མཁོ་འདོན་པ། བསོད་ནམས།
ཅི་ཞིག་ལ་”བོད་ཀྱི་ན་གཞོན་ཚོགས་པ་ནི་དྲག་ཤུགས་ནས་འཇིགས་སྐུལ་གྱི་ཕྱོགས་སུ་འགྲོ་བའི་”བོད་སྒེར་ཚུགས་ཀྱི་མྱུར་སྐྱོད་གདོང་ལེན་པ་རེད་ཟེར་བ་ཡིན།
གོང་དུ་ཕྱོགས་བསྡུས་ཀྱིས་གསལ་བཤད་བྱས་པ་འདིས། “བོད་ཀྱི་ན་གཞོན་ཚོགས་པར་”འཇིགས་སྐུལ་རྩ་འཛུགས་ཀྱི་གཞི་རྩའི་ཁྱད་ཆོས་ལྡན་པས། མི་རིགས་ཀྱི་སྤྱི་དགྲ་རུ་གྱུར་ལ། ངེས་པར་དུ་བློ་ཐག་རྦད་ཆོད་སྒོས་རྡུང་རྡེག་བྱེད་དགོས། དུས་ཡུན་རིང་བོར། ང་ཚོས་ཏཱ་ལའི་ཚོགས་པ་དང་འཐབ་རྩོད་བྱེད་པའི་ཁྲོད། ལས་བྱེད་པ་དང་མང་ཚོགས་སྐོར་ཞིག་གི་བསམ་པར། “བོད་ཀྱི་ན་གཞོན་ཚོགས་པ་”ནི་”བོད་ཀྱི་ན་གཞོན་ཚོགས་པ་”ཡིན་པ་དང་། ཁོ་ཚོས་རྩ་འཛུགས་སྒོས་བཟོས་པའི་དྲག་ཤུགས་དང་འཇིགས་སྐུལ་གྱི་དོན་རྐྱེན་དེ་དག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་འབྲེལ་བ་མེད་པར་འདོད། དེ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན་ལ། ཏཱ་ལའི་ཚོགས་ཁག་གི་”ངོ་བོ་གཉིས་ལྡན་རང་བཞིན་”གྱི་བསླུ་བྲིད་ཀྱིས་མགོ་སྐོར་ཐེབས་པ་རེད། འོ་ན་”བོད་ཀྱི་ན་གཞོན་ཚོགས་པ་”དོན་ངོ་མར་ཇི་འདྲའི་ཚོགས་པ་ཞིག་ཡིན། ཁོ་ཚོ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་བར་ཇི་འདྲའི་འབྲེལ་བ་ཞིག་ཡོད་དམ། “བོད་ཀྱི་ན་གཞོན་ཚོགས་པའི་”མིང་ཆ་ཚང་ལ་”བོད་ལྗོངས་ན་གཞོན་ཚོགས་ཆེན་”ཟེར་ལ། བོད་སྒེར་ཚུགས་ཀྱི་དྲག་སྐྱོད་སྟོབས་ཤུགས་ཁྲོད་ཤུགས་རྐྱེན་ནུས་པ་ཆེས་ཆེ་བའི་རྩ་འཛུགས་ཤིག་རེད། དུས་རབས་སྔོན་མའི་ལོ་རབས་༧༠/བར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཕྱི་རྒྱལ་དུ་ཡུལ་འཁྱམས་ནས་ལོ་ངོ་བཅུ་ལྷག་འགོར་ཡང་”སྒེར་ཚུགས་”ལ་རེ་བ་མེད་པ་རེད། “ཡུལ་གྱར་བོད་མིའི་”ཁྲོད་ཀྱི་ན་གཞོན་སྐོར་ཞིག་སུན་སྣང་སྐྱེས་པ་དང་ཉོབ་ཏོ་རུ་འགྲོ་མགོ་ཚུགས་པ་དང་། ཐ་ན་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རྒྱན་ཆས་ལ་སྤྲོ་སྣང་མེད་པའི་སྣང་ཚུལ་བྱུང་།
གནས་ཚུལ་འདི་འདྲའི་འོག ༡༩༧༠/ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་། “ཡུལ་གྱར་སྲིད་གཞུང་”གི་མི་སྣ་གཙོ་བོ་ཚོགས་ཆེན་སྟེང་ཞུགས་པ་མ་ཟད། ད་དུང་བོད་མིར་”ཆོད་སེམས་དང་དཔའ་ངར་དགོས་པ་”དང་”བོད་ལྗོངས་སྒེར་ཚུགས་”ཀྱི་དམིགས་འབེན་དོན་གཉེར་མངོན་འགྱུར་བྱ་དགོས་པའི་སྐུལ་སློང་བྱས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བབཞི་བས་གོ་སྐབས་འདི་བེད་སྤྱད་ནས་ལོ་རྒྱུས་སྟེང་ཆགས་པའི་སཾ་ཾོཁོངས་ཀྱི་དབྱེ་མཚམས་དང་གྲུབ་མཐའི་འགལ་བ་མེད་པར་བཟོས་ནས། “ཡུལ་གྱར་བོད་མིའི་”ཁྲོད་ཀྱི་ན་གཞོན་རྩ་འཛུགས་བྱས་ཏེ། “བོད་སྒེར་ཚུགས་ལས་དོན་”ཆེད་”རྒྱུད་འཛིན་མཁན་”གསོ་སྐྱོང་བྱེད་པར་འདོད། “བོད་ཀྱི་ན་གཞོན་ཚོགས་པའི་”སྒྲིག་ཡིག་དོན་ཚན་༤/བའི་ནང་། “བོད་སྒེར་ཚུགས་”ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད། འགུལ་སྐྱོད་རྒྱ་ཁྱབ་ཏུ་སྤེལ་དགོས་པ་དང་ཚེ་སྲོག་ཤོར་ཡང་ཕངས་པ་ཡོད་མི་རུང་ཞེས་བཀོད་ཡོད། “བོད་ཀྱི་ན་གཞོན་ཚོགས་པ་”བཙུགས་རྗེས་”ཡུལ་གྱར་བོད་མི་”འདུས་སྡོད་བྱ་ས་གཙོ་བོ་ཨེ་ཤ་ཡ་ལྷོ་མ་དང་ཡོ་རོབ་གླིང་དུ་མགྱོགས་མྱུར་ངང་ཡན་ལག་ལས་ཁུངས་བཙུགས། དུསརབས་སྔོན་མའི་ལོ་རབས་༨༠/བའི་རྗེས་སུ། ཏཱ་ལའི་ཚོགས་ཁག་གི་སྐུལ་འདེད་འོག་”བོད་ཀྱི་ན་གཞོན་ཚོགས་པ་”མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་དུས་ལ་ཕྱིན། ད་ལྟ་ཡན་ལག་ཚོགས་པ་༨༡/ཡོད་པ་དང་། མི་སྣ་ཁྲི་༣/ལྷག་ལ་བསླེབས་ལ། འཛམ་གླིང་གི་ས་ཆ་གང་སར་ཁྱབ། “ཡུལ་གྱར་བོད་མིའི་”འདུས་སྡོད་བྱ་ས་གཙོ་བོ་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ། དབྱིན་ཇི། ཁ་ན་ཏ་དང་ཨ་མེ་རི་ཀ་སོགས་ས་ཆར་ཁྱབ་ཡོད།
ཕྱི་ཚུལ་གྱི་ཐོག་ནས་བལྟས་ན། “བོད་ཀྱི་ན་གཞོན་ཚོགས་པ་”འཛུགས་སྐབས། ཕལ་ཆེར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་བར་ཐག་ཅུང་རིང་བ་སྲུང་འཛིན་བྱས་ཡོད་པ་འདྲ་བ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་”དྲག་ཤུགས་མི་སྤྱོད་པ་”བཏོན་པ་དང་། “བོད་ཀྱི་ན་གཞོན་ཚོགས་པས་””དྲག་ཤུགས་ཀྱིས་རྒྱལ་གསོ་བྱ་རྒྱུ་”བཏོན་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་”ཚད་མཐོའི་རང་སྐྱོང་བྱ་བ་”བཏོན་པ་དང་”བོད་ཀྱི་ན་གཞོན་ཚོགས་པས་””རྩ་བ་ནས་སྒེར་ཚུགས་བྱ་བ་”བཏོན་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་”གྲོས་མོལ་བྱ་ཁུལ་གྱི་ལས་ལ་བྲེལ་བ་”དང་”བོད་ཀྱི་ན་གཞོན་ཚོགས་པ་”དབྱི་སི་ལེ་དང་འཇར་པན་སོགས་ས་ཁུལ་དུ་འཇིགས་སྐུལ་མི་སྣ་གསོ་སྦྱོང་བྱེད་པའི་ལས་ལ་བྲེལ་བ་དང་། རྒྱ་གར་དང་ནེ་པ་ལ་སོགས་བོད་མི་འདུས་སྡོད་བྱ་སར་གཞོན་ནུ་ལོ་ཆུང་རྩ་འཛུགས་བྱས་ཏེ་དྲག་ཆས་དམག་སྦྱོང་བྱེད་པའི་ལས་ལ་ཞུགས། དོན་དངོས་སྟེང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་”བོད་ཀྱི་ན་གཞོན་ཚོགས་པའི་”བར་གྱི་འབྲེལ་བ་ཕྱོགས་གཉིས་ཀྱི་ཐད་ནས་བལྟས་ཆོག ཕྱོགས་གཅིག་ནས་”བོད་ཀྱི་ན་གཞོན་ཚོགས་པས་”ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་མགོ་ཁྲིད་བྱེད་པར་དད་མོས་བྱེད་པ་དང་། ཁོང་གི་མགོ་ཁྲིད་བརྩི་སྲུང་བྱེད་བཞིན་ཡོད། ཕྱོགས་གཉིས་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་”བོད་ཀྱི་ན་གཞོན་ཚོགས་པ་”བཙུགས་ཉིན་ནས་བཟུང་རྒྱུན་ཆད་མེད་པར་”བོད་ཀྱི་ན་གཞོན་ཚོགས་པའི་”གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནངས་ཏེ་ཁོ་ཚོར་རྒྱབ་སྐྱོར་དང་སྐུལ་ལྕག་གནངས་པ་རེད། མིག་སྔར། “ཡུལ་གྱར་སྲིད་གཞུང་”གི་ལས་སྒྲུབ་མི་སྣའི་༨༠%ཡན་གྱི་མི་སྣ་ནི་”བོད་ཀྱི་ན་གཞོན་ཚོགས་པའི་”མི་སྣ་རེད། དུས་རབས་སྔོན་མའི་ལོ་རབས་༨༠/བར། “བོད་ཀྱི་ན་གཞོན་ཚོགས་པའི་”མི་སྣ་རྒྱུན་ཆད་མེད་པར་”ཡུལ་གྱར་སྲིད་གཞུང་”ནང་ཞུགས་པ་རེད། ལོ་རབས་༨༠/བའི་ནང་། “བོད་ཀྱི་ན་གཞོན་ཚོགས་པའི་”མི་སྣ་༦༠/ལྷག་སྐབས་རིམ་བྱུང་གི་ཨུ་ཡོན་ཡན་ཆད་ཀྱི་”བོད་ལྗོངས་ཡུལ་གྱར་སྲིད་གཞུང་”གི་ཁོངས་གཏོགས་ལས་ཁུངས་སུ་ལས་འགན་ཁུར་ཡོད། དུས་རབས་སྔོན་མའི་ལོ་རབས་༩༠/བར། ཏཱ་ལའི་ཚོགས་ཁག་གིས་”དམངས་གཙོས་འདེམ་བསྐོས་”བཀའ་བློན་བཞག་རྗེས་སུ། “བོད་ཀྱི་ན་གཞོན་ཚོགས་པའི་”རྐང་འཛིན་པས་”ཡུལ་གྱར་སྲིད་གཞུང་”གི་གལ་ཆེའི་གོ་གནས་མང་བོ་བཟུང་སྟེ། ཐད་ཀར་དུ་”ཡུལ་གྱར་བོད་མིའི་”ཆབ་སྲིད་ལས་དོན་ལ་ཞུགས་པ་རེད། ༡༩༩༣/ལོ་ཐོན་རྗེས་སུ། “བོད་ལྗོངས་ཡུལ་འཁྱམ་སྲིད་གཞུང་”ནང་གི་བཀའ་བློན་༠༧/གྱི་ཁྲོད་བཀའ་བློན་༠༦/ནི་”བོད་ཀྱི་ན་གཞོན་ཚོགས་པའི་”མི་སྣ་རེད། ད་ལྟའི་དབུ་བཞུགས་བཀའ་བློན་ཟམ་གདོང་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཆེད་མངགས་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ཚང་མ་”བོད་ཀྱི་ན་གཞོན་ཚོགས་པ་”ཐོག་མར་འཛུགས་སྐབས་ཀྱི་རྐང་འཛིན་མི་སྣ་རེད། དོན་དངོས་རྩོད་གླེང་ལས་རྒྱལ་ལ། “བོད་ཀྱི་ན་གཞོན་ཚོགས་པའི་”རྩུབ་སྤྱོད་སྣ་ཚོགས་ཀྱིས་དེའི་འཇིགས་སྐུལ་གྱི་ངོ་བོ་འགེབས་སྲུང་མི་ཐུབ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ངེས་པར་དུ་མིག་གསལ་བོ་ཕྱེ་དགོས། “བོད་ཀྱི་ན་གཞོན་ཚོགས་པའི་”ཕྱིའི་རྣམ་པ་ཇི་ལྟར་བསྒྱུར་ཡང་། གཡོ་ཐབས་དང་གཡོ་འཕྲུལ་ཇི་འདྲ་བསྟན་ནའང་། ཁོ་ཚོས་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་”བོད་སྒེར་ཚུགས་”ཀྱི་ལྐོག་གཤོམ་བསྒྱུར་མི་སྲིད། རྫོགས་སོ།། །།
༢༠༡༢/༡༡/༡༨/ཉིན་འདོན་སྤེལ་བགྱིས་པའི་མཚོ་སྔོན་རྨ་ལྷོ་ཁུལ་གྱི་ཚགས་པར་སྟེང་བཀོད་འདུག་ཅིང་། རྩོམ་པ་པོའི་མིང་གང་ཡང་བཀོད་མི་འདུག
བོད་ཀྱི་གཞོན་ནུའི་ལྷན་ཚོགས་མིང་གོ་དུས་ནས་རྒྱ་གཞུང་མ་སྐྱིད་པ་ཆགས་ཀྱི་ཡོད། དེ་ནི་རྣོ་ངར་ལྡན་པའི་ཆབ་སྲིད་འགྲན་རྩོད་ཀྱི་རྒྱལ་ཁ་ཡིན་ལ་བོད་མིའི་གཟི་བརྗིད་ཡིན། ད་དུང་མུ་མཐུད་ནས་རང་བཙན་རྩོད་གླེང་དང་ཞི་དྲག་ལས་འགུལ་སྣ་མང་གིས་རྒྱ་ནག་རྒྱལ་སྤྱིའི་སྟེང་ངོ་ཚ་ཁ་སྐྱེངས་བཟོ་དགོས། དེ་ལྟར་བྱས་ན་ནམ་ཞིག་བོད་མི་རིགས་ལ་ཉེ་བར་མཁོ་བ་རྒྱ་བོད་མཉམ་གནས་མིང་དོན་མཚུངས་པའི་རང་སྐྱོང་མ་སྤྲད་རང་སྤྲད་ཆགས་རྒྱུ་རེད། དེ་མིན་དང་པོ་ནས་དབུ་མ་དང་རང་སྐྱོང་གླེང་ཞིང་རྒྱ་གཞུང་ལ་བསྟུན་ཐབས་ཁོ་ནས་རྒྱ་དམར་གྱི་བརྡ་ལེན་སྟེར་རྒྱུ་མིན་པ་མ་ཟད། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ལོག་བཅུག་རོགས་ལབ་ཀྱང་ཉན་ཚོད་མིན་འདུག་གོ།
རྨང་གཞིའི་ཆ་ནས་གཞོན་ནུ་ལྷན་ཚོགས་ནས་དྲག་ཤུགས་དང་འཇིགས་སྐུལ་བརྩམས་པའི་དཔང་རྟགས་མེད་ལ། ལངས་ཕྱོགས་ཐབས་ལམ་འཚེ་མེད་ཞི་བ་རང་ཡིན་པ་གཞོན་ལྷན་འགོ་དཔོན་ནས་ཤེས་ཐབས་ཡོད།
མཁས་མཆོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་ཟུར་རེད། ད་ལྟའི་བཀའ་བློན་མ་རེད། སྐུ་ཚབ་རྒྱ་རི་ལགས་དགོངས་ཞུ་གནང་ཟིན་པ་རེད། ཁོང་ཚོ་སྔོན་མ་གཞོན་ནུའི་ཚོགས་མིའི་གྲས་ཡིན་རུང་། ཡུལ་དུས་གནས་བབ་ནས་ལངས་ཕྱོགས་དམིགས་ཡུལ་ལ་འགྱུར་བ་གཏོང་དབང࿒ཡོད། ང་ཚོ་ནི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་འགྲོ་བ་ལས་མཁྲེགས་འཛིན་གུ་དོག་རིང་ལུགས་ཧབ་ཤ་བྱེད་འདོད་མེད། ཁོང་རྣམ་པ་ཡང་གཞོན་ནུར་འཛུལ་འདོད་ཡོད་རུང་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། མང་གཙོ་རང་དབང་རེད། འོན་ཀྱང་འགན་དབང་མཉམ་ཐོག་ནས་ཕེབས་པ་ལས་གཅིག་སྡུད་བྱུང་རྒྱལ་ག་ལ་གནང་། བཀའ་བློན་ ༦ མ་ཚད་ ༧ ཀར་སྔོན་མ་གཞོན་ལྷན་ཚོགས་གྲས་ཡིན་རུང་འགལ་འདུ་ཅི་ཡང་མེད། དུས་རབས་ཉེར་གཅིག་དང་བསྟུན་ནས་འགྲོ་དགོས། རྟག་པ་བརྟན་པའི་སྲིད་ལུགས་ཤིག་ངས་མ་མཐོང་། ཕྱོགས་ཡོངས་དང་དགག་དགོས་ཆ་རྐྱེན་དུ་མར་བསྟུན་དགོས་པ་མཁྲེགས་འཛིན་རིང་ལུགས་འཆང་མཁན་ཚོས་གཟིགས་དགོས་པ་ཡོད། དེར་བརྟེན་ལོ་རྒྱུས་སུ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་རུང་། ད་ཆ་བཙན་འཛུལ་འོག་གནས་པ་བདེན་པའི་ཁྲོད་ནས་དབུ་མའི་ལམ་འདི་རང་རྒྱལ་གཞན་ཕམ་མིན་པར་གཉིས་སྨན་ཡིན་པར་དགོངས་བཞེད་ཟབ་ནན་དོ་གལ་ཆེ་བ་བཅས་སོ།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ལོ།།
གཞོན་ནུ་རྩལ་དྲུག་བརྟས་པའི་ངར་རྒོད་དྲུང་།།
རྒྱ་གཞུང་སྤྲེའུས་་པུས་མོ་བཙུག་པའི་ཚུལ།།
རྨ་ལྷོ་ཚགས་པར་དཔང་པོར་གྱུར་འདི་ཡང་།།
སྲོང་བཙན་སྒམ་པོའི་ཁྲག་རྒྱུན་མ་ཆད་རྟགས།།
བུ་མེད་སྟུ་རིས་གྲུ་བཞིར་མེ་དཀར་ཀྱིས།།
རྩལ་ལྡན་གཞོན་ནུས་མི་མོའི་ཚོགས་གཙོར་སྐོས།།
མེ་དཀར་འདྲ་བས་དཔང་པོ་བྱུང་པ་ན།།
ངུ་མ་དགོད་སྣང་གཞོན་ནུ་རྣམས་ལ་འབྱུང་།།
གཞོན་ནུས་མར་འཐེན་དབུས་མའི་ཡར་འཐེན་དཀྱིལ་དུ་བོད་གངས་ལྗོང་དེ་ཆད་སོང་། །
དྲན་དཀར་དཔར་ཡོན་ཟེར་བ་ཁྱོད་མི་ཡག་པོ་རྩ་བ་ནས་མི་འདུག་བ་། མེ་དཀར་ཁྱེད་རང་གཉིས་བར་
ལ་རྩོད་རྙོག་ག་རེ་ཡོད་ན་དེ་ཁྱེད་རང་གཉིས་དོན་དག་རེད། ང་ཚོ་ལ་ཇུས་གཏོགས་མེད། ཡིན་ཡང་
བོད་ཀྱི་གཞོན་ལྷན་ལ་སྨ་འབེས་བྱས་ན་ཁྱོད་ལ་མི་རིང་བ་ཆགས་སྒོ་ཟློག་ཐབས་མེད་པ་ཞིག་ཡོང་བ་ནི་
སྨོས་མེད་རེད།
འདི་་ཡིན་དེ་མིན་འདོད་པ་སྣ་ཚོགས་པས།
བོད་དོན་གླེང་བ་མང་ཞིག་འཐོན་པ་པོས།
བོད་ཀྱི་སྐད་ཡིག་མེད་པར་མ་བཟོ་ན།
བོད་ཀྱི་བདེན་པ་གསལ་བར་ཆུད་མི་ཟ།།
དྲ་གྲོགས་ཚོས་གཟབ་གཟབ་བྱེད་དགོས། དྲ་རྒྱ་སྟེང་དུ་གང་འདོད་བཤད་མི་རུང། གང་ཡིན་ཟེར་ན་རྩོམ་ཡིག་འདི་ཡག་པོ་ཞིག་གློག་དང། རྩོམ་ཡིག་འདིའི་ཁ་ཕྱོགས་གང་དུ་གཏད་ཡོད་མེད་གསལ་པོ་རེད། ང་ཚོ་ལ་དགོས་ཡ་དེ་གཅིག་སྒྲིལ་རེད། བོད་མི་ཁ་ཐོར་དུ་མི་འགྲོ་རྒྱུ་དེ་ང་ཚོའི་མ་འོངས་པ་རེད། དེ་འདྲ་ཡིན་དུས་དྲ་གྲོགས་ཚོས་གང་བྱུང་བཤད་མི་རུང།
འདིར་གསལ་པོ་བཟོ་འདོད་ཅིག་བྱུང་སོང་། ཅིའི་ཕྱིར་ཞེ་ན། ང་ཚོ་ཚང་མས་སེམས་ཤུགས་སམ་ཀུན་སློང་བོད་དོན་ལྷག་པར་གཞིས་བཞུགས་སྤུན་ཟླ་བསམ་ཡོད་ལ། གལ་ཏེ་དེ་ལྟར་བསམ་ཚེ། ད་ལྟ་ཆིག་སྒྲིལ་གྱི་གོང་བུ་ཡག་ཐག་ཆོད་དེ་རིམ་གྱེས་སུ་སོང་ན། ང་ཚོའི་འཐབ་རྩོད་འདི་ལ་ཕམ་ཁ་བྱུང་བ་ཡིན་པས་ཡིད་གཟབ་དགོས་འགངས་ཆེ། བློ་འཇམ་གྱིས་གསུང་བར་མོས་མཐུན་ཡོད། ང་ཚོའི་སྐད་ཡིག་ཕྱུག་གྱུར་གྱིས་འཛིན་པའི་ནང་དོན་ཕུན་སུམ་ཚོགས་པོ་དེ་དང་འབྲེལ་བའི་རིག་གཞུང་བཟང་པོ་དེ་དག་མི་ལོ་ ༡༣༠༠ གོང་ནས་མེས་པོས་བཞག་པའི་ཕུལ་བྱུང་གཟི་མདངས་འབར་བའི་གཅེས་ནོར་རིན་ཐང་བྲལ་བ་ཞིག་ཡིན། དེ་དག་གཅེས་སྤྲས་སྲུང་སྐྱོབ་ཉར་ཚགས་མ་ཐུབ་ཚེ་སྐབས་དོན་བོར་བ་ཡིན་ན་དོ་ནན་དགོས།
བོད་རྒྱའི་འཐབ་རྩོད་ཀྱི་རྨང་ཐིག་དེ་རྒྱ་ཕྱོགས་ཀྱི་འདོད་ཚུལ་ལ་(སྤྱི་ཚོགས་ནི་འགྲན་རྩོད་དང་དེའི་ཡང་སྙིང་མཐར་གྱིས་གཏུགས་ན་དཔལ་འབྱོར་ལ་ཐུག་ཡོད། དཔལ་འབྱོར་མེད་ན་འགྲན་རྩོད་ནས་ཕམ་ཁ་ཉོས་ངེས་རེད་) ཅེས་འདི་འདྲ་རེད། འདི་ནི་ངོས་ཀྱི་བསམ་པར་འགྲོ་བ་མིའི་རྨང་གཞིར་མ་ཐུག་པ་དང་། དངོས་ཡོད་དང་འགལ་ཟླ་ཞིག་ཏུ་འཁུམས། གང་ལགས་ན། དཔལ་འབྱོར་དམག་དོན་རྒྱལ་སྲུང་། འཛིན་སྐྱོང་ཁྲིམས་ཡིག་གསར་གཏོད་ཅེས་མང་པོ་ཞིག་རྒྱལ་ཁབ་དང་། དེ་ཡང་མི་མང་གི་བདེ་དོན་སྒང་བབ་པ་ཞིག་ཡིན་དགོས་པ་ལས་གཙོ་ཕལ་གོ་མ་ལྡོག་རྒྱུ་གལ་ཆེ།
བོད་གངས་ཅན་པ་ནི། དེང་གཞོན་སྐྱེས་ཁག་གཅིག་ནས་བོད་པས་ཆོས་ཐོག་ནུས་ཤུགས་བསྒྲིལ་ཆེ་ནས་ད་ལྟའི་དཀའ་ངལ་དེ་བྱུང་བའི་བསམ་ཚུལ་སླེབས་ཀྱི་ཡོད། འདི་འདྲའི་ཡིན་ན། ཆོས་རྒྱལ་མེས་དབོན་རྣམ་པས་མཐའ་བཞིའི་རྒྱལ་སྲུང་དང་གསར་གཏོད་འཛུགས་སྐྲུན་ལས་རིག་གནས་གལ་ཆེན་གནང་བ་དེ་ནས་ནོར་འགོ་བརྩམས་པ་ཡིན་ནམ་ཞེ་ན། ངོས་ལ་དེར་མོས་མཐུན་ཁྱོན་ནས་མེད། དེ་ཕོ་རྒོད་པའི་འཇོན་ཐང་རེད། རིན་ཐང་སྤྲད་ས་མ་ནོར་བ་རེད། དེ་མིན་སྐབས་དེ་དུས་རྒྱ་ནག་ནང་བཞིན་ལྕགས་རི་སྐོར་སྲུང་འཛུགས་ཐབས་གནང་ཡོད་ན་ཡང་། དེ་ནི་ད་ཆ་བྱང་ཀོ་རི་ཡ་ནས་སྟོབས་ཆེན་ཨ་རིར་སྡིགས་ར་འཇིགས་སྐུལ་གྱིས་
ལན་ཐེབས་ཐུབ་ལ་ལྟད་མོ་སྤྲོ་འཆམ་ཙམ་དུ་ཟད།
དེས་ན་ང་ཚོས་གྲོས་མོལ་རུང་གཞི་རྩའི་དམ་བཅའ་བཟློག་མི་རུང་ལ། འཐབ་རྩོད་བྱ་ཡུལ་མ་ནོར་བ་བྱ་ནན་ཆེ་ཞེས་གཞེན་སྐུལ་དུ་ཕུལ།།