སིད་སིར་གནས་སྡོད་རེབ་གོང་པ་ཤ་བོ་རྡོ་རྗེ་ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གཞུང་གིས་རེབ་གོང་རྩེ་ཁོག་གི་དཔོན་སྐོར་སྡེ་བའི་རང་ལོ་ ༤༧ ཡིན་པའི་བོད་མི་ལྕགས་ཐར་དང་། ནག་སྡོང་སྡེ་བའི་རང་ལོ་ ༣༠ ཡས་མས་ཡིན་པའི་ཤ་བོ། རྡོ་རྗེ་རྫོང་དགོན་པའི་རང་ལོ་ ༤༩ ཡིན་པའི་གྲྭ་བརྩོན་འགྲུས། བར་སྐོར་སྡེ་བའི་བཙུན་མ་ཆོས་སྒྲོན། ཕྱི་ཟླ་ ༡༡ པའི་ཚེས་ ༢༥ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བཙུན་མ་སངས་རྒྱས་སྒྲོལ་མའི་ཕ་མ་གཅིག་གི་སྤུན་མཆེད་བཙུན་མ་རིག་བཤད་བཅས་བོད་མི་ལྔ་སྔ་ཕྱིར་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ནང་མི་གཉེན་འབྲེལ་ཚོས་ཁོང་ཚོ་ཅིའི་ཕྱིར་འཛིན་བཟུང་བྱས་མིན་དང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག་ལ། ཉེ་བའི་དུས་ནས་རྒྱ་གཞུང་གིས་བོད་མདོ་སྨད་རྨ་ལྷོ་ཁུལ་གྱི་ས་གནས་ཁག་ཏུ་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོག་གིས། བོད་མི་ཚོ་གང་བྱུང་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་འདུག
རྒྱ་རོ་འདི་ཚང་གི་འུ་ཚང་བསྡད་གི་འཇུག་རྒྱུ་མ་རེད།
རྒྱ་འདྲེ་འདི་ཚོ། བོད་ལ་སྐྲག་ཐག་དེ་འདྲ་ཆོད་པ་ག་རེ་ཡིན་ནི་ཨ། རྒྱ་སྤང་ཚང་གིས་བཅས་བཅས་ལས་ལས་ཚང་མར་བལྟས་ན་བོད་ལ་སྐྲག་ཞེ་བོ་ཞིག་སྐྲག་ཡོད་པ་འདྲ།