བོད་མདོ་ཁམས་སྡེ་དགེ་འཇོ་མདའ་ཁུལ་ནས་ ༢༠༠༩ ལོར་འཛིན་བཟུང་གིས་ལོ་དྲུག་བཙོན་འཇུག་ཉེས་ཆད་ཕོག་པའི་ཆབ་སྲིད་བཙོན་ཟུར་ཨ་ཤག་ཚང་ནོར་ལྷ་ལགས་གི་ཕུང་པོ་ཟླ་བ་འདིའི་ཚེས་ ༩ ཉིན་འབྲི་གུང་དུར་ཁྲོད་དུ་བྱ་གཏོར་སྐབས་ཁོང་ལ་དུག་ཤོར་བའི་རྟགས་མཚན་ཐོན་ཡོད་པ་དང༌།གཞན་ཆབས་སྲིད་བཙོན་པ་མགོན་པོ་དར་རྒྱས་ལགས་སོགས་ལ་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བས་རྐང་ལག་སྐྱོན་ཅན་བཟོས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག གནས་ཚུལ་ཞིབ་ཏུ་གཤམ་གྱི་དྲ་ཐག་བརྒྱུད་ནས་གསན་རོགས་ཞུ།
http://www.rfa.org/tibetan/otherprograms/newsanalysis/gonpo-dhargay-and-other-prisoners-crippled-01122012114057.html
བདེ་བ་ཅན་དུ་སྐྱེ་གྱུར་ཅིག
བདེ་ནས་བདེ་བར་སྐྱེ་བར་ཤོག །
རང་དབང་དང་མི་དམངས་ཀྱི་ཆེད་དུ་བཙོན་འཇུག་དང་མནར་གཅོད་ཀྱིས་འདི་ལྟར་བགྲོངས་དུས་དངོས་གནས་སེམས་པ་སྐྱོ་ཀི་འདུག
གཞན་དོན་དུ་སྐྱེ་བ་དང་གཞན་དོན་གཤེགས་པ་ཟེར་ན་འདི་འདྲའི་རིགས་ལ་ཟེར་གྱི་ཡོད་པ་འདྲ། ད་ཡིན་དུས་གཞན་དོན་ལ་སྐྱེ་ཞིང་གཞན་དོན་དུ་ཕེབས་པའི་སྐྱེ་བོ་འདི་དག་བསྐལ་བའི་བར་དུ་བདེ་ཞིང་སྐྱིད་པར་སྨོན། མི་ལུས་དད་རྟེན་ཡག་པོ་ཞིག་ཐོབ་པ་དང་། ཚེ་རབས་ཀུན་དུ་གཞན་དོན་ཁོ་ན་བྱེད་པའི་སྐྱེ་བོ་ཞིག་དུ་སྐྱེ་བར་སྨོན།