འོད་ཟེར་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
ཡུལ་ཤུལ་ས་གནས་བོད་མི་ནས་འབྱོར་བའི་སྐད་ཆ་དང་པར་རིས། རོགས་སྐྱོབ་རུ་ཁག་འགའ་ཞིག་གིས་གནོད་ཐེབས་ས་ཁུལ་ནས་བོད་ཀྱི་འབྲོག་ཁྱི་བརྐུས་སོང༌། ཡུལ་ཤུལ་འབྲོག་ཁྱི་ནི་སྐད་གྲགས་ཧ་ཅང་ཆེ་བས། བོད་མི་མང་པོ་ཞིག་གི་ཁྱིམ་ཚང་དུ་གསོ་ཉར་བྱས་ཡོད། པར་རིས་དང་པོ་དེ་ནི་ཟླ་བ ༤ པའི་ཚེས ༡༧ ཆུ་ཚོད ༤ པའི་སྐར་མ ༢༣ ལ་རེད། མེ་གསོད་རུ་ཁག་གི་སྒྲིག་ཆས་ཏེ་ལི་སེར་མདོག་ཅན་གྱོན་པའི་མི་འདི་གསུམ་གྱིས་གད་མོ་འཚེར་འཚེར་ངང་བོད་ཀྱི་འབྲོག་ཁྱི་ཆུང་ཆུང་ཞིག་རླངས་འཁོར་ནང་བཅུག་གྲབས་བྱེད་ཀྱི་འདུག
པར་རིས་གཉིས་པ་དེ་རུ། ལི་སེར་མདོག་ཅན་གྱོན་པའི་མེ་གསོད་རུ་ཁག་མི་བདུན་གྱིས་རྐང་བརྡ་ལག་བརྡ་ཤིག་ཤིག་གིས་ཁོང་ཚོས་བརྐུས་པའི་བོད་ཁྱི་དེ་ལག་འགྲིམ་བྱས་ནས་ལྟ་གིན་ཡོད། ཉེ་མཁྲིས་སུ་དྲག་ཆས་དམག་མི་ཞིག་གད་མོས་ཁ་ཡང་ཀྱོག་འདུག
དྲ་གྲོགས་ཤིག་གིས་ངའི Twitter དྲ་དེབ་ཐོག་བཞག་པའི་སྐད་ཆ་བཀླགས་ནས་བཤད་རྒྱུར། གསར་འགྱུར་ཞིག་གི་ནང་དུ་བོད་ཀྱི་འབྲོག་ཁྱི་སྐྱོབ་དགོས་ཞེས་འཁོད་ཡོད་ཟེར། སྐད་ཆ་དེ་ནི་ཅུང་བདེན་མེད་ཧམ་བཤད་བྱས་པ་ཞིག་རེད། འབྲོག་ཁྱི་ཆུང་ཆུང་དེ་ཚོ་འཆི་སྐྱོན་ཐེབས་པའི་བོད་མིའི་ཁྱིམ་ཚང་གི་ཡིན་པས། ཤུལ་ལུས་བོད་མི་ཚོར་གསོ་ཉར་བྱ་བཅུག་ན་ཏག་ཏག་འགྲིག་གི་ཡོད་པ་རེད། བོད་ཀྱི་འབྲོག་ཁྱིའི་རིན་གོང་ཧ་མི་གོ་མཁན་སུ་ཞིག་ཡོད།
ལྷ་སའི་ཉེ་སྐོར་ན་བོད་ཀྱི་འབྲོག་ཁྱི་འཚོང་སའི་ས་ཚིགས་ཆེ་ཁག་ཏུ་མེ་གསོད་རུ་ཁག་དང༌། མཐའ་མཚམས་སྲུང་དམག་དེ་ཚོས་ཉོ་གི་ཡོད་ལ། རིན་གོང་ཧ་ཅང་མཐོ་པོ་ཡོད་པ་རེད། ན་ནིང་ཟླ་བ ༣ པའི་ནང་དུ། “ ཤིན་ཨན་གྱི་སྦྱིན་བདག་ཆེན་མོ་ཞིག་གིས་སྒོར་ཁྲི ༤༠༠ སྤྲད་ནས་བོད་ཀྱི་འབྲོག་ཁྱི་ཞིག་ཉོས་པ་དང༌། གནམ་ཐོག་བརྒྱུད་ས་གནས་སུ་འཁྱེར་ཏེ་མྱུར་བགྲོད་རླངས་འཁོར ༣༠ ཡིས་གནམ་ཐང་ནས་བསུས། ” གསར་འགྱུར་འདི་སྨྱོ་བ་ལྟར་བརྒྱུད་ལམ་ཁག་ཏུ་ཤུགས་ཆེ་ཁྱབ། དེའི་ཕྱིར༌། བོད་ཀྱི་འབྲོག་ཁྱིའི་སླད་དུ་ཁ་ཆུ་འཁོར་མཁན་ཧ་ཅང་མང་པོ་རེད།
ད་ལྟ་རང་ཡུལ་ཤུལ་ནས་ཁ་གྱེས་པའི་ངའི་གྲོགས་མོ་ཞིག་གིས། ང་ལ་ཁ་པར་བཏང་ནས་བཤད་དོན། ཏོག་ཙམ་མིན་ན་ཆེ་ལ་གཏུམ་དྲག་ལྡན་པའི་འབྲོག་ཁྱི་ཞིག་གིས་མཆེ་བ་བརྒྱབ་སོང༌། སྟབས་ལེགས་པ་ཞིག་ལ། བོད་མི་ཞིག་གིས་ཤེད་ཀྱིས་བསྐྲད་སོང་ཟེར། ད་དུང་གནོད་ཕོག་ས་ཁུལ་གྱི་ག་ས་ག་ལ་ཁྱི་དག་འདུར་རྒྱུག་བྱེད་བཞིན་འདུག་ཟེར་སོང༌།
བོད་ཀྱི་འབྲོག་ཁྱི་ནི་བདག་པོ་ལ་ཆེས་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ཁྱི་ཞིག་རེད། ད་ཐེངས་ཀྱི་ས་འགུལ་འདིས། ཁྱིམ་ཚང་རེ་རེ་བྱས་ནས་མི་སེར་དཀྱུས་མ་འདི་འདྲའི་མང་པོ་ཞིག་འཆི་བདག་གཤིན་རྗེའི་ཁ་ནང་ལ་བཏབ་སོང༌། སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་འབྲོག་ཁྱི་ཆེན་པོ་དེ་དག་ཀྱང་སེམས་སྡུག་གིས་སྨྱོན་པ་ལྟར་ཆགས་ཡོད། འོན་ཏེ། འབྲོག་ཁྱི་ཆུང་ཆུང་དེ་ཚོ། སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་ཕྲུ་གུ་ཆུང་ཆུང་ཞིག་དང་འདྲ་བར་ཆགས་ས་འཁོར་ས་མེད། ད་དུང༌། བློ་ཡུལ་ལས་འགོངས་པ་ཞིག་ལ་ཧམ་སེམས་ཆེ་བའི་མི་དེ་དག་གི་ཁ་གཏད་ལྟ་བུ་ཆགས་པ་རེད། དོན་ངོ་མར་མི་དེ་དག་ནི་རོགས་སྐྱོབ་རུ་ཁག་ཡིན་པ་རེད། དེ་འདྲ་ཡིན་དུས། རོགས་སྐྱོབ་རུ་ཁག་གིས་ས་བསྔོགས་ནས་མི་སྐྱོབ་རྒྱུ་བཞག་སྟེ། བོད་ཀྱི་འབྲོག་ཁྱི་རྐུ་འཁྱེར་བྱེད་པ་དེ་ནི་ཧ་ཅང་ཐལ་དྲགས་པ་མ་རེད་དམ།
པར་འདི་ནི་ཡོད་གི http://1.bp.blogspot.com/_qALTZeF5j28/S8x1UJL6rRI/AAAAAAAAH6o/ulqfgVbCyn8/s1600/004.jpg
http://4.bp.blogspot.com/_qALTZeF5j28/S8x1Un7_meI/AAAAAAAAH64/hhwWtkwxGoQ/s1600/002.jpg
འདི་ལ་དཔག་ནས་དངོས་ཆས་དག་ཀྱང་བརྐུས་ནས་ཁྱེར་པ་གྲངས་ཀྱི་མི་ཆོད་པར་ཡོད་ངེས་རེད། འདི་དག་རྒྱལ་ཁབ་སྤྱིའི་ཁྲིམས་འགལ་དངོས་རེད། འོད་ཟེར་ལགས་དངོས་གནས་བཀའ་སྲིན་ཆེ། དེ་དག་རིགས་རྒྱ་མི་ཚོའི་གོ་གོ་རིག་རིག་བྱུང་ན་ཡག་པོ་འདུག རྒྱ་དམག་རོགས་པས་རྐུན་ཇག་བྱེད་པ་དང་། །བླ་མ་གྲྭ་བས་ཚེ་སྲོག་སྐྱབས་པ་དག །མཐོང་ཚེ་ས་མཐའི་བན་འཁྱམས་གྱི་ན་བས། །མི་འདོད་སེམས་ཀྱི་ན་ཚ་ལྷག་པར་འཕེལ། །
ཨོྃ་མ་ཎི་པདྨེ་ཧྰུྃ།
ད་མི་ལ་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་སོང་། ཁྱི་ཁྱེརན་ཁྱེར་། གཙོ་བོ་ད་ལྟའི་ཆར་དོན་དག་གང་ཡིན་ཡང་། ཆབ་སྲིད་དང་མི་རིགས་དབྱེ་འགྱེལ་ངོ་བོར་མི་འགྲོ་རྒྱུ་གལ་ཆེན་པོ་ཡིན། དེ་རྗེས་ནས་བཤད་ཁོམ་ཡོད་ན་རེད་བྲེལ་ལ་མ་ལང་། ཡིན་ན་ཡང་། གནས་ཚུལ་ཚང་མ་ཤེས་ན་བཟང་། ད་ལྟ་ཕྱི་ནང་གཉིས་ནས་རོགས་སྐྱོར་བྱེད་རྒྱ་དང་པོ་རེད་། ཁར་སྔོན་དང་པོ་རིགས་འབྱུང་གི་བཤད་པ་ལྟར་རེད་།
ད་ལྟ་ཁོ་ཚོས་ཡག་པོ་བཤད་གི་ཡོད་དུས་ང་ཚོས་ཀྱང་ཤེས་དགོས་ནི་རེད་། ཁ་ཁོམ་སོང་ན་མ་ཎི་བསོག་།
རེད་རེད། མི་ལྷག་འཕྲོ་རྣམས་སྐྱོབ་ཐུབ་སོང་ན་ཁྱི་ཁྱེར་ན་ཁྱེར། དེ་ལ་སྐྱོན་མི་འདུག གང་ལྟར་ཁྱི་ཕལ་ཆེར་ཞིག་ད་བདག་མེད་ཡིན་རྒྱུ་རེད། དངོས་གནས་ད་ལྟ་ཆེས་ཛ་དྲག་གི་སྐབས་འདིར་མི་རིགས་དབྱེ་འབྱེད་དང་སྲིད་དོན་མང་པོ་བཤད་རྒྱུ་མེད། དེ་རིང་དགོས་པ་དེ་ཁ་ཚ་དགོས་གཏུག་གི་རོགས་རམ་ཡིན།
ཁྱི་རྐུན་ཐེངས་གཉིས་པ་འདི་ན་འདུག འདིས་མི་འདི་དག་ནི་མི་སྐྱོབ་མཁན་མ་ཡིན་པར་ཁྱི་རྐུན་མཁན་ཡིན་པ་གསལ་བཤད་བྱས་པ་རེད།
ཁྱི་རྐུན་ཐེང་གཉིས་པ།http://2.bp.blogspot.com/_qALTZeF5j28/S85mqiQbIgI/AAAAAAAAH-A/CagaoY2Z29o/s1600/001-1.jpg