ངའི་རྐང་པའི་སྟངས་སྟབས་ཀྱི་སྐད་སྒྲ་ཆུང་ཆུང་དེ
ངའི་སེམས་ངོགས་ཀྱི་ཚོར་འདུ་ཕྲ་མོ་དེ
ཧིན་རྡུ་རྒྱ་མཚོའི་ཞོགས་གཡོན་དུ
ག་ལེར་འགུལ་ཞིང་་་་་་་་་དལ་གྱིས་སྙེག
འཇིག་རྟེན་པའི་ལྟ་སྟངས་ཀྱི་མིག་ཁ་དང་
ང་ཚོས་ཁྱོད་ལ་ལྟ་སྟངས་ཀྱི་ཚོད་དཔག་དེ
རྣམ་ཤེས་མང་པོ་མང་པོ་ཞིག་གི་སྟེང་དུ་འགོས་པའི
སྨྲ་བསམ་བརྗོད་མེད་ཀྱི
དེ་རིང་གི་ངོ་མཚར་བའི
ཁེར་རྐྱང་གི་བཟི་ཁ་རྒོད་པའི་འགྲུལ་བཞུད་དེ་ཨེ་རེད།