སྤོབས་པ་མཐའ་ཡས།
ངའི་གློག་ཀླད་ལས་ཧི་མ་ལ་ཡའི་ཡིག་གཟུགས་འདི་ཡིག་གཟུགས་མགོ་འདོགས་དབྱངས་ཚེག་དང་བཅས་པ་ཁ་གཏོར་ནས་ཤར་ཡོང་སྟབས་ཀློག་ཐུབ་པ་མི་འདུག འདིར་བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་ཐོག་ལྷག་བོད་ཡིག་གི་དྲྭ་རྒྱ་སྐོར་ལ་ཤེས་ཡོན་ཡོད་མཁན་གཅིག་ཀྱང་མ་མཐོང་བས་རོགས་བྱེད་མཁན་ཞིག་མི་འདུག ཁྱེད་རྣམ་པ་སུ་ཞིག་ཡིན་རུང་འདིའི་སྐོར་ངོ་སྤྲོད་ལེགས་པོ་པོ་ཞིག་གནང་ཐུབ་ན་ཕན་ཐོགས་ཆེན་པོ་འདུག ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ལགས།
གློག་ཀླད་མ་འདྲ་མང་པོ་ཞིག་ཡོད་ཙང་ཁྱེད་ཀྱིས་དང་པོ་རང་ཉིད་ཀྱི་གློག་ཀླད་འདི་གང་འདྲ་ཞིག་འགྲེལ་བཤད་གནང་རོགས། ང་ནི་དབྱིན་ཇི་མི་ཡིན་ཡང་བོད་ཡིག་ཐོག་ཕྱག་རོགས་ཕུལ་ཐབས་ཞུ་གི་ཡིན། ཁྱེད་ཀྱི་གློག་ཀླད་ Windows XP རེད་དམ་ Windows Vista རེད་དམ། ཀུ་ཤུའི་ཚོང་རྟགས་གློག་ཀླད་ཡིན་ན་ Mac Leopard རེད་དམ་ Mac Tiger རེད་དམ། ཁ་བརྡ་དྲ་རྒྱ་ཀློག་ཐུབ་པ་ང་ཚོས་རྒྱབ་སྐྱོར་བྱེད་ངེས་རེད། ཡིན་ན་འང་། དྲ་རྒྱ་དང་སྙེས་ཆས་གཞན་པ་དེ་ཚོ་སོ་སོར་ཁྱད་ཆོས་མང་པོ་ཡོད་སྟབས། རོགས་རམ་བྱེད་ས་དེ་ཚོའི་ས་ནས་ཞུ་བ་འདི་ལས་ལེགས།
གྲོགས་པོ་གློག་ཀླད་སྨན་པ་ལགས།
ཁྱེད་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་གློག་ཀླད་ནི་ NECརྟགས་ཅན་དང་ windows xpཡིན། བོད་ཡིག་གི་དྲྭ་རྒྱ་གསར་པ་ཚོའི་ནང་དུ་ཧི་མ་ལ་ཡའི་ཡིག་གཟུགས་ཕབ་ལེན་བྱེད་ས་ཡིན་ཟེར་བའི་རྟགས་དེའི་སྟེང་བརྡབས་སྐབས་ཕབ་བྱེད་བཞིན་པའི་རྣམ་པ་དེ་མཐོང་ཐུབ་ཀྱི་འདུག་ཀྱང་དོན་དངོས་སུ་ཡིག་གཟུགས་དེ་བེད་སྤྱོད་ལྟ་ཞོག་ྋཐྲྤཀློག་ཀྱང་མི་ཐུབ་པ་གོང་ཞུས་བཞིན་ལགས། དེའི་ཐད་ལ་ལམ་སྟོན་གནང་ཐུབ་ན་ཐུགས་རྗེ་ཆེ་ཞུ།
སྤོབས་པ་མཐའ་ཡས་ལགས།
XP ནང་དུ་ཧི་གཟུགས་ཏག་ཏག་ཅིག་མཐོང་མི་ཐུབ་དོན་གཙོ་བོ་ནི་དྲ་འབྱེད་མཉེན་ཆས(Internet Explorer) ཡིན་ལ། གལ་སྲིད་ཉིད་ལ་དྲ་འབྱེད་མཉེན་ཆས་ཐོན་གསར་ཤོས་དེ་མེད་ན (Internet Explorer 7) ཧི་གཟུགས་འདི་དྲ་ཐོག་ནས་ཡག་པོ་ཞིག་ཤར་ཐུབ། Mozila ནང་དུ་དེ་བས་ཀྱང་ཡག་པོ་ཞིག་མཐོང་མི་ཐུབ་པས། གོང་གི་གནས་ཚུལ་ལ་གཞིགས་ནས་ཚོད་ལྟ་ཞིག་གནང་རོགས། གལ་སྲིད་XP ནང་དུ་ཧི་གཟུགས་བཀོལ་སྟངས་དང་། དྲ་འབྱེད་མཉེན་ཆས་སོགས་ཕབ་ལེན་བྱེད་དགོས་ཚེ། ང་ཚོའི་དྲ་གནས་སུ་ཕེབས་དང་དེ་གར་གསལ་བོར་བཀོད་ཡོད། http://www.kanglam.com
སྐུ་ཞབས་འདྲེ་རིག་ལྡན་ལགས། ཐུགས་རྗེ་ཆེ། ཁྱེད་ལྟ་བུའི་གྲོགས་པོ་རེ་གཉིས་དྲྭ་ངོས་འདིར་བཞུགས་པ་ནི་ཁོ་བོའི་ཞེ་ཕུགས་དྲོ་བའི་གསོས་སུ་གྱུར། ངས་ཁྱེད་ཀྱིས་གསུངས་པ་བཞིན་ཚོད་ལྟ་བྱ་རྒྱ་ཡིན། ང་ལ་ཉིན་གཅིག་ཡིན་ཡང་སྔ་ཕྱི་འདུག་པས་གོང་གི་གློག་ྋཐྲྤཀླད་སྨན་པ་ཡང་བསྐྱར་ཡི་གེ་ཞིག་བྲིས་པ་ཡིན། གལ་སྲིད་ལེགས་གྲུབ་མ་བྱུང་ན་ཡང་བསྐྱར་ལམ་སྟོན་གྱི་སྐུ་ངལ་སྐྱོན་རོགས་གནང༌།
ལས་དོན་འདིའི་ཕྱོགས་སུ་ནམ་ཡང་གྲྭ྄་སྒྲིག་ཡིན་པས། ཐུགས་ཟོན་གནང་མི་དགོས།
སྤོབས་པ་མཐའ་ཡས་ལགས།
Windows Vista དང་ XP གཉིས་བར་གྱི་རྩ་བའི་ཁྱད་པར་ནི་ མཉེན་ཆས་ཀྱི་ཆ་ཤས་མིང་ལ་ Uniscribe ཟེར་བ་འདི་རེད། མཉེན་ཆས་ཀྱི་ཆ་ཤས་འདིས་བོད་ཡིག་གི་འདོགས་ཅན་དང་མགོ་ཅན་རྣམས་རང་སར་འགོད་པ་ལ་ནུས་པ་ཐོན་གྱི་ཡོད། XP ནང་དུ་ཧི་མ་ལ་ཡ་ལྟ་བུའི་གཅིག་གྱུར་གསང་རྟགས་ཅན་གྱི་ཡིག་གཟུགས་ཤར་རྒྱུའི་ཆེད་དུ་ཁྱེད་རང་གིས་གློག་ཀླད་ནང་གི་Uniscribe དེ་ཐོན་གསར་པར་བཅོས་བསྒྱུར་བྱེད་དགོས། རྒྱ་ནག་དང་ཨ་རི་སོགས་ནས་བསྐྲུན་པའི་འདི་འདྲ་བྱེད་ཐབས་ཀྱི་ཐབས་ལམ་སྣ་ཚོགས་བཟོས་འདུག ངས་ཁྱེད་རང་གིས་གཤམ་གསལ་གྱི་དབྱིན་ཡིག་ཏུ་ཡོད་པའི་གསལ་བཤད་འདི་ཚོ་ལ་གཟིགས་ཞིབ་གནང་རོགས་ཞུ་བ་ཡིན།
http://www.thdl.org/xml/showEssay.php?xml=/tools/fonts/unicode-explain-eng.xml&m=all
གོང་གསལ་གྱི་འགྲེལ་བཤད་དུ་འཁོད་པ་རྣམས་ཚུལ་བཞིན་བྱེད་ཐུབ་ཚེ། ཁྱེད་རང་གིས་ཡིག་གཟུགས་རྣམས་ཚུལ་མཐུན་དུ་མཐོང་ཐུབ་གི་རེད། འདྲེ་རིག་ལྡན་གྱིས་བཤད་པ་བཞིན་ཁྱེད་རང་གིས་ (Internet Explorer 7) གློག་ཀླད་དུ་བཅུག་པ་ཡིན་ན་ཚེག་གི་གཅོད་མཚམས་རྣམས་ཚུལ་བཞིན་ཡོང་གི་རེད། ཡིན་ན་ཡང་། ཁོང་གིས་གསུངས་པ་དེ་ཏག་ཏག་མེད་པ་ཞིག་ནི། ཁྱེད་རང་གིས་ Mozilla Firefox 3 (www.getfirefox.com) བེད་སྤྱོད་བྱས་ན་ཡང་བོད་ཡིག་ཏག་ཏག་ཡག་པོ་ཡོང་གི་འདུག་པ་དེ་རེད།
གློག་ཀླད་སྨན་པས་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ། འདི་ལྟའི་ཤེས་བྱ་གང་མང་གནང་རྒྱུར་ཆར་སྡོད་བྱེའུ་བཞིན་དུ་སྒུག་ནས་ཡོད་པས། ཡང་ཡང་འདིར་ཕེབས་པར་ཞུ། བཀའ་དྲིན་ཆེ།
གློག་ཀླད་སྨན་པ་ལགས། ཉིད་ཀྱིས་ངོ་སྤྲོད་གནང་པའི་དྲ་གནས་དེར་ཞིབ་ཏུ་བལྟས་པ་ཡིན། བལྟས་ཚར་རྗེས་ཧམ་སེམས་ཤིག་ཀྱང་ངང་གིས་སྐྱེས་བྱུང་། ངས་vista དང་ XP གཉིས་ཀ་བཀོལ་བཞིན་ཡོད་ལ། XP ནང་དུ་ཡང་ཧི་གཟུགས་བདེ་ལེགས་ངང་འབྲི་ཀློག་ཐུབ་པ་འདུག འོན་ཀྱང་། microsoft ཡི་ཁྱབ་ཁོངས་མ་ཡིན་པའི་མཉེན་ཆས་ཁག་ཏུ་བེད་སྤྱོད་མི་ཐུབ་པ་མ་ཟད། Indesign སོགས་སུ་ཡང་བཀོལ་སྤྱོད་ཐུབ་པ་མི་འདུག གལ་སྲིད་ང་ཚོས་དྲ་གནས་དེར་བསྟན་པའི་ལམ་སྟོན་ཁག་བོད་སྒྱུར་གྱིས་བོད་ཕྱི་ནང་ཡོངས་སུ་བཀྲམ་ཐུབ་ན་དེ་ནི་ཆེས་ཕན་རླབས་ཆེ་བར་མཐོང་ཞིང་། དེ་ལྟར་གནང་ན་དེས་ microsoft ཡི་ཁྱབ་ཁོངས་མ་ཡིན་པའི་མཉེན་ཆས་ཁག་ཏུ་ཡང་བེད་སྤྱོད་ཐུབ་པའི་ཁག་ཐེག་བྱེད་ཐུབ་བམ། ལན་ཞིག་གནང་རོགས།
སྐུ་ཞབས་གློག་ཀླད་སྨན་པ་དང་འདྲེ་རིག་ལྡན་ལགས་གཉིས་ཀྱི་ལམ་སྟོན་བརྒྱུད་ཁོ་བོ་ལམ་དེར་འཇུག་ཐུབ་པ་འདྲ་བས་ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས། འབད་བརྩོན་བྱེད་བཞིན་ཡོད། མི་རིང་མཇལ་ཡོང༌།
སྟབས་མ་ལེགས་པ་ཞིག་ལ། གློག་ཀླད་གང་འདྲ་ཞིག་ཡིན་ན་ཡང་། Adobe Indesign CS3 དང་ Photoshop CS3 ཟེར་བ་དེ་ཚོའི་ནང་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ ༼Tibetan Unicode༽གིས་ལས་ཀ་བྱེད་ཐུབ་པ་མི་འདུག གལ་སྲིད་བོད་ཡིག་བེད་སྤྱོད་བྱེད་དགོས་ངེས་ཤར་ཚེ་ བོད་ཡིག་གི་ཡིག་གཟུགས་རྙིང་པ་དཔེར་ན་པཎ་ཌི་ཏ་དང་ཊི་སི་ཨར་སི་ལ་སོགས་པ་བེད་སྤྱོད་གཏོང་ཐུབ་གི་རེད། གཅིག་བྱས་ན་ལོ་རྗེས་མའི་ནང་Adobe Indesign CS4 དང་ Photoshop CS4 སླེབས་ན་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ ༼Tibetan Unicode༽གིསལས་ཀ་བྱེད་སྲིད་པ་རེད།
མཚམས་རེ་ལན་རེར་ང་ཁ་བརྡ་ལ་ཡོང་ནས་གློག་ཀླད་སྐོར་གྱི་དྲི་བ་དེ་ཚོ་ལ་ལན་རེ་འབྲི་ངེས་ཡིན།
ཐུགས་རྗེ་ཆེ།