ལོ་ལོན་གྱིས།
ཞལ་འདེབས་རྒྱག་སྟངས་མགྱོགས་ཤོས་ཤིག་ནི། ཐད་ཀར་བོད་ནང་དུ་ཡོད་པའི་རང་གི་ནང་མི་ལ་ཁ་པར་གཏོང་རྒྱུ་དེ་རེད།
ད་ལྟ་བོད་ས་ཡོངས་རྫོགས་སུ་སྒོར་མོ་དང་ཟས་གོས་ཉལ་ཆས་སོགས་གང་ཐུབ་ཐུབ་བསྡུ་ལེན་བྱེད་ཀྱིན་མེད་པའི་ས་ཆ་གཅིག་ཀྱང་མེད། དེར་བརྟེན།
རང་གི་ནང་མི་དང་ཉེ་འབྲེལ་དག་བརྒྱུད་ནས་རོགས་སྐྱོར་སྤྲོད་ཐུབ་པ་ཡིན་ན། དེ་ནི་སྟབས་བདེ་ཤོས་དང་མགྱོགས་ཤོས། རང་ཉིད་བློ་འཁེལ་ཤོས་ཀྱང་རེད། དང་པོར་ཁྱེད་ཀྱི་ཕ་ཡུལ་གྱི་དགོན་པའི་ནང་དང་གྲོང་པའི་ནང་ན། ཁོང་ཚོས་སྐྱེ་དགུ་མདོར་ཟས་རིགས་དང་སྨན་རིགས་། ཡང་ན་སྣོད་ཆས་དང་གོན་པ་སོགས་ག་རེ་འཁྱེར་གྱི་ཡོད་མེད་དེར་བརྩད་གཅོད་ཡག་པོ་ཞིག་བྱས། དེ་ནས་དེའི་སྒང་ལ་ཁ་སྣོན་རྒྱག་ཐུབ་ན་ཧ་ཅང་ཡག་པོ་རེད། དཔེར་ན། ཁྱེད་ཀྱི་གྲོང་པའི་ནང་རྩམ་པ་དང་མར་ཆུར་སོགས་བསྡུ་གི་འདུག་ན། “ངས་ཀྱང་དེར་རྩམ་པ་རྒྱ་མ་ཁྲི་གཅིག་གི་ཞལ་འདེབས་རྒྱག་གི་ཡིན། ཡང་ན། མར་རྒྱ་མ་ཁྲི་གཅིག ཡང་ན་ཟ་ཆོག་ཆོག་གི་ཟས་རིགས་སྣ་འཛོམས་རླངས་འཁོར་གང་བཀོད་བསྒྲིགས་བྱེད་རོགས། དངུལ་གཏོང་ཡོང་གི་ཡིན་”ལབ་ནས་རང་གི་ནང་མི་དང་གྲོང་པར་སྐད་ཆ་བཤད་ནས་འདུམ་སྒྲིག་བྱེད་ཐུབ་ན་ཤིན་ཏུ་སྟབས་བདེ་ཡིན།
དེ་མ་གཏོགས། ང་ཚོ་ཕྱི་ལོགས་ན་ཡོད་མཁན་ཚོས། གསར་འགྱུར་རེ་ྐློག་བཞིན་མིག་ཆུ་རེ་བཏང་། ཞེ་སྡང་གི་མ་ཎི་རེ་བཏོན།
རང་གི་གཡས་གཡོན་ལ་བལྟས། ས་གནས་ཀྱིས་ཚོགས་པ་ལ་བལྟས། ས་གནས་ཚོགས་པས་་དོན་གཅོད་ལ་བལྟས།
དོན་གཅོད་ཁག་གིས་བཀའ་ཤག་ལ་བལྟས། བཀའ་ཤག་གིས་རྒྱ་ནག་གཞུང་ལ་བལྟས་བསྡད་པ་ཡིན་ན། ང་ཚོའི་ཁ་དཔེར།
“སྐྱེ་བདུན་རུལ་བུ་སླེབས་དུས་ཨ་ཕའི་སྐྱེ་བ་རྫོགས་ཚར་བ་རེད།”ཟེར་བ་དང་གཅིག་མཚུངས་རེད། འདི་ང་སྒེར་གྱི་བསམ་ཚུལ་དང་ཉམས་མྱོང་ཡིན།
ལོ་ལོན་བཤད་པ་ཤིན་ཏུ་བདེན། ང་རང་གིས་ཟས་དང་གཉིད་ཀྱང་བཅག་ནས་འབད་ཁུལ་ཡིན།