རི་བོ་ལྟེབ་ཞིང་ཆུ་བོ་རྐང་བས་བཅད་པའི་འཕྲང་ལམ་ནས།
དཀའ་ཚེགས་གོམ་བརྒྱའི་མདུད་པ
རྒྱང་རིང་ལམ་བུའི་རྡང་སྣེར་མཐུ
གསར་ཤེས་ལམ་ཐུག་གྲོགས་དགུའི་བློ
གངས་ཀྱི་རི་བོ་མཐོང་ན
དེ་ཡི་ཕ་རོལ
ངེད་ཚོའི་གློ་སྙིང་མཆིན་གསུམ་ལྷོད་ལ་འབབ་ས་ཡིན་པར་བསམ
བྱེ་མའི་རླུང་གི་ཐང་ཆེན་ཞིག་ཏུ
གྲོགས་པོ་གཉིས་གར་སོང་ཆ་མེད་དུ་
ཤུལ་ལྷག་བདུན་གྱི་དཔུང་བརྡང་སྦྲེལ་སྟངས
ཁྲུང་ཁྲུང་འཕུར་བའི་ངང་ཚུལ་དེར་
གྲོད་ཁོག་སྟོང་ནས་རྒྱགས་ཕྱེ་ཉུ
ཟ་རིགས་འཐུང་རིགས་ལབ་པའི་གོམ་ཁ་
ཉིན་གྲངས་ཟླ་ལ་ལོངས་བའི་རྐང་རུ
སྣེ་ཤན་མགོ་བདེ་དྲན་འཕྲུལ
གངས་རི་མཐོང་བའི་འདབ་རོལ་དེ་རུ
བཞུར་ཆུ་ཞིག་གི་ལམ་སྣ་དྲངས་ནས་
དམག་སྒར་གཏུབ་ནས་ཅུང་ཙམ་ས་རུ
ལམ་བུ་མཚེ་མའི་འདེམས་ཀ་ནོར་བའི་
ཟམ་ཆུང་འོག་གི་གནས་ཚང་ཞག་གཅིག
ཤར་ཁུམ་པོའི་ཉག་ཁའི་རྡོ་རིང་དེ
ཞེ་སེམས་ལྷོད་ལ་བབས་ནས་ངལ་ཞིག་
སྤོབས་སེམས་རྒྱལ་ཁའི་བརྒྱན་ནས་ཀི
གངས་ཀྱི་རྫ་ལམ་བརྒྱུད་ནས་གོམ་ཁ་
ཨ་བུ་སྤེན་པ་ཚང་གི་མཐེབ་ཐུག་
གྲོད་ཁོག་སྟོང་བ་བདུན་གྱི་ཟོ་ཆེ
ཕྱིར་ལ་འཕྱུར་རུང་ད་དུང་འཐུང་
ར་ཁང་གྲུབ་བཞི་རི་མ་ཅན་ལ
ཕྱ་ར་མལ་ཐུལ་བྱས་བའི་དགོང་མོ་དེ
བཙག་རླུང་རྣོ་ངར་ཅན་གྱི་གཡུལ་ས་
དངངས་སྐྲག་འདོམ་པ་གང་བོའི་ཟུར་
གཉིད་ཀྱི་བྱིངས་ལ་འཐིམས་ནས་སྔུར་བ་རྔམ་འཐེན་བྱས་པ་ཡིན
2013/1/28ཉིན།