དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་བཅུ་པ་ཡས་མས་ཙམ་ལ། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། ལག་ཤེས་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་མ་ཉིས་སྟོང་ལྔ་བརྒྱ་ཙམ་གྱིས། རྩེ་ཁོག་རྫོང་གི་ཁྲིམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ཅིང་། དེ་ཡང་སློབ་མ་ཚོས། ༼སྐད་ཡིག་རང་དབང་། མི་རིགས་འདྲ་མཉམ། འཐབ་ར་གཏོར་དགོས།༽ཞེས་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་བཅས་ཀྱི་སྒོ་ཁར་བསྐྱོད་ནས་སྐད་འབོད་བྱས་ཡོད་པ་དང་། དྲན་ཆས་ལས་ཁུངས་ཀྱི་སྒོ་ཁར་འཐབ་ར་ཞིག་བརྒྱབ་ནས་ཡོད་པ་དེ་གཏོར་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པར། དམག་མི་དང་ཉེན་རྟོག་པ་ཕོན་ཆེ་སླེབས་ནས་དྲག་ཤུགས་ངོམ་པའི་སྐོར་སྐྱོད་རྔམ་སྟོན་བྱས་ཏེ། དྲམ་བསྒྲགས་ཀྱི་གྲ་སྒྲིག་བྱེད་ཀྱིན་ཡོད་འདུག་པ་ཙམ་ལས། སློབ་མ་འཛིན་བཟུང་སོགས་ཀྱི་གནས་ཚུལ་སྐོར་གང་ཡང་རག་སོན་མ་བྱུང།
བཙན་བྱོལ་ནང་གཉིད་རན་མ་རེད་གཞིས་བཞུགས་སྤུན་ཟླ་རྣམས་ལ་ལྟས་ལྟས་ལ་འཆི་ལམ་དུ་རྫོང་འདོད་དམ།
ཡོད་ཚད་རྩ་དོན་ཕྱོགས་སྤྱིན་དུས།།
སློབ་མའི་མདུན་ལམ་ཡང་རྒྱང་དུ་འཕངས་སོང་།།
མི་ཞིག་གི་མདུན་ལམ་འཕངས་མེད་བྱས་པ་ལས་སླ་བོ་ཞིག་གཏད་ནས་མ་རེད་དེ་རིང་ག་ིསློབ་མ་ཚོའི་མ་འོངས་པའི་ཕུག་མདུན་མ་བསམ་པར་བོད་མི་རིགས་ཀྱི་རྩ་དོན་གལ་ཆེན་དུ་བཟུང་པ་རྗེས་སུ་ཡི་རངས་ཞུ། བཙན་བྱོལ་བ་ཚོ་མ་འདུག
དངོས་གནས་སློབ་མ་དེ་ཚོས་རང་ཉིད་ཀྱི་མདུན་ལམ་ལ་མ་ལྟོས་པར་མི་རིགས་ཞིག་གི་བདེ་དོན་དུ་དེ་འདྲ་གནང་བ་ལས་སླ་པོ་རྩ་བ་ནས་མ་རེད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བོད་ནང་གི་མེ་ལྕེ་འདིས་ང་ཚོའི་སྲོག་རྙེད་ཀི་རེད། སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
དེ་རིང་དེ་༣/༡༤ཉིན་མདོ་སྨད་རྐང་ཚའམ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་མི་རིགས་སློབ་འབྲིང་གི་སློབ་མ་བརྒྱ་ལ་ཉེ་བ་ཙམ་གྱིས༼རང་ས་རང་བདག སྐད་རིགས་འདྲ་མཉམ༽ཞེས་པའི་དར་བྱང་དང་སྐད་འབོད་ཀྱིས་རྐང་ཚ་རྫོང་གི་ཁྲོམ་སྲང་དག་དང་སྲིད་གཞུང་གི་མདུན་དུ་ཁྲོམ་སྐོར་བརྒྱ་ཆེན་བྱས་ཡོད་པ་དང་། གཉེན་རྟོག་དམག་གིས་དཀག་འགོག་ཀྱང་ཆེན་པོ་བྱས་འདུག མ་ཟད་རིམ་བཞིན་སློབ་གྲྭའི་སློབ་མ་ཡོད་ཚད་སྡེབ་ལངས་ཀྱིས་ཁྲོམ་སྐོར་བྱས་ཏེ་ཁྲོམ་སྲང་དུ་འགྲོ་རྒྱུར་གྲ་སྒྲིག་བྱས་ཡོད་མོད། སློབ་གྲྭ་དམག་གིས་སྐོར་ནས་སློབ་མ་ཚང་མ་རྫོང་གི་ཁྲོམ་སྲང་དུ་ཁྲོམ་སྐོར་ལ་འགྲོ་ཐུབ་པ་བྱུང་མི་འདུག ཡིན་ཡང་སློབ་གྲྭའིི་ར་བའི་ནང་ནས་སློབ་མ་ཡོད་ཚད་སྡེབ་ལངས་ཀྱིས་ངུ་འབོད་དང་སྐད་འབོད་སྣ་ཚོགས་ཀྱིས་ཁྲོམ་སྐོར་རྒྱ་ཆེན་པོ་བྱས་ཡོད་པ་དང་། གནས་སྐབས་སུ་སློབ་མར་གཅར་རྡུང་དང་འཛིན་བཟུང་བྱས་མི་འདུག ད་ལྟ་དཔོན་རིགས་ཁག་གིས་སློབ་མ་རྣམ་ལ་སློབ་གསོ་སྤྲོད་པའི་སྒང་དུ་ཡོད་འདུག
གསལ་བཤད། གནས་ཚུལ་འདི་ནི་ཁུངས་དག་ཡིན་པས། གསར་འགྱུར་རྒྱུད་ལམ་དག་ཏུ་སྤེལ་རྐྱང་ཡིན་ལ། གནས་སྐབས་སུ་ཡིག་ཟམ་ནས་སྐུར་བར་སྟབས་མ་བདེ་བས་འདིར་མཆན་དུ་བཞག་པ་ཡིན།
ལེགས་སོ ཆི་ཁག