སྤྱན་ཆེན་པོ།
ད་སྐབས་རོ་སྒམ་གྱི་ཚོང་ཧ་ཅང་བྲིན་པས
རོ་སྒམ་ཚོང་མཁན་གྱི་རྒད་པོ་དེའི་གདོང་ལ
ནམ་རྒྱུན་འཛུམ་གྱིས་བཀང་འདུག
ཁོས་མུ་མཐུད་ནས་རོ་སྒམ་བཟོ་སྟངས་ལ་བལྟས་ན
ས་ཁུལ་འདིར་ད་དུང་ཡང་ནད་ཡམས་ཤིག་བྱུང་རྒྱུ་ཡིན་པ་འདྲ
སྨན་ཁང་ཞིག་གམ་ཡང་ན་དུར་ཁྲོད་འདི་ཆེ་རུ་མ་བཏང་ཚེ
དུར་ཁྲོད་འདིར་སྔ་མོ་ནས་རོ་སྒམ་གྱིས་བཀང་འདུག་པས
རོ་སྒམ་རྣམས་ས་འོག་ལ་སྦས་ས་ཞིག་མི་འདུག
༢༠༡༦-༧-༢༧ཉིན།