ཁྲོ་གཏུམ།
— སེམས་སྐྱ་མོའི་དགའ་སྐྱོ་རླུང་ལ་སྤུར་བའི་དུས་དེ་ཙ་ན།
གནམ་གཤིས་ཀྱི་སྲུབ་ཀར་ལྷག་པའི་གོས་ཀྱི་སེམས་ཁུངས་ཡུག་མ་དག
རླུང་བའི་རྒྱུ་ཕྱོགས་དང་ནམ་མཁའི་ངོ་གདོང་ལ་སིམ་པར་འཁྱམས
གྲངས་ངར་གྱིས་རུས་རྐང་རྡུང་བའི་དུས་ཀྱི་སོ་ཁ
རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་ལམ་ཕྲན་ཧ་ཅང་མང་ཞིང
ཤོག་ངོས་སུ་ཡན་པའི་ལུག་ཁྱུས་སྤང་རྩྭ་ཟ་ཁོམ་ག་ལ་ཡོད
རི་བོར་ཉི་རྩེ་ཕོག་པ་ནས་ཉི་མ་རི་རྩེ་ནས་བཞུད་མཚམས
བྲེལ་འཚུབ་ཀྱི་དར་ལྕོག
ངེས་མེད་ཀྱིས་འཕུར་བའི་རླུང་རྟ
དུས་རབས་ཀྱིས་མངགས་པའི་བྱེ་ཐང་སྐྱ་མོ་ལས་ཤུ
ཧམ་པ་སྔར་བཞིན་རབ་རིབ་ཟང་ཟིང
འབྱོར་བ་སྔར་ལས་རྒྱས་རྒྱས་འཕྱུར་འཕྱུར
མི་ཚོགས་ཇེ་མང་གིས་གད་སྙིགས་ཇེ་མང་དུ་སྤུང་བའི་རི་མགོ་དང་རི་འདབས
ཡིག་འབྲུའི་གསང་བ་གཅིག་པུས་སེམས་པ་སྟོན་ཁེལ་བྱས
རྐང་ཐང་དུ་འགྲོ་བའི་ཤོག་བུ
ཁ་སྐོམ་པའི་སྨྱུག་ཁ
གཡུལ་བཤམ་པར་མི་མཁས་པའི་ལུང་པ་དག་ན་ལྷག་འདུག
༢༠༡༥།༠༢།༢༦ཉིན།