རོགས་དངུལ་ཨ་སྒོར་ས་ཡ་༢༣ དང་ལས་འཆར། Posted on 2016-10-082016-10-08 By ཁ་བརྡ་ 16 Comments on རོགས་དངུལ་ཨ་སྒོར་ས་ཡ་༢༣ དང་ལས་འཆར། གློག་བརྙན་།
ཉེ་བའི་ཆར་བོད་སྤྱི་ཚོགས་ནང་ལ་གླེང་གཞི་ཆེ་བའི་མི་སྣ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས། མྱི་ག་འདྲ་ཡིན་མིན་དེ་རིང་ཕྱི་རུ་མངོན་བྱུང། CTA’s Kudak Lobsang Senge select Kaydor la for one of the post in CTA branch.
ཨ་སྒོར་ས་ཟ་༢༣་ལེན་པ་འདི་ནི་དམངས་གཙོ་མི་དགོས་པའི་དབུ་མའི་ལམ་གྱི་བསྒྲུབ་བྱ་འགྲུབ་མི་ཐུབ་པའི་མ་རྩ་རེད། ཨ་རིའི་གཞུང་གིས་ངོས་ནས་བཙན་བྱོལ་སྒྲིག་འཛུགས་དང་སྒྲིག་འཛུགས་ཀྱི་ཚོགས་མི་ཚོས་དམངས་གཙོ་ཁྱིའི་སྐྱག་གཡུགས་གཡུགས་བྱས་ནས་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་གི་ཡིན་ཟེར་བ་དེ་ལ་ཞེ་ཐག་པ་ནས་ངོས་ལེན་བྱ་མི་སྲིད་པ་རེད། ཨ་རིའི་གཞུང་གིས་ངོས་ནས་བྱས་ན་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་རྒྱ་ནག་དམར་ཕྱོགས་པའི་སྒྲིག་འཛུགས་དེ་ཉིད་གཏོར་རྐྱེན་གྱི་རྡེའུ་ཆུང་ཆུང་ཞིག་ལ་བེད་སྤྱོད་གཏོང་ངེས་རེད། འབུ་དུང་དཀར་འོ་མས་གསོས་བ་དེ། དགྲ་ཆུ་སྲིན་ཐོག་ཏུ་མངགས་ཀྱི་རེད་ཅེས་པ་ལྟ་བུ་རེད། མ་གཏོགས་བྱམས་རྗེའི་ཐོག་ནས་སྤྱིན་པ་བཏང་བ་མིན་པར་ཤེས་དགོས་པར་གལ་ཆེན་རེད།་་་ཧཧ
རྟག་ཏུ་ཁ་ཡིས་རང་བཙན་རྩོད་ལེན་བྱེད། ཆེད་དུ་བསྒྲུབས་པའི་བྱ་བ་ཆུ་ཐིགས་ཙམ། ད་དུང་དམ་པས་བགྱིས་པའི་མཛད་བཟང་ལ། བཀྲིན་མི་དྲན་དིྲན་ལན་ལོག་འཇལ་བྱས། དེ་འདྲ་དེ་ལ་རྟག་ཏུ་སྙིང་རྗེ་སྒོམ། རང་དོན་སྒྲུབ་ཆེད་ལ་རྒྱ་འབག་ལྟར་སྤྱོད། གཞན་དོན་སྒྲུབ་ཟོལ་ལ་རྒྱ་གོས་ལྟར་སྤྱོད། རང་མགོར་གཡག་འཚོགས་བལྟ་བའི་མིག་གིས་དབེན། གཞན་མགོར་ཤིག་འཚོགས་བལྟར་བར་ལྷ་མིག་ལྡན། དུས་རབས་རྒན་པོའི་རྒྱུ་ནོར་ལ་རྒྱ་དེ། རང་དོན་སྒྲུབ་པའི་ལག་ཆ་ཙམ་དུ་ཟད།
དངོས་བདེན་ཞུ་རྒྱུར། ད་ལྟ་ཨ་སྒོར་ས་ཡ་ ༢༣ དེ་འབྱོར་རྒྱུ་རེད། སྤྲང་པོའི་ཐུག་པ་མ་འཁོལ་གོང་ནས་ལུད་ཡོང་གི་འདུག
སྲིད་སྐྱོང་ལགས་ཕྱག་ལས་མ་འགྲུབ་སྔོན་ནས་ཁྱབ་བསྒྲགས་གནང་རྒྱུར་རྔམ་དྲག་ཞེ་དྲག་འདུག ལོ་ལྔའི་རིང་ལ་ཨ་རི་དང་ཡོ་རོབ་ལ་སློང་མོ་བརྒྱབས་པ་ཡོད་ཚད། ཧ་ལམ་མ་སོང་ན་ཁོང་སྒེར་ནས་གནང་གི་ཡོད་པ་འདྲ་བོ་གསུངས་བསྡད་པ་རེད། ད་ལོ་ལྔ་ཕྱི་མར། ཡང་ཨ་སྒོར་ས་ཡ་ ༢༣ མ་ཐོབ་སྔོན་ནས་བསྒྲགས་ཚར་སོང་། ད་ལག་ཏུ་ཐོབ་དུས་ག་ཚོད་ཡོད་མེད་བླ་མ་དཀོན་མཆོག་མཁྱེན། ད་ལོས་ཡིན། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་འདྲ་ཞིག་ལག་རོགས་སུ་བླངས་དུས་ཧ་གོ་ཡོང་།
སྔོན་མ་ ༢༠༡༤ ལོར་ཨ་རིའི་གྲོས་ཚོགས་ནང་བོད་མི་སྐྱབས་བཅོལ་བ་ལེན་ཕྱོགས་ཆོག་མཆན་ཐོབ་ཀྱི་རེད། ཐོབ་སོང་ན་ཁྱོད་ཚོ་ཨ་རིར་གཏོང་གི་ཡིན་ཞེས་གསུངས་བཞུགས་པ་རེད། ད་སྐད་ཆ་དེ་ཚོ་གནམ་མཁའི་འཇའ་མཚོན་ཆགས་ཚར་བ་རེད། མི་མང་སྙིང་རྗེ། ཏག་ཏག་སྨན་སྤར་ཕན་བདེ་གླིང་དང་སྦན་ངྷ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་གཞིས་མི་ཚོའི་རེ་བ་མ་ཤི་ནས། སྲིད་སྐྱོང་བློ་བཟང་སེང་གེར་འོས་ལྡུགས་རྐྱང་བྱས་པ་རེད། འོན་ཀྱང་། སྐད་ཆ་དེ་དག་དེང་སང་ས་རྡུལ་ཆགས་ཚར་བ་རེད། ཧཧཧཧཧཧ
གོང་གི་མཆན་དེར་ན་ཆད་འདུག་པས། བསྐྱར་དུ་མཆན་བཀོད་དགོས་བྱུང་བས་དགོངས་འགལ་མེད་པ་ཞུ། དེབ་པར་བསྐྲུན་ལ་རོགས་རམ་གནང་གི་ཡོད་ན། ཤེས་མཁན་འདྲ་ཡོད་ན་ལམ་སྟོན་ཞིག་གནང་རོགས།
ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཀྱི་ཆབ་སྲིད་ དང་དཔལ་འབྱོར་རོགས་རམ་ལ་ང་ཚོ་མགོ་འཁོར་ནས་རང་གི་རྒྱལ་ཁབ་སླར་གསོའི་ལས་འགུལ་མ་བརྗེད་པ་གནང་དགོས་པ་ནི་དེ་སྔོན་རྒྱ་མི་བོད་དུ་སླེབས་སྐབས་ལྷ་ས་ཁུལ་དུ་གླུ་གཞས་འདི་འདྲ་གཏོང་གི་ཡོད་པ་གོ་མྱོང་ (རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་དངུལ་ད་ཡངས་ཆར་པ་བབས་བབས་རེད་ཟེར་བ་ནས་ཚང་མས་་ཟབ་ཟབ་གནང་དགོས་དེ་གལ་ཆེན་མ་རེད་དམ་།
དེབ་དཔར་སྐྲུན་ལ་རོགས་རམ་ཡོད་མ་རེད། ཨ་སྒོར་དེ་དག་དངུལ་ཁང་འཛུགས་ཆེད་རེད། དངུལ་འཛུགས་ཆོག་པའི་ཆོག་མཆན་དེ་ ༢༠༡༩ ལོར་རག་པའི་རེ་བ་བྱེད་ཀྱི་ཡོད་རེད། ཆོག་ཆེན་ཐོབ་མཚམས་ཨ་རིའི་གཞུང་གིས་གཞི་ནས་ཨ་སྒོར་དེ་དག་འབྱོར་དང་མ་འབྱོར་ལྟ་རྒྱུ་རེད།
ཀརྨ་ཡེ་ཤེས་དང་སྐལ་རྡོར་ལྟ་བུ་ལ་ཡིད་ཆེས་ན་སྨྱོན་པ་ལོས་ཡིན། དེ་ལས་སྲིད་སྐྱོང་བློ་སེང་གིས་ལ་དྭགས་དང་མན་སྤར། སྦན་ད་ར་གསུམ་ཨ་རི་ལ་གཏོང་རྒྱུའི་འོས་ཐོབ་ཆེད་ཁས་ལེན་གནང་བ་དེ་བརྡ་འདེད་གཏོང་བའི་དུས་ལ་བབ་མི་འདུག་གམ་ཨ། ལ་དྭགས་མངའ་རིས་མི་དམངས་གང་ན་གཉིད་ཁུག་ཡོད་ན།་ཕལ་ཆེར་ངུ་ན་ངུ་མ་ཤེས། དགོད་ན་དགོད་མ་ཤེས་པ་ཆགས་ཚར་བ་མིན་དྲོ།
ཨ་སྒོར་ས་ཡ་ཉི་ཤུ་རྩ་གསུམ་ནང་ནས་ལྐོག་ཟ་རུལ་སུངས་མ་སོང་པ་དང་། མི་མང་ཉམ་ཐག་ལ་ཕན་པ་གཉིས་བྱུང་བ་བྱ་གལ་ཆེན་པོ་རེད་དོ།།
བོད་མི་མང་གི་སྤྱི་དངུལ་དེ་དག ལྐོག་ཟ་རུལ་སུངས་ཀྱི་དངུལ་ཁུག་ལ་མ་འགྲོ་བར། བོད་རིགས་ཉམས་ཐག་ཚོའི་ལག་པར་བསླེབས་ཐབས་བྱ་རྒྱུ་དེ། དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དེ་རད་དོ།། དྷ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཚོ།། །།
༅༅། མ་ཡོང་ཨ་རིར་མ་ཡོང། མ་ཡོང་ཁེ་ཎ་ཌར་མ་ཡོང། ངེས་པར་ཡོང་རྒྱུ་ཡིན་ན། མི་རིགས་རྒྱལ་ཞེན་མི་ཡོང། ཕྲུ་གུ་འཕེལ་རྒྱས་མི་ཡོང། མཛའ་གྲོགས་རྒྱུན་གཏན་མི་ཡོང། ལྟོ་གོས་ལྡེང་ཙམ་མ་གཏོགས། རེ་བ་ཆེན་པོ་མ་རྒྱག། རང་མགོ་ཐོན་ཙམ་མ་གཏོགས། དགེ་སྒྲུབ་ཆོས་ཀྱང་མི་ཡོང། རང་གི་ལུགས་ཀྱང་བརྗེད་འགྲོ། ཕྱི་ཡི་ལུགས་ཀྱང་མི་ཤེས།
ཉེ་བའི་ཆར་བོད་སྤྱི་ཚོགས་ནང་ལ་གླེང་གཞི་ཆེ་བའི་མི་སྣ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས། མྱི་ག་འདྲ་ཡིན་མིན་དེ་རིང་ཕྱི་རུ་མངོན་བྱུང།
CTA’s Kudak Lobsang Senge select Kaydor la for one of the post in CTA branch.
ཨ་སྒོར་ས་ཟ་༢༣་ལེན་པ་འདི་ནི་དམངས་གཙོ་མི་དགོས་པའི་དབུ་མའི་ལམ་གྱི་བསྒྲུབ་བྱ་འགྲུབ་མི་ཐུབ་པའི་མ་རྩ་རེད། ཨ་རིའི་གཞུང་གིས་ངོས་ནས་བཙན་བྱོལ་སྒྲིག་འཛུགས་དང་སྒྲིག་འཛུགས་ཀྱི་ཚོགས་མི་ཚོས་དམངས་གཙོ་ཁྱིའི་སྐྱག་གཡུགས་གཡུགས་བྱས་ནས་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་གི་ཡིན་ཟེར་བ་དེ་ལ་ཞེ་ཐག་པ་ནས་ངོས་ལེན་བྱ་མི་སྲིད་པ་རེད།
ཨ་རིའི་གཞུང་གིས་ངོས་ནས་བྱས་ན་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་རྒྱ་ནག་དམར་ཕྱོགས་པའི་སྒྲིག་འཛུགས་དེ་ཉིད་གཏོར་རྐྱེན་གྱི་རྡེའུ་ཆུང་ཆུང་ཞིག་ལ་བེད་སྤྱོད་གཏོང་ངེས་རེད། འབུ་དུང་དཀར་འོ་མས་གསོས་བ་དེ། དགྲ་ཆུ་སྲིན་ཐོག་ཏུ་མངགས་ཀྱི་རེད་ཅེས་པ་ལྟ་བུ་རེད། མ་གཏོགས་བྱམས་རྗེའི་ཐོག་ནས་སྤྱིན་པ་བཏང་བ་མིན་པར་ཤེས་དགོས་པར་གལ་ཆེན་རེད།་་་ཧཧ
སྤྱི་དོན་ལ་རྩོད་པ།
ཀརྡོར་ས་ཡ་༢༣གྱིས་ཀྱང་དབུས་ལམ་ཕན་ཀྱང་། ཅོ་རིར་ས་ཡ་༤༦གིས་ཀྱང་རང་བཙན་ལ་མི་ཕན།
རྟག་ཏུ་ཁ་ཡིས་རང་བཙན་རྩོད་ལེན་བྱེད།
ཆེད་དུ་བསྒྲུབས་པའི་བྱ་བ་ཆུ་ཐིགས་ཙམ།
ད་དུང་དམ་པས་བགྱིས་པའི་མཛད་བཟང་ལ།
བཀྲིན་མི་དྲན་དིྲན་ལན་ལོག་འཇལ་བྱས།
དེ་འདྲ་དེ་ལ་རྟག་ཏུ་སྙིང་རྗེ་སྒོམ།
རང་དོན་སྒྲུབ་ཆེད་ལ་རྒྱ་འབག་ལྟར་སྤྱོད།
གཞན་དོན་སྒྲུབ་ཟོལ་ལ་རྒྱ་གོས་ལྟར་སྤྱོད།
རང་མགོར་གཡག་འཚོགས་བལྟ་བའི་མིག་གིས་དབེན།
གཞན་མགོར་ཤིག་འཚོགས་བལྟར་བར་ལྷ་མིག་ལྡན།
དུས་རབས་རྒན་པོའི་རྒྱུ་ནོར་ལ་རྒྱ་དེ།
རང་དོན་སྒྲུབ་པའི་ལག་ཆ་ཙམ་དུ་ཟད།
དངོས་བདེན་ཞུ་རྒྱུར། ད་ལྟ་ཨ་སྒོར་ས་ཡ་ ༢༣ དེ་འབྱོར་རྒྱུ་རེད། སྤྲང་པོའི་ཐུག་པ་མ་འཁོལ་གོང་ནས་ལུད་ཡོང་གི་འདུག
སྲིད་སྐྱོང་ལགས་ཕྱག་ལས་མ་འགྲུབ་སྔོན་ནས་ཁྱབ་བསྒྲགས་གནང་རྒྱུར་རྔམ་དྲག་ཞེ་དྲག་འདུག ལོ་ལྔའི་རིང་ལ་ཨ་རི་དང་ཡོ་རོབ་ལ་སློང་མོ་བརྒྱབས་པ་ཡོད་ཚད། ཧ་ལམ་མ་སོང་ན་ཁོང་སྒེར་ནས་གནང་གི་ཡོད་པ་འདྲ་བོ་གསུངས་བསྡད་པ་རེད།
ད་ལོ་ལྔ་ཕྱི་མར། ཡང་ཨ་སྒོར་ས་ཡ་ ༢༣ མ་ཐོབ་སྔོན་ནས་བསྒྲགས་ཚར་སོང་། ད་ལག་ཏུ་ཐོབ་དུས་ག་ཚོད་ཡོད་མེད་བླ་མ་དཀོན་མཆོག་མཁྱེན།
ད་ལོས་ཡིན། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་འདྲ་ཞིག་ལག་རོགས་སུ་བླངས་དུས་ཧ་གོ་ཡོང་།
སྔོན་མ་ ༢༠༡༤ ལོར་ཨ་རིའི་གྲོས་ཚོགས་ནང་བོད་མི་སྐྱབས་བཅོལ་བ་ལེན་ཕྱོགས་ཆོག་མཆན་ཐོབ་ཀྱི་རེད། ཐོབ་སོང་ན་ཁྱོད་ཚོ་ཨ་རིར་གཏོང་གི་ཡིན་ཞེས་གསུངས་བཞུགས་པ་རེད། ད་སྐད་ཆ་དེ་ཚོ་གནམ་མཁའི་འཇའ་མཚོན་ཆགས་ཚར་བ་རེད། མི་མང་སྙིང་རྗེ། ཏག་ཏག་སྨན་སྤར་ཕན་བདེ་གླིང་དང་སྦན་ངྷ་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་གཞིས་མི་ཚོའི་རེ་བ་མ་ཤི་ནས། སྲིད་སྐྱོང་བློ་བཟང་སེང་གེར་འོས་ལྡུགས་རྐྱང་བྱས་པ་རེད། འོན་ཀྱང་། སྐད་ཆ་དེ་དག་དེང་སང་ས་རྡུལ་ཆགས་ཚར་བ་རེད། ཧཧཧཧཧཧ
ཨ་སྒོར་ས་ཡ་23 དེ་དབུས་བོད་མིའི་སྒྲིགས་འཛུགས་ལ་གནར་རེད་དམ་
གཡར་བ་རེད་?
དེབ་པར་བསྐྲུན་ལ་རོགས་རམ་བྱེད་ཀྱི་ཡོད། ཤེས་མཁན་ན་ལམ་སྟོན་གཅིག་གནང་དང་།
གོང་གི་མཆན་དེར་ན་ཆད་འདུག་པས། བསྐྱར་དུ་མཆན་བཀོད་དགོས་བྱུང་བས་དགོངས་འགལ་མེད་པ་ཞུ། དེབ་པར་བསྐྲུན་ལ་རོགས་རམ་གནང་གི་ཡོད་ན། ཤེས་མཁན་འདྲ་ཡོད་ན་ལམ་སྟོན་ཞིག་གནང་རོགས།
ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཀྱི་ཆབ་སྲིད་
དང་དཔལ་འབྱོར་རོགས་རམ་ལ་ང་ཚོ་མགོ་འཁོར་ནས་རང་གི་རྒྱལ་ཁབ་སླར་གསོའི་ལས་འགུལ་མ་བརྗེད་པ་གནང་དགོས་པ་ནི་དེ་སྔོན་རྒྱ་མི་བོད་དུ་སླེབས་སྐབས་ལྷ་ས་ཁུལ་དུ་གླུ་གཞས་འདི་འདྲ་གཏོང་གི་ཡོད་པ་གོ་མྱོང་ (རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་དངུལ་ད་ཡངས་ཆར་པ་བབས་བབས་རེད་ཟེར་བ་ནས་ཚང་མས་་ཟབ་ཟབ་གནང་དགོས་དེ་གལ་ཆེན་མ་རེད་དམ་།
དེབ་དཔར་སྐྲུན་ལ་རོགས་རམ་ཡོད་མ་རེད། ཨ་སྒོར་དེ་དག་དངུལ་ཁང་འཛུགས་ཆེད་རེད། དངུལ་འཛུགས་ཆོག་པའི་ཆོག་མཆན་དེ་ ༢༠༡༩ ལོར་རག་པའི་རེ་བ་བྱེད་ཀྱི་ཡོད་རེད། ཆོག་ཆེན་ཐོབ་མཚམས་ཨ་རིའི་གཞུང་གིས་གཞི་ནས་ཨ་སྒོར་དེ་དག་འབྱོར་དང་མ་འབྱོར་ལྟ་རྒྱུ་རེད།
ཀརྨ་ཡེ་ཤེས་དང་སྐལ་རྡོར་ལྟ་བུ་ལ་ཡིད་ཆེས་ན་སྨྱོན་པ་ལོས་ཡིན། དེ་ལས་སྲིད་སྐྱོང་བློ་སེང་གིས་ལ་དྭགས་དང་མན་སྤར། སྦན་ད་ར་གསུམ་ཨ་རི་ལ་གཏོང་རྒྱུའི་འོས་ཐོབ་ཆེད་ཁས་ལེན་གནང་བ་དེ་བརྡ་འདེད་གཏོང་བའི་དུས་ལ་བབ་མི་འདུག་གམ་ཨ། ལ་དྭགས་མངའ་རིས་མི་དམངས་གང་ན་གཉིད་ཁུག་ཡོད་ན།་ཕལ་ཆེར་ངུ་ན་ངུ་མ་ཤེས། དགོད་ན་དགོད་མ་ཤེས་པ་ཆགས་ཚར་བ་མིན་དྲོ།
ཨ་སྒོར་ས་ཡ་ཉི་ཤུ་རྩ་གསུམ་ནང་ནས་ལྐོག་ཟ་རུལ་སུངས་མ་སོང་པ་དང་། མི་མང་ཉམ་ཐག་ལ་ཕན་པ་གཉིས་བྱུང་བ་བྱ་གལ་ཆེན་པོ་རེད་དོ།།
བོད་མི་མང་གི་སྤྱི་དངུལ་དེ་དག ལྐོག་ཟ་རུལ་སུངས་ཀྱི་དངུལ་ཁུག་ལ་མ་འགྲོ་བར། བོད་རིགས་ཉམས་ཐག་ཚོའི་ལག་པར་བསླེབས་ཐབས་བྱ་རྒྱུ་དེ། དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དེ་རད་དོ།། དྷ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཚོ།། །།
༅༅། མ་ཡོང་ཨ་རིར་མ་ཡོང། མ་ཡོང་ཁེ་ཎ་ཌར་མ་ཡོང།
ངེས་པར་ཡོང་རྒྱུ་ཡིན་ན། མི་རིགས་རྒྱལ་ཞེན་མི་ཡོང།
ཕྲུ་གུ་འཕེལ་རྒྱས་མི་ཡོང། མཛའ་གྲོགས་རྒྱུན་གཏན་མི་ཡོང།
ལྟོ་གོས་ལྡེང་ཙམ་མ་གཏོགས། རེ་བ་ཆེན་པོ་མ་རྒྱག།
རང་མགོ་ཐོན་ཙམ་མ་གཏོགས། དགེ་སྒྲུབ་ཆོས་ཀྱང་མི་ཡོང།
རང་གི་ལུགས་ཀྱང་བརྗེད་འགྲོ། ཕྱི་ཡི་ལུགས་ཀྱང་མི་ཤེས།