གནས་ཚུལ་མཁོ་གཏོང་བ། བསོད་ནམས།
དེ་རིང་ཕྱི་ཟླ་༡༡ཚེས་༡༧ཉིན་ཨ་མདོ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་ཕ་འབྲུག་བྱམས་དང་མ་སྒྲོལ་འཚོ་གཉིས་ཀྱི་བུ་མོ་རང་ལོ་༢༦ཡིན་པ་ལྕགས་མོ་སྐྱིད་ལགས་ཀྱིས་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༤ཡས་མས་སུ། རེབ་གོང་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་ཁྲལ་བསྡུ་ཅུའུ་ཡི་སྒོ་ཁ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་དེ་གར་སྐུ་གྲོངས་ཡོད་འདུག་ལ། དེ་མ་ཐག་དམག་མི་ཡོང་སྟེ་སྐུ་ཕུང་འཁྱེར་རྩིས་བྱེད་སྐབས་བུད་མེད་མང་པོ་ཞིག་དང་མི་མང་པོ་ཞིག་གིས་དམག་མིའི་ལག་ནས་བཙན་འཕྲོག་གིས་རོང་བོ་དགོན་ཆེན་གྱི་སྒྲོལ་མ་ཐང་ཆེན་དུ་གདན་འདྲེན་བྱས་རྗེས། གྲྭ་བ་དང་མི་མང་སྟོང་ཕྲག་མང་པོས་ད་ལྟ་རང་རེབ་གོང་རོང་བོ་དགོན་པའི་རྒྱབ་རིའི་གདོང་རྒྱ་ཀླད་ཅེས་འབོད་པ་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་འདྲེན་ཞུས་འདུག་པ་དང་། སེར་སྐྱ་མི་མང་ཚང་མས་༧གོང་ས་མཆོག་གི་གསོལ་འདེབས་དང་མ་ཎི་སོགས་དབྱངས་ལ་གྱེར་ཞིང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཁ་གཡང་སྣ་ཚོགས་དང་སྨོན་ལམ་གསུང་བཞིན་སྐུ་ཕུང་སྦྱིན་སྲེག་བྱེད་རྒྱུའི་སྟ་གོན་བྱེད་བཞིན་འདུག ད་ལྟ་རེབ་གོང་རོང་བོ་ཁུལ་ཐོག་ཏུ་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་པོས་ལག་ཏུ་མཚོན་ཆ་ཐོགསཏེ་དམ་དྲག་ཤུགས་ཆེན་བྱེད་བཞིན་གནས་ཚུལ་ཇེ་སྡུག་དང་ཛ་དྲག་ཆགས་གྱིན་འདུག་ལ། ཉེ་སྔོན་ནས་བཟུང་ཉིན་མཚན་གཉིས་ཀར་ལྟ་སྲུང་ནན་མོར་བྱེད་བཞིན་ཡོད་འདུག སྐུ་གཤེགས་དཔའ་མོ་ཁོང་ལ་བྱིས་པ་བུ་གཉིས་ཡོད་པ་དང་ནམ་རྒྱུན་ཟི་ལིང་དང་རྩེ་ཁོག་སོགས་སུ་གླ་གཏོང་རླངས་འཁོར་གཏོང་བཞིན་ཕྱག་ལས་གནང་གི་ཡོད་འདུག རྗེས་འབྲེལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད།
འབྲེལ་བ་གནང་ཡུལ། 0041765277522
དེ་ནས་བུད་དེ་བོད་རྒྱའི་ཤ་འཁོན་འདི།
ཡིད་ལ་བཟུང་ནས་མ་བརྗེད་དེ་དག་གིས།
སྐུ་སྲོག་ལོངས་སྤྱོད་གང་ཕུལ་གང་བཏང་བ།།
མཆོག་གསུམ་ཆོས་ཀྱི་བྱིན་རླབས་ཞུགས་པར་ཤོག།
ངའི་ཕ་ཡུལ་ཉན་ཀྱིན་ཉན་ཀྱིན་་་་
ངའི་ཕ་ཡུལ་བལྟ་བཞིན་བལྟ་བཞིན་་་་་
རེབ་གོང་གི་མི་བུ་དག་གི་སྙིང་སྟོབས་གླེང་གི་ཡོད་ལ
རེབ་གོང་གི་ཚ་བོ་ཚ་མོ་དག་མདུན་ལམ་གླེང་གི་ཡོད
རེབ་གོང
ཀ་ཁ་སུམ་ཅུ་རྨི་ལམ་འཁྲུངས་སའི་ཕ་གཞི་ཡིན་ལ
ས་ཡ་དྲུག་གི་ལས་དབང་གླེང་སའི་སྟེགས་བུ་ཡིན
རེབ་གོང་ནས
དགེ་ཆོས་མཆོག་གིས་རིག་པའི་རྒྱལ་ཁམས་བསྐོར་མྱོང་ལ
ཞྭ་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་མ་ཡང་གསུང་མྱོང
རེབ་གོང་འབར་ཐུབ་ལ རེབ་གོང་དགྱེས་ས་ན་ལངས་ཡང་ཐུབ
རེབ་གོང་གདོང་དམར་བའི་སྣེ་འདྲེན་མཁན་ཡིན་ལ
རེབ་གོང་གདོང་དམར་བ་ཡར་ལ་བསྐུལ་མཁན་ཡང་ཡིན
སྔོན་ཆད་ཞིག་ལ
ཁ་དཔེ་ཞིག་ལ
ལྷ་ས་ནས་མེ་འབར་ན་་་་་་རེབ་གོང་ནས་དུ་བ་འབུལ་ཟེར་བ་ཡང
ཡབ་མེས་ཞིག་གི་ཁ་སྟོང་ནང་གི་ཚིག་སྟོང་འཆད་པ་མིན་པས
གནས་འདི་ན་དཔའ་བོ་དཔའ་མོ་ཚོས་གཏམ་རྒྱུད་སྒྲིག་རྒྱུ་ཡོད་ལ
གནས་འདི་ན་རིག་གཞུང་ཞིག་གི་ཉིང་ཁུ་དཀྱིས་ནས་ཡོད
རེབ་གོང་དམ་པའི་ཆོས་ཡིས་ཞིང་ཁམས་ཡིན་ལ
འདི་ཕྱི་གཉིས་ཀའི་འཁྲེང་སེམས་ཤོར་ས་ཡང་ཡིན
དེའི་རྐྱེན་ཀྱིས་རེབ་གོང་མེ་ཡིས་འཚིག་མི་ཐུབ་ལ
སྒྱོགས་ཆེན་ཞིག་གཏོར་མི་ཐུབ
རེབ་གོང་ན
བྱ་ཁྱུང་རྫ་རི་དང་སྟང་ལུང་རི་བོ་རྒྱབ་རི་ཡོད་ལ
རེབ་གོང་ན་གནམ་ཀྱིས་སྒལ་ཚིགས་དང་འདྲ་བའི་དགུ་ཀླུང་རིང་མོ་ཡོད་ལ
ད་དུང
བཙན་པོ་ཞིག་གི་གདུང་རྒྱུད་ལྷད་མེད་པ་དང
གདོང་དམར་ཞིག་གི་སེམས་པ་གཡའ་མ་དགས་པ་ཡོད
རེབ་གོང་བས་རྒྱང་རིང་ཞིག་བསྙེགས་གི་མེད་ལ
ཐག་ཉེས་ཞིག་འཚོལ་གི་མེད
རེབ་གོང་བ་བོད་ལ་དགའ་ལ་ཕ་སྐད་ལ་དུངས
དེའི་རྐྱེན་ཀྱིས
རེབ་གོང་ན་སྐྱབས་གནས་ཞིག་གི་གསུང་སྦྲུམ་ནས་ཡོད་ལ
ཕ་སྐད་ཞིག་གི་ཁ་ལྕེ་གཉོར་ནས་ཡོད་པས
ད་དུང་རེབ་གོང་འབར་ཐུབ་ལ
ལངས་ཡང་ཐུབ་པའི་
ད་གཟོད་རེབ་གོང་ན་མེ་ལྕེ་ཡིས་རྒྱུན་མཆེད་གི་ཡོད
བདག་གིས་ཕྱོགས་ཞེན་ཀྱིས་བྲིས་བ་དེ་འདྲ་མིན་རང་གི་ཕ་ཡུལ་ནས་མུ་མཐུད་དེ་མེ་ལ་སྒྲོན་པ་ཐོས་དུས་སེམས་ནས་མ་གཟོད་པར་ཕ་ཡུལ་ལ་དུངས་སེམས་ཞིག་དང་དཔའ་བོ་དཔའ་མོ་དག་ལ་གུས་འདུད་ཞིག་གི་ཆེད་དུ་བྲིས་པ་ཡིན
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །སྐུ་སྲོག་ཞུགས་ལ་ཕུལ་བར་མཚམས་ཆོད་ཅིག
ངའི་གྲོགས་པོ་ཞིག་གིས་རྒྱལ་ཞེན་གླུ་དབྱངས་འདི་མགྱོགས་མྱུར་ལེན་གྱི་རེད།
མེ་མཆོད་དུངས་དབྱངས། ༢༠༡༢ ༡༠ ༣༠
ས་སྟེང་མེ་ཡིས་མཆེད་སོང་།
འུ་ཐུག་རྒྱལ་རབས་བཞེངས་སོང་།
ང་ཚོ་སྤུན་ཟླ་མིང་སྲིང་།
དཔུང་པ་གྱེན་དུ་སྒྲེང་ཤོག
༧རྒྱལ་བ་བོད་དུ་ཕེབས་པ།
མེ་མཆོད་དཔའ་བོའི་རྨི་ལམ།
༧སྐྱབས་མགོན་བོད་དུ་ཕེབས་པ།
གཞིས་བྱེས་བོད་མིའི་རང་དབང་།
ཉིན་མོོར་བདེ་བ་མི་འདུག
མཚན་མོར་དགའ་བ་མི་འདུག
ཉིན་དང་མཚན་མོའི་དངངས་སྐྲག
ལོ་དང་ཟླ་བས་བསྟུད་སོང་།
༧པཎ་ཆེན་གློད་རེ་མི་འདུག
༧རྒྱལ་བ་ལོག་ཐབས་མི་འདུག
འཛམ་གླིང་མི་ཡི་འགྲོ་བ།
ང་ཚོའི་མིག་ཆུ་ཕྱིས་དང་།
ཨཱྃ་མ་ཎི་པདྨེ་ཧུྃ།།།།ཨཱྃ་མ་ཎི་པདྨེ་ཧུྃ།།།།།།།།།།།།།།།།
ཁྱེད་ཚོས་ཉོན་དང་གངས་ཅན་པ་ཡི་དགོས་འདུན་འབོད་སྒྲ་ཅི་ཞིག་རེད།།
ཁྱེད་ཚོས་ལྟོས་དང་གདོང་དམར་བ་ཡི་མེར་སྲེག་རྣམ་པ་ཅི་འདྲ་རེད།།
ཁྱེད་ཚོས་མྱོངས་དང་ཁ་བ་ཅན་པས་ལུས་སེམས་ན་ཟུག་ཇི་འདྲ་རེད།།
ཀྱཻ་མ་གསུངས་དང་ངང་ཚུལ་འདི་ནི་སྐྱེ་བོ་སུ་ཡིས་བཟོད་ལགས་སམ།།
ཁྱེད་ཚོས་གསོན་དང་རྒྱ་ནག་གཞུང་གི་གཡོ་སྒྱུ་ལོག་བཤད་ཇི་འདྲ་རེད།།
ཁྱེད་ཚོས་གཟིགས་དང་དམར་པོའི་ཏང་གི་དྲག་སྤྱོད་རྣམ་པ་ཅི་འདྲ་རེད།
ཁྱེད་ཚོས་མྱོངས་དང་དྲག་པོའི་གཞུང་གི་བཙན་པོས་གཉའ་གནོན་ཅི་འདྲ་རེད།།
ཀྱཻ་མ་གསུངས་དང་ངང་ཚུལ་འདི་ནི་སྐྱེ་བོ་སུ་ཡིས་བཟོད་ལགས་སམ།།
དགུ་ཆུ་སྔོན་མོའི་རླབས་སྒྲ།
ཁྱེད་རང་གངས་རིའི་མཐོ་སྒང་ལ་འཁྲུངས་བ་ནས་བཟུང་།
ཁྱེད་ཀྱི་སྙིང་སྟོབས་ཀྱི་རླབས་སྒྲ།
ཟླ་བའི་གོ་ལ་ནས་ཐོས་ཡོད།
ཁྱེད་ཀྱི་རླབས་སྒྲའི་ཟེགས་མ་འཛམ་གླིང་དུ་འཐོར།
དགུ་ཆུ་ལགས།
གངས་དཀར་ཏི་སེ་རྩེ་མོ་ནས།
འབྲུག་སྒྲའི་ངར་སྐད་ཀྱིས།
ཕོ་བྲང་དམར་བོའི་ས་གཞི་འགུལ་ཏེ།
ཡར་ཀླུང་གཙང་བོ་དམར་བོ་བསྒྱུར་དུས།
ཁྱེད་ཀྱིས་སྐྱོ་གདུང་གི་ཟེགས་མ་དང་མཉམ་དུ།
ཁྱེད་ཀྱི་རླབས་སྒྲ་དགུང་ལ་འཕྱོ་མྱོང་།
ས་བྱིའི་ཞི་རྒོལ་ཆེན་མོ་ཡང་།
ཐོག་མར་ཁྱེད་ཀྱིས་དཔའ་སྐད་ཀྱི་ང་རོ་སྒྲོགས་ཡོད།
འདི་ནི་ཁྱེད་ཀྱི་སེམས་ཁོང་དུ་།
མི་རིགས་ཀྱི་ལ་རྒྱའི་སྙིང་སྟོབས་འབར་བའི་རྟགས་རེད།
དགུ་ཆུ་རིང་མོ་ལགས།
རྒྱ་མོ་རྔུལ་ཆུ་དང་འབྲི་ཆུ་རྫ་ཆུ་ནས།
སྙིང་སྟོབས་ཀྱི་མེ་ལྕེ་འབར་དུས།
ཁྱེད་ཀྱི་ལ་རྒྱའི་དཔུང་བ་མཉམ་སྒྲིལ་གྱིས།
བྱ་རྒྱལ་ཁྱུང་དཀར་གྱི་རྩེ་མོ་ནས།
དཔའ་རྒོད་སྟག་ལུང་གི་རྩེ་མོ་བར་འབར།
ད་རུང་ཁྱེད་ཀྱི་རླབས་སྒྲའི་འགྲོས་དང་བསྟུན་སྟེ།
ཁྱེད་ཀྱི་པང་ནས་འཚར་བའི་གཞོན་ནུ་རྣམས་ཀྱི་གོམས་སྒྲ།
ཁྱེད་ཀྱི་རྦ་རླབས་བཞིན་དུ་དགུང་ལ་འཕྱོ།
དགུ་ཆུ་སྔོན་མོ་ལགས།
ཁྱེད་ལ་ཅི་ལྟར་འདི་འདྲའི་སྙིང་སྟོབས་ཞིག་རྒྱས་སོང་ངམ།
འདི་ནི་བཙན་པོའི་གདུང་རྒྱུད་སྟེ།
བོད་གངས་ཅན་གཞོན་ནུ་རྣམས་ཀྱིས་སྙིང་སྟོབས་མ་ཡིན་ནམ།
རེད་ལགས།
དགུ་ཆུ་སྔོན་མོ་ལགས།
ཁྱེད་ལ་འཁྱགས་གྲང་གིས་ཅི་ལྟར་བསྡམས་ན།
དེ་ལྟར་དུ་སྙིང་སྟོབས་རྒྱས།
ཁྱེད་ཀྱི་དཔའ་ངར་ནམ་ཡང་ཞུམ་མ་མྱོང་།
ད་གང་དྲག་ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་གང་བྱེད་རྒྱུ་འདུག།
ཀྱེ་མ། བོད་མི་རིགས་དོན་དུ་གཙེས་པའི་ལུས་སྲོག་ལ་ལྟོས་པ་མེད་པ་བཏང་བ་ཨེ་མ་ཧོ།
ཀྱེ་མ་
རྔམ་སྐྲག་གི་སྨུགས་རློན་ཀྲིགས་པའི་གཡང་ས་དོག་མོ་དེ་རུ།
རློན་ཉ་རེ་ཉོལ་རེའི་འབུ་སྲིན་དག།
རྐང་ལག་རྐྱོང་བཀུམས་མི་ཤེས་པར།
གཡོ་འགུལ་ཙམ་གྱིས་མེ་རུ་ལྷུང།
འདི་ནི་ཤན་པའི་བཙོན་རལ་ཚུད་པའི་དམྱལ་ཁམས་ཀྱི་ཚེ་འདས་ལྟར།
རེ་རེ་བཞིན་ཕྱི་མའི་ལམ་ལ་ཆས་འགྲོ་བ་ནི།
ཁ་སངས་དང་དོ་དགོང་གི་ལུས་ཅན་ཙམ་ལས།
སངས་ཉིན་ཇི་ལྟར་གསོན་ནམ།
ཞོགས་པར་གསོན་ཡང་ཉིན་གུང་དང།
ཉིན་གུང་གསོན་ཡང་དགོང་དག
ད་ལྟ་ཡོད་ཀྱང་དོ་ཞགས།
འདི་མི་རྟག་པའི་བསྐུལ་མ་གཏང་མཁན་གྱི་ན་གཞོན་དུམ་ཞིག་ཡིན་ནམ།
ཡང་ན་དགྲ་བོའི་སྙིང་རླུང་སྟོད་ལ་སྤུར་བའི་རལ་གྲི་ཞིག་གང་ཡིན།
གང་ལྟར་ངོ་བོ་ཞི་ཞིང།
རྣམ་པ་འཇམ་པའི་བརྒལ་ལེན་ཙམ་ཞིག།
རྒོལ་ལན་འདི་ནི།
ཤིན་ཏུ་ནས་ཡ་ང་ཞིང།
སྐྱི་འཇིགས་པའི་སྣང་བ་ཞིག་གིས།
མཐོང་ཚད་མྱ་ངན་གྱི་མུན་ཁོང་དུ་བསྐྱུར་ཡང།
གཡས་རིའི་བྲག་དམར་རྩེ་རུ་འཛེགས་པའི་སྤྲ་དང་སྤྲེའུ་དག་ལ།
བག་ཚ་བའི་རྣམ་པ་ཞིག་སྤྲད་མ་ནུས་ན།
ལས་འབྲས་གཡང་ལ་ལྷུང།
ཆོས་སྐྱོང་ཕག་ཏུ་ཡིབས་ཟིན་པའི་རྣམ་པ་ལས་ཅི།
གཞོན་ནུ་མ་འདི་ཚོའི་སྙིང་སྟོབས་ལ་གུས་པས་འདུད་དོ། ཨོཾམཎིཔདྨེཧཱུཾཿ
རྒྱ་དགྱ་དགྲ་ངན་པའི་རྒྱལ་ཁབ་འདི་ཕྲེང་ཐག་ཆད་པ་བཞིན་དུ་འགྱུར་ངེས། མི་རིང་བར།
དཔའ་མོ་གང་དེར་མྱ་ངན་མ་ཎི་འདོན།
རིན་ཆེན་གསེར་ལས་རྙེད་པར་དཀའ་བའི་མི་ལུས་དལ་འབྱོར་ལྟོས་མེད་བོད་ཆོལ་གསུམ་དོན་དུ་བཏང་བ་ དཔའ་བོ་དཔའ་མོ་དག་མྱུར་དུ་སརྒྱས་གོ་འཕང་ཞེས་བྱ་བ་དེར་སླེབས་པར་ཤོག།