ཕྱི་ཟླ་༡༡པའི་ཚེས་༢༠ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། མིང་དམངས་ཞིབ་དཔྱོད་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྦྱི་བདེ་ཅུའུ་དང་། རྨ་ལྷོ་ཁུལ་རྫོང་ཁག་བཞིས་མཉམ་དུ་བསྒྲགས་བརྡ་ཁྱབ་འདི་འདྲ་སྐྱུག་བྲོ་བ་ཞིག་བཀྲམ་འདུག དགོན་པ་དང་སྡེ་བ་ཁག་ལ་ནང་དོན་དེ་མཚུངས་ཀྱི་དྲག་ཇུས་ལག་བསྟར་བྱེད་བཞིན་ཡོད་འདུག
ཏང་གི་དགོངས་པ་བཞིན་འབངས་མིར་དྲག་རྡུང་གི་ཡིག་ཆ་འདི་རྫོང་བཞིས་ཡོངས་ཁྱབ་ཏུ་བཀྲམ་འདུག
མའོ་ཡི་དགོངས་པ། ཏིན་གྱི་རིག་པའི་གཞུང་ལུགས ཅང་གི་མཚོན་བྱེད་གསུམ། ཧུའུ་ཡི་འཆམ་མཐུན་བཅས་འདི་ན་འདུག།
འུ་ཐུག་ཐབས་ཟད་ཀྱི་ཁྱི་ལས་སྐྱག་ལས་འདི་འདྲའང་བྱེད་ཀྱིན་འདུག
གནན་ཚུལ་མཁོ་གཏོང་བ་བསོད་ནམས།
སྲིད་དབང་སྒེར་སྤྱོད་པ་ཚོ་ཐབས་ཟད་པ། འུ་ཐུག་པར་གྱུར་པ་རེད།
རྒྱ་དམར་གྱིས་དུས་ནམ་ཡང་བོད་མི་རིགས་ཀྱི་སེམས་འདུན་འགུག་མི་ཐུབ་ལ་བོད་མི་རིགས་དུས་ནམ་ཡང་རྒྱ་དམར་ལ་མི་དགའ་པར་གྱུར་ཡོད།
བྱ་དགའི་དངུལ་ལོར་དེ་ཚོ་དམངས་སྒོར་རེད་མི་འདུག མ་འོའི་རོ་སྒོར་རེད་འདུག་གོ །
རྒྱ་གཞུང་གིས་དངུལ་སྤྲད་དེ་མི་དམངས་རྣམས་ཀྱི་མགོ་སྐོར་བ་འདི་ནི་རང་ཁ་གསོ་མ་ཐུབ་པའི་སྒང་ལ་ཁྱི་རྒན་གསོ་བ་དང་གཅིག་པ་རེད་འདུག ཡིན་ནའང་རྒྱ་མའི་རྒྱུགས་ཁྱི་དག་ལ་ཕན་སྲིད།