ཀླུ་སྨྱོན།
དགོང་མོ་དེར་ངོ་མ་འཇིགས་སྣང་སྐྱེ་དགོས་པའི་གློག་ཞགས་ཤིག་འཁྱུགས་སོང་ལ།
མུ་ཟིའི་དྲི་མ་འཐུལ་བའི་གློག་འོད་དེའི་སྡེར་མོ་རྣོན་པོ་དག་གིས།
གཤིན་རྗེའི་ལྕགས་ཀྱུ་བཏབ་པ་བཞིན་ནགས་ཚལ་ལས་ལྗོན་པ་སྐོར་ཞིག་གི་རྩད་པ་གཏུབས་སོང་ཨང་།
ཉི་འོད་འཇམ་ཞིང་སྐྱིད་སྣང་དོད་པའི་ཞོགས་པ་དེར།
ཤིང་བཟོ་བ་འགའ་ངེད་ཚང་གི་སྒོ་རའི་ནང་དུ་འདུས་ནས་ཅིག་ཅིག་མུག་མུག་གླེང་བཞིན་འདུག
ང་རང་ངལ་དུབ་དང་བཅས་རྒྱུན་རིང་ཞིག་གི་རྗེས་སུ་ཁོ་ཚོའི་འཁྲིས་སུ་བསླེབས་ཤིང་།
ཁོག་སྟོད་ཅུང་སྒུར་བའི་ཤིང་བཟོ་བ་རྒན་པ་ཞིག་ན་རེ།
ངའི་ཉམས་མྱོང་གི་སྐད་ཆ་འདི་བདེན་པ་ཡིན་ཚེ།
ཁྱོད་རང་སང་ཉིན་དགོང་མོར་འཆི་རྒྱུར་ངེས་ཤིང་།
འཇིག་རྟེན་པའི་འགྲོ་སྲོལ་གཞིར་བཟུང་གིས།
ངེད་ཅག་ས་འདི་ནས་མ་ཐོན་སྔོན་དུ་ཁྱོད་ལ་རོ་སྒམ་ཡིད་དབང་འཕྲོག་པ་ཞིག་བཟོ་ཟེར།
སྨན་པ་དག་ནི་ངོ་མ་སྙིང་རྗེ་མེད་པ་ཤ་སྟག་སྟེ།
ནད་པ་དག་གི་སེམས་པ་གསོད་རྒྱུར་སེར་སྣ་ཅི་ཡང་མེད་པ་དང་།
ནད་གཡོག་དག་གིས་ཀྱང་ཁབ་དང་སྐམ་པ་བཀོལ་ནས་ནད་པ་དག་ཟོག་ལུག་བཤའ་བཤའ་བྱེད་པ་མ་ཡིན་ནམ།
གང་ལྟར་རོ་སྒམ་དེ་བཟོ་རྒྱུར་ཉིན་གཅིག་གི་དུས་ཚོད་ལས་མ་དགོས་ལ།
རོ་སྒམ་དེའི་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་རི་མོས་བརྒྱན་འདུག
གཤིན་ཆང་དེ་མ་འཐུངས་སྔོན་དུ་ཚིག་འགའ་བཤད་དགོས་པ་འདྲ་ལ།
རོ་སྒམ་དེའི་ནང་དུ་མ་འཛུལ་སྔོན་དུ་ཡང་ཁ་ཆེམས་རེ་འཇོག་སྲོལ་འདུག་པས།
ངས་ཀྱང་སྲིད་པའི་འགྲོ་ལུགས་འདི་བརྩིས་ནས་ཅིག་བཤད་ཁུལ་བྱེད།
དེ་རིང་གི་གནམ་གཤིས་འདི་ནི་ཆང་བཟི་ཞིག་གི་ངོ་གདོང་དང་འདྲ་ཞིང་།
མི་རྣམས་ཀྱང་སྐྱོ་སྣང་ཆེན་པོའི་ངང་དབུགས་ཀྱང་ལེན་མི་ཐུབ་པའི་ཚོད་དུ་འདུག
ཐ་ན་སྲང་བར་གྱི་སྨད་འཚོང་མ་ཚོས་ཀྱང་དེ་རིང་གི་མགྲོན་པོ་ཚོར་སྒོར་མོ་མི་ལེན་རྒྱུ་ཐག་གིས་བཅད་འདུག་ལ།
དེ་རིང་ཟ་ཁང་དང་མགྲོན་ཁང་ཡོད་ཚད་ཀྱིས་མགྲོན་པོ་དག་ལ་ཟས་ཁང་རིན་མེད་དུ་སྤྲོད་རྒྱུ་རེད།
འདི་ནི་འཇིག་རྟེན་འདིའི་ཆེས་མཐའ་མཇུག་གི་ཉིན་མོ་དང་འདྲ་བས།
ང་ལ་མཚོན་ན་བརྗེད་མི་ཐུབ་པའི་སྐད་ཆ་ཅི་ཡང་མེད་ལ།
སྤྲིན་པ་སྟུག་པོ་འདིའི་འོག་གི་མི་ལས་ངན་དག་ལ་ཅི་ཡང་སྟེར་རྒྱུ་མེད།
འདི་ནི་རོ་སྒམ་ནང་དུ་མ་འཛུལ་སྔོན་ཏག་ཏག་གི་སྐད་ཆ་ཚིག་གསུམ་ཡིན་ལ།
འདི་ནི་མིག་གཉིས་མ་བཙུམས་སྔོན་གྱི་ལྟད་མོ་ཆུང་ཆུང་ཞིག་ཀྱང་རེད།
ད་ནི་ཆོས་ཉིད་ལྟར་བཤད་དགོས་པ་དེ་བཤད་ཚར་བས།
རོ་སྒམ་འདིའི་ཁ་རྒྱོབས་ཤིག
དམ་པོར་རྒྱོབས་ཤིག
ཨ་རོགས་ཀླུ་སྨྱོན་ལགས།
ཁྱེད་ཀྱི་ད་ལྟའི་བཞུགས་ཡུལ་གང་ཞིག་ཡིན་ལགས།
མི་འདིས་གཟུགས་པོ་དེ་འདྲ་ཡག་ལེ་ལ་ ཁོས་གཟུགས་པོའི་ཁྲོད་རྟེན་དོན་དུ་ངོ་མ་ལུས་རྩལ་བརྩེ་དང་མ་བརྩེ་བརྩེས་ནས་ད་དཀའ་ལས་ཁག་སྟེ་གཟིམ་ཆུང་སྐྱིད་པོ་དེའི་ནང་དུ་གཉིད་དེ་འདྲ་སྐྱིད་འདོག་ཁ་པོ་ཞིག་ཁུག་བདའ་ ད་ང་ཡང་ལུས་རྩལ་ཞིག་བརྩེ་དགོ་ཞི་བདའ་།
དེ་མཐོང་བ་དང་། བོད་མི་རྒན་པ་རྣམས་ཀྱིས་སོ་སོའི་ཕུང་པོ་འགྲིལ་སའི་སྣོད་དང་། ཐག་པ་གྱང་འདེབས་སུ་བཀལ་ནས་འཇོག་པ་དེ་དྲན་བྱུང་། མ་གཞི་མི་ཚང་མ་དེ་ལྟར་བྱས་ནས་འགྲོ་དགོས།
གསོན་པའི་ཚེ་ན་དཀའ་སྤྱད་ལུས་འདིའི་ཆེད། །འཆི་བའི་སྐབས་ཀྱི་རོ་སྒམ་ལུས་འདིའི་ཆེད།། ཤི་རྗེས་རོ་ལས་རོ་ཁུར་ལུས་འདིའི་ཆེད། །རང་དང་འཁོར་ཡུག་འདི་ལ་ལུས་འདིས་གནོད། །
ཁ་བརྡ་ཚང་ལ་ཁ་ཞིག་འགུལ་རྒྱུ་ཡོད་པ་འདི་ཨ་ལགས་ཀླུ་སྨྱོན་སོགས་མི་ཁ་ཤས་ཞིག་གི་བཀའ་དྲིན་རེ། སྨྲ་བ་བསྐྱུང་ནས་སྡོད་སྐབས་ཀྱང་ཁ་སྣོན་ཀྱི་ཚིག་རེ་དབང་མེད་དུ་ཤོར་བ་འདི་ཡང་ཁོང་ཚོའི་རྩོམ་རྩལ་གྱི་ལྕགས་ཀྱུས་གཟིར་བའི་ན་ཟུག་ལ་མ་ཟོད་པའི་བཟི་ཁབ་ཙམ་ཡིན། ཁ་བརྡ་ཚང་གི་ཁ་ལུས་རླུང་རྟ་དར་བར་ཤོག
ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ།
འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་།།
ད་ནི་ཚེ་ལྷག་ཉི་རྒས་གྲིབ་སོ་ཙམ།།
སྡོད་པའི་ལོང་ཁོམ་མི་འདུག་ཡིག་དྲུག་སྒྲོངས།།
ཁ་བརྡ་དྲ་བ་ཡག་པོ་ཡོང་བར་ཤོག །
སང་ཙམ་འཆི་ཡང་སུ་ཡིས་ཤིས། གསུངས་པ་ལྟར་རེད་དངོས་གནས་འཇིགས་ནི་ཞིག་རེད། འདི་འདྲ་ལ་གདོང་ལེན་དགོས་ཚེ་ནང་ཆོས་ཟེར་བ་དེ་རླབས་ཆེན་ཞིག་རེད། འཆི་ཁ་འཛུམ་དམུལ་ལེ་ཤི་འགྲོ་མཁན་ག་ཚོད་ཞིག་ཡོད
བདག་ནི་ཁ་བརྡ་ཚང་གི་མཆན་མང་པོ་གློག་མཁན་ཞིག་ཡིན་དངོས་གནས་ཡག་པོ་འདུག་འདིའི་བོད་མི་རིགས་གི་སྐད་ཡིག་ཆགས་འཇིགས་གི་སྐབས་འདི་འདྲ་ལ་ན་གཞོན་ཚོ་ལ་གོ་སྐབས་ཡག་པོ་ཞིག་སྤྲད་བྱུང་འོན་ཀྱང་ཐབ་སྐྱོ་བ་ཞིག་ལ་རྒྱ་གར་ནང་ན་གཞོན་དབྱེན་ཡིག་གི་མཐོ་སློབ་འགྲིན་མཁན་དག་གི་གོ་སྐབས་འདི་འདྲ་བེད་སྤྱོད་དེ་ཙམ་བྱེད་གི་མེད་པའི་ཚོར་སྣང་བྱུང་།
སྐྱེས་ནས་ཤི་སྐྱེས་ནས་ཤི ཤི་ནས་སྐྱེས་ཤི་ནས་སྐྱེས།
རྗེ་བླ་མས།
དལ་བའི་རྟེན་འདི་ཡིད་བཞིན་རྣོར་ལས་ལྷག །
འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །
རྙེད་དཀའ་འཇིག་སླ་ནམ་མཀའི་གློག་དང་འདྲ། །
ཚུལ་འདི་བསམས་ནད་འཇིག་རྟེན་བྱ་བ་ཀུན། །
སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །
ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །
རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །
ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །
གསུངས་སོ།།
ཀྱེ་ཀྱེ སྙན་ངག་པ་ཆེན་མོ།
ངས་ཁྱོད་ལ་ཞུ་བ་འཐེན།
ཁྱོད་རོ་སྒམ་ནང་འཛུལ་ནས་ས་འོག་ཏུ་ཉལ་རྩིས་མ་བྱེད།
ཨ་རིའི་ཡུལ་དུ་རོ་སྒམ་རོ་ལས་འགྲོ་སོང་ཆེན་པོ་རེད་ལ།
རོ་སྒམ་ནང་མུན་བསྟིབས་ནས་ཡོད་པས་དེ་བཟོད་དཀའ་བ་ཞིག་ཡིན།
དེ་ང་ཚོ་མི་རིགས་ཀྱི་ཕ་སྲོལ་དང་ཡང་མཐུན་མི་འདུག
དེ་བས་ཁྱོད་ཀྱིས་རང་གི་ལུས་ཕུང་སྲེག་ཟ་ལ་སྦྱིན་ཏེ།
རྣམ་ཤེས་དང་ལྷན་ཕ་གཞིས་ལ་དེངས་ཤིག
དེ་ནི་ཆེས་སྐྱིད་པའི་འགྲུལ་བཞུད་ཅིག་དང་།
ཕ་ཡུལ་གྱི་རེ་སྒུག་ཀྱང་དེ་ཡིན།
རོ་སྒམ་གཅིག་ཉུང་དུ་ཕྱིན་པས་ལྗོན་ཤིང་ཁ་ཤས་ཀྱི་ཚེ་སྲོག་སྐྱོབ་པ་ཡིན་ལ།
རོ་གཅིག་ཉུང་དུ་ཕྱིན་པས་ས་གཞི་ཆེན་པོ་སྲུང་སྐྱོབ་ཀྱང་ཡིན་ནོ།།
ཀྱེ་ཀྱེ སྙན་ངག་པ་ཆེན་མོ།
པུར་སྒམ་དུ་གཟིམས་པའི་སྟ་གོན་འདི་རྟོག་བཞེངས་ཤིག་ཡིན་ན་ནི།
རྭ་མ་ཎས་སི་ཏ་འཁྲིད་འཁྲིད་བྱས་ཏེ།
ཚེ་རིང་སྐྱིད་དང་ལྷན་འཁྱག་གླིང་ཨ་ལ་སི་ཀར་བྲོས་བྱོལ་གྱི་བློས་བསླངས་དེར་གཏན་ནས་མི་དོ།
རྨི་ལམ་དུའང་།
སྐུ་ཉིད་རོ་སྒམ་དུ་ནམ་ཡང་མ་འཛུལ་རོགས་ཞེས།
ངས་ཁྱོད་ལ་ཞུ་བ་འཐེན།
འབུམ་དྲུག་འདི་སྙན་ངག་མཁན་ཞིག་ཀྱང་རེད། ཐུགས་རྗེ་ཆེ། ཨ་ལ་སི་ཀ་ནི་ང་ཚོའི་སེམས་ངོར་ཡོད་པའི་ཕྱོགས་བཞི་གངས་རིས་བསྐོར་པའི་འཁྱག་གླིང་ནམ་ཡང་དབྱར་ཁ་འཆར་རྒྱུ་མེད་པ་དེ་འདྲ་ཞིག་རྩ་ནས་མ་རེད། ཨ་ལ་སི་ཀིའི་དབྱར་གཞུང་དང་སྟོན་ལྗོངས་ནི་འཇིག་རྟེན་འདི་ན་འགྲན་ཟླ་བྲལ་བའི་ཡུལ་ལྗོངས་ཤིག་རེད། ཁྱེད་ཉིད་ཀྱིས་སྒོའུ་སྒལ་བརྒྱུད་ནས་གཟིགས་དང་། ཉི་མ་གཅིག་ངས་བོད་ཀྱི་མཛངས་མ་དེར་གདན་འདྲེན་ཞུ་གི་ཡིན། ཡིན་ན་ཡང་དང་པོ་དེར་ལོ་ངོ་སྟོང་གི་ཆར་ཆུས་མི་འཇིག་པའི་མཚམས་ཁང་བཙན་པོ་ཞིག་བཞེང་དགོས། དེ་ནས་མཛེས་མ་བསུ་ཡ། རྩེད་མོ་ཡིན་ད།
སྐྱོ་སྐྱོ་འཇིག་སྟེན་ཡུལ་ལ་ཞེན་པ་ལོག འཇིག་རྟེན་འཁོར་བ་རྒྱབ་ཏུ་བསྐྱུར་འདོད་ཀྱང་།
ཚེ་གཅིག་སྐྱ་ཡ་བློ་ཡིས་མི་ཐོང་གི འདི་ལ་སྨན་པའི་ཐབས་མཆོག་གང་ཞིག་ཡོད།
ཡུལ་ལ་ཞེན་པ་ལོག་པ་སྐྱེས་བུ་འབྲིང་། །
འཁོར་བ་རྒྱབ་ཏུ་བསྐྱུར་འདོད་ངེས་འབྱུང་ལགས། །
ཚེ་གང་གཞན་དོན་མཆོག་འགྱུར་བྱང་སེམས་ཏེ། །
དེ་ལྷག་སྨན་མཆོག་གསང་སྔགས་དམ་ཚིག་སྲུངས། །
ཡུལ་ལ་ཞེན་པ་ལོག་པ་སྐྱེས་བུ་”ཆུང་”། །
སྐྱ་ཡ་བློས་མི་ཐོང་ན་ངན་རྒྱུ་མེད། །དེ་ལ་ཁ་འཇམ་སྙིང་བརྩེས་སྐྱོང་འཚལ་ལོ། །འཁོར་བ་རྒྱབ་ཏུ་སྐྱུར་འདོད་ངན་རྒྱུ་མེད། །ངེས་འབྱུང་རྒྱུན་ཆགས་སོ་ཐར་ས་བོན་ཉིད། །ཀུན་ལ་སྨན་པ་གང་བྱུང་དེས་ཆོག་བློ། །སྐྱིད་སྡུག་རྐྱེན་ཐུབ་མྱ་ངན་འདས་པའི་ལམ། །གང་གིས་བརྟེན་ན་བདེ་བར་འཇུག་པའི་ཐབས། །དྲང་སྲོང་ཆེན་པོའི་གསུང་དེ་སྤྱི་བོས་མཆོད། །