་དམ།
ང་ཚོ་གངས་ཅན་ཆོས་ལྡན་ཞིང་ཁམས་ཞེས། སྙིང་རྗེའི་རྩ་བ་ཅན་གྱིས་རིགས་པ་དང་དད་པ་ཟུང་དུ་འབྲེལ་ནས། གཞི་བདེན་པའི་ཐོག་ནས་ལམ་དང་འབྲས་བུའི་ཆོས་ཚུལ་ཟབ་མོར་མོས་མཁན་ཞིག་ཡིན་ལ། ང་ཚོའི་སྤྱི་བོར་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས་རྟག་ཏུ་བཀུར་ཞིང་། ཁོང་གིས་དེ་འདྲའི་ཆོས་ཚུལ་ཟབ་མོ་དེ་མ་གསུང་ན་སྐབས་དོན་སྟོར་བ་ཡིན། ང་ཚོ་ནི་ཕྱི་ལུས་ལས་ནང་སེམས། ཕྱི་དངོས་པོ་ལས་ནང་སེམས་ཀྱི་རིག་གཞུང་གལ་ཆེན་དུ་བཞག་ནས་སླེབས་པའི་མི་རབས་ཚ་བརྒྱུད་ཅིག་རེད། ཏང་དངོས་བོད་ཐོག་འགན་བཞེས་གནང་གི་ཡོད་ན། གནད་དོན་མཁྱེན་དགོས་པ་སྐབས་བབ་དོན་ཆེན་ལགས།།
༧གོང་ས་མཆོག་ཉིད་ནས་གསུང་ན་ན་སྐད་གསང་མཐོན་པོའི་བོད་ཀྱི་འཐབ་རྩོད་ནི། ཏཱ་ལའི་བླ་མ་དང་ཚོགས་སྒེར་གྱི་འ྄ཐབ་རྩོད་ནམ་ཡང་མིན་པ་གསལ་པོར་མིག་ཕྱེས་གནང་ཡོད། ཏང་མཁྱེན་རྒྱ་ཆེན་པོ་ཡིན་ཙང་ཁོང་གི་བཀའ་སློབ་གསུང་བཤད་བསྒྲགས་གཏམ་ཡོད་དོ་གཟིགས་ན་གསལ་ཐིང་མཁྱེན་ངེས་རེད། སྐུ་ཕྲེང་བཅི་བཞི་པ་ཆེན་པོ་མ་འ྄ཁྲུངས་གོང་ནས་འཐབ་རྩོད་འདི་ཡོད་ལ། མ་འོངས་པ་མུ་མཐུད་ནས་གནས་ཐག་ཆོད་པ་རེད། ང་ཚོ་མི་རབས་ནས་མི་རབས། སྐྱེ་བ་ནས་སྐྱེ་བ་ཟམ་མ་ཆད་པར་འཐབ་རྩོད་འདི་རྒྱུན་མཐུད་ཀྱི་འབྲེལ་ཐག་སུས་ཀྱང་བཅད་མི་ཐུབ། སེམས་ཕུགས་ཀྱི་སྙིང་སྟོབས་དེ་ཞུམ་འཁུམས་བྱུང་ན་མ་གཏོགས་གཡོ་མི་ནུས་པས་ཡིན།
བརྒྱ་ཆ་བརྒྱ་ཐམ་པ་ཐག་བཅད་ནས་ནེམ་ནུར་མེད་པར་བཤད་ཐུབ་པ་ནི། བོད་ཀྱི་འཐབ་རྩོད་འདི་བོད་མི་རིགས་ཀྱི་འཐབ་རྩོད་དང་བོད་རྒྱལ་ཁབ་ཀྱི་འཐབ་རྩོད་ཡིན་པ་དེ་རེད། རྣལ་འབྱོར་སྤྱོད་ལ་བརྩོན་པའི་ཤཱཀྱའི་དགེ་སྦྱོང་ཁོང་ལ་སེམས་ཅན་གྱི་དོན་དང་སྡོམ་ཁྲིམས་སྲུང་རྒྱུ་ལྷག་དོན་གང་ཡང་མེད་པ་གསལ་པོ་རེད། གང་ཉིད་ནས་ང་མཐོ་ན་དམའ་ན་དགེ་སློང་གཉོམ་ཆུང་ཞིག་ཏུ་གཟིམ་ལམ་ཚུན་ཆད་དུ་འཁོར་གྱི་ཡོད་གསུང་མུས་རེད། ཁོང་ནི་ང་ཚོ་བོད་མི་ཚོ་འདི་འདྲའི་ཡ་ངའི་མནར་གཅོད་དཀའ་སྡུག་ལས་ཐར་ཐབས་དང་། མ་ཤེས་རྨོངས་ཤིང་ཞེ་སྡང་གིས་ལས་ངན་སྡིག་ཆེན་ལ་དམིགས་པའི་སྙིང་རྗེའི་སྟོབས་ལས། དབུ་མའི་ལམ་གྱིས་ཐབས་ཇུས་སྲོལ་བཏོད་མཛད་པའི་གཞིར། བོད་ཕྲུག་ཚོར་ཤེས་ཡོན་ཐོབ་གལ་དུ་གཟིགས་པ་སོགས་སྐུ་ངལ་གྱི་ལ་ལུང་མང་པོ་བརྒལ་ནས་ད་ཆ་མི་མང་གིས་འོས་པའི་མང་གཙོའི་གཞུང་བཙུགས་ནས་ཡོད་པ་མ་གཟིགས་སམ། བོད་པ་ཚོས་(རྒྱལ་བ་རིན་པོ་ཆེས་མང་གཙོ་གསོལ་རས་གནང་)ཞེས་དགའ་པོ་བྱེད་ཀྱི་ཡོད། རྒྱལ་བ་རིན་པོ་ཆེ་སྲིད་ཁྲི་ནས་རྒན་ཡོལ་དང་རིམས་གྱིས་ད་ཆ་མར་བབ་ནས་སྐུ་སྒེར་རང་གནང་ནས་བཞུགས་ཡོད། གང་ཉིད་བླ་མེད་དབུ་ཁྲིད་གནང་སྐབས་བོད་དོན་བོད་པ་མི་རེ་ངོ་རེའི་ཕྲག་པར་བབ་པའི་ལས་འགན་རེད་ཅེས་ཡང་ཡང་གསུང་མཁན་ཞིག་གིས་ད་ཆ་བོད་དོན་དང་ཡོངས་སུ་བྲལ་ན་བོད་པ་ཞིག་གི་འོས་འགན་ཡང་མ་སྒྲུབ་པ་རེད། དེར་བརྟེན་ཁོང་གི་སྙིང་སྟོབས་ནི་ནམ་ཡང་ཞུམ་མེད་ལ་སུས་ཀྱང་གཞོམ་པར་ག་ལ་ནུས།
བོད་ཀྱིས་གནས་གཏང་འདི་འདྲ་ཆགས་དགོས་དོན་དེ་གཞོན་ནུ་ཚོགས་པའི་བྱེད་པ་རེད་འགྱོན་རྒྱུ་མེད་པ་ཡར་དཀྲུགས་མར་དཀྲུགས་བྱེད་། ག་སྲིད་གཞོན་ནུ་ཚོགས་པ་ཟེར་བ་དེ་མེད་པ་ཡིན་སྐད་ཆ་འདི་འདྲ་ཡོང་དོན་མེད་ལ་ང་ཚོས་བོད་པ་ཚང་མ་བོད་ལ་ལོགས་རང་སྲིད་རང་སྐྱོང་བྱེད་རང་གིས་རིགས་གཞུང་རང་གིས་བདག་པོ་བྱེད་ ་༡ གོངས་ས་སྐྱབས་མགོན་ཆེན་པོ་ནོར་བུ་གླིང་ཁ་ལ་གཞུག་མི་རིགས་ཡར་རྒྱས་འཚོལ་བ་ཡར་རྒྱས་རིགས་གཞུང་ཡར་རྒྱས་གཏང་བོད་རིགས་ཡོང་རྫོགས་བདེ་སྐྱིད་ཀྱིས་དཔལ་དཔལ་རོལ་བཞིན་ཡོད་པ་ཐེ་ཚོམ་མེད་།
་་་་ ག་སྲིད་གཞོན་ནུ་ཚོགས་པ་ཟེར་བ་དེ་མེད་པ་ཡིན་སྐད་ཆ་འདི་འདྲ་ཡོང་དོན་མེད་ལ་ང་ཚོས་བོད་པ་ཚང་མ་བོད་ལ་ལོགས་རང་སྲིད་རང་སྐྱོང་བྱེད་རང་གིས་རིགས་གཞུང་རང་གིས་བདག་པོ་བྱེད་ ་༡ གོངས་ས་སྐྱབས་མགོན་ཆེན་པོ་ནོར་བུ་གླིང་ཁ་ལ་གཞུག་མི་རིགས་ཡར་རྒྱས་འཚོལ་བ་ཡར་རྒྱས་རིགས་གཞུང་ཡར་རྒྱས་གཏང་བོད་རིགས་ཡོང་རྫོགས་བདེ་སྐྱིད་ཀྱིས་དཔལ་དཔལ་རོལ་བཞིན་ཡོད་པ་ཐེ་ཚོམ་མེད་། ཟེར།