སོག་མདའ།
ཪོགས་ཆུང་ལོ
འདབ་མ་ལྟ་བུའི་མཛེས་པ་དེ་ཁུར་ནས
བལ་དཀར་འདྲ་བའི་འཇམ་ཤ་དེ་བཟུང་ནས
སྡེ་ཆེན་པོའི་རྩེད་ར་དེ་ནས
སེམས་པ་ག་ཚོད་ཅིག་གི་་རྙི་ལ་ཐེབས་སོང་
སྤྱན་ཟུང་ག་ཚོད་ཅིག་གི་མིག་ལ་ལྷུང་སོང་
རོགས་ཆུང་ལོ
ཟླ་ངོགས་ཀྱི་རི་བོང་རྩེན་པའི་དུས་ཏག་ཏག་ལ
རི་གླུ་ཞིག་རླུང་གིས་དེད་ནས་
སྦྲ་ནག་གི་ཁ་འཚུབ་ལས་
ཁྱེད་ཀྱི་རུམ་ཁ་ལ་འཐོར་དུས་
རེ་སྒུག་ཅིག་གི་ཁུག་སོ་འཁྱིལ་བས་
དམར་ཆུང་སེམས་པ་འགུལ་སྟངས་
ཇི་འདྲའི་བྲེལ་
རོགས་ཆུང་ལོ།
སྐྱ་རེངས་ཀྱི་ཡོལ་བ་དལ་གྱིས་ཕྱེ་དུས་
བྲལ་བྲལ་དཀའ་བའི་འདང་ཆེན་དེ་
རུམ་ཁ་ལས་བུད་དེ་གཡག་རོགས་པོ་
དལ་འགྲོས་ལྷན་རྒྱང་ནས་རྒྱང་དུ་བཞུད་དུས་
བྲལ་གདུང་གི་ཚོར་བ་བསིལ་མོ་
ཞོགས་པའི་རླུང་བུ་དང་ལྷན་ཏུ
སྦྲ་འདབས་ན་
རོགས་ཆུང་ལོ
སྡེ་ཆེན་པོ་འདིའི་ཁ་རུ་རྒྱང་ནས་
རོགས་ཆུང་ལོ་ལ་ཁ་ཐག་རིང་དུས་
སྨྲེང་སེམས་ཀྱིས་ཁེངས་པའི་ཚོར་འདུ་སྐྱུར་མོ་
འབྲི་མོའི་སུག་བཞིའི་བར་ནས་
རྒྱང་རིང་གི་ཉག་ཆེན་ལ་ཡང་ཡང་ཅེར་བ་
འདང་ཆེན་སུ་ཞིག་གིས་བཞག་པའི་
དྲན་ཤིང་ཡིན་
རོགས་ཆུང་ལོ།
གནངས་ལོའི་མི་ཡུལ་ལ་མེ་ཏོག་བཞད་ཉིན
ཆུ་མོ་ལ་དྭངས་ཤ་རྒྱས་ཡིན
འཇོལ་མོ་དང་ཁུ་ལོ་བྱང་ནས་ལོག་ཉིན་
སྡེ་ཆེན་པོའི་དབྱར་གཞུང་དེ་ནས་
གྲོང་ན་ཟླའི་སྡེ་ཆེན་དེ་ནས་
ཁྱིམ་གཅིག་ལ་སྨོན་ལམ་བཏབ་ཆོག
རོགས་ཆུང་ལོ།
༢༠༡༣་༦་༢༥་ཉིན་རང་ཤག་ནས་བྲིས།
ང་ནི་རོགས་མེད་པས་ཧ་ཅང་བདེ་
ཆུང་ལོ་ནི་དེ་བས་ཀྱང་མེད་
གྲྭ་བ་བྱེད་དུས་ཧ་ཅང་ཆུང་
འཆར་གཞི་དང་རེ་བ་ཅི་ཡང་མེད་པར་གཉིད་ཐུབ་ན་དེའི་སྐྱིད་ཟིག་འཇིག་རྟེན་མེད་ཡ།
ཧཧ་ཧཧ་