ཁྲི་རལ་པ་ཅན།
མི་མང་པོ་ཅིག་གིས་ཁ་བྱང་འདི་མཐོང་ཙམ་ཉིད་ནས་ཅ་ལག་སྣ་ཚོགས་མ་བྱིན་པར་ལེན་མཁན་ཚོར་གོ་བ་ལེན་ངེས་ཅན་རེད་དེ། ཡང་བསམ་བློ་ནམ་རྒྱུན་དང་མི་འདྲ་བ་འཁོར་མཁན་དང་རྣམ་རྟོག་ཚ་བོ་ཅན་དེ་འདྲའི་སེམས་ནང་དུ། མི་བརྐུས་མཁན་དང་མིའི་བསམ་བློ་རྐུན་མ་བརྒྱབས་མཁན་དེ་འདྲར་གོ་བ་ལེན་སྲིད་པ་རེད།
གང་ལྟར་ངས་བཤད་འདོད་པ་ནི་གཟུགས་ཅན་དང་གཟུགས་མེད་གཉིས་ཆ་རྐུ་མཁན་ཚོར་བརྗོད་ཀྱི་ཡོད། ངོས་རང་རྡ་སར་ཐོག་མར་འབྱོར་སྐབས་སློབ་གྲྭའི་ནང་ཕྲུ་གུ་ཕན་ཚུན་གྱི་ལྷམ་དང་སྟོད་ཐུང་། རྐང་ཤུབས་བཅས་རྐུན་མར་ཤོར་འགྲོ་བ་མ་ཟད། ཞོགས་ཟས་ཀྱི་གོ་རེ་དང་སྒོང་ང་རེ་ཟུང་གིས་ཟ་འཕྲོར་གསོག་བཞག་པའང་རྐུན་པོས་ཁྱེར་བ་ཐེངས་མང་མཐོང་མྱོང་ལ། སློབ་གྲྭ་ནས་ཕྱི་ལ་འཐོན་དང་ལྷན་རྙོག་འཛིངས་ཆེ་ལ་འཚང་ཀ་རྒོད་པའི་རྡ་སའི་སྤྱི་ཚོགས་སུ་བློ་བསྐྱེད་དང་སློབ་གསོ། ཉམས་མྱོང་སོགས་མང་པོ་ཅིག་ཐོབ་ཞོར་དུ་འཁོར་ཡུག་འདིར་དགའ་སྐྱོ་འདྲེས་མའི་ཟློས་གར་གང་མང་མཐོང་མྱོང་བ་རྣམས། མ་མཐོང་གྲོགས་པོ་རྣམས་ཀྱི་མདུན་དུ་བཀྲམས་ན་ཕན་ཐོག་ཆེ་མིན་གང་ལྟར་ཀྱང་ལྟད་མོ་ཆེན་པོ་ཅིག་ཡིན་པར་གདེང་ཚོད་ཡོད།
འོན་ཀྱང་། དེ་ཚོ་རང་ཉིད་ལ་ལེ་ལོ་ཆེ་དབང་གིས་བརྩོན་འགྲུས་ཀྱིས་ལྕོགས་ཐུབ་མ་སོང་སྟེ། ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་མི་གཞན་ལ་ཉེན་བརྡ་དང་དོགས་ཟོན་ཡོང་བར་སྐུལ་ལྕགས་ཀྱི་ཚུལ་དུ། རྡ་སའི་རི་གྲོང་གི་ཕྱིར་རྐུན་ནང་རྐུན་ཚོའི་གནས་ཚུལ་དོག་ཙམ་ངོ་སྤྲོད་བྱེད་རྒྱུ་ཡིན།
དང་པོ། ཅ་ལག་རྐུན་མ།
རྡ་ས་འདི་ནི་སངས་རྒྱས་མི་གཟུགས་སུ་བྱོན་པ་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་བཞུགས་གནས་ཡིན་པས། མགོན་མེད་སྐྱབས་མེད་ཀྱི་སེམས་ཅན་མང་པོ་ཅིག་ངང་གིས་འཁོར་ཡོད་པར་ཐེ་ཚོམ་མེད། ཐུན་མོང་སྣང་ཚོད་ཙམ་ལའང་གཞན་ཕན་ཆོས་སེམས་ཅུང་ཡོད་པའི་མི་སྣ་འཛོམས་ས་ཅིག་ཡིན་དུས་རྒྱ་གར་སྤྲང་པོ་ཧ་ཅང་མང་པོ་ཡོད་ལ། ཕྱི་རྒྱལ་བ་འཚོ་ཐབས་སྐྱོ་བོ་དང་སྣང་བ་སྐྱིད་པོ།ཉལ་ཐ་སོགས་ལོ་མང་འཐེན་ཏེ་ཕྱིར་རང་གི་རྒྱལ་ཁབ་ནང་ལོག་རྒྱུར་ཡང་མཐུན་རྐྱེན་མེད་པར་རྡ་སར་འཁྱམས་བསྡད་པ་མང་པོ་ཡོད་ཅིང་། ལྷག་པར་བོད་ཁྱིམ་སློབ་ཕྲུག་དང་སློབ་ཟུར་བརྒྱ་ཕྲག་འགའ་ཉལ་ཐ་སྣ་ཚོགས་ལ་རོལ་ཏེ་ཡུལ་བསྐོར་བ་ཚོའི་རྗེས་སུ་མྱུལ་བ་དང་། གང་འཚམས་ཤིག་ནས་སྡོད་ས་དང་ཟས་གོས་མཐུན་རྐྱེན་གང་ཡང་མེད་པར། ཁྲོམ་ལམ་དུ་འཆི་བཞིན་པའང་གང་མང་ཡོང་བཞིན་པ་ནི། དཔེར་ན། བར་ལམ་བོད་ཀྱི་དུས་བབ་སྟེང་གནས་ཚུལ་སྤེལ་དོན། འབྲེལ་ཡོད་ཀུན་ཕན་ལས་ཁུངས་སོགས་ཀྱིས་ཞིབ་འཇུག་ལྟར་ན། ལོ་ངོ་གསུམ་བཞིའི་རིང་རྡ་སར་བོད་ཕྲུག་བཞི་བཅུ་ཙམ་ཉལ་ཐས་རྐྱེན་ལམ་དུ་གྱུར་ཡོད།
དེ་མཚུངས་སུ་རིས་མེད་གྲྭ་ས་ཁག་ནས་གྲྭ་ལོག་ཏུ་ཡོང་མཁན་གྲྭ་པ་དང་གྲྭ་ཟུར་ཇོ་མོ་བཅས་འཛོམས་ས་དང་། བོད་ནས་གསར་འབྱོར་རིགས་བོད་ནང་ལས་ཀ་བཟང་ངན་སྣ་ཚོགས་བྱས་ཏེ་རྒྱ་གར་དུ་སླེབས་པ། གཞིས་ཆགས་ཁག་དང་མཐོ་སློབ་ཁག་མཐར་ཕྱིན་གྱིའང་གཞོན་སྐྱེས་མང་པོ་གོ་སྐབས་འཚོལ་ཕྱིར་འཛོམས་ས་གལ་གནད་ཅིག་ཡིན་སྟབས། དེང་སང་རྡ་སར་ཅ་ལག་རྐུན་ལ་ཤོར་བའི་གནས་ཚུལ་དེ་ཧ་ཅང་གིས་ཛ་དྲག་རེད། ཆེ་ས་ནས་བཤད་ན་ཉིན་མོར་ཁང་པའི་ནང་འཛུལ་ཏེ་སྒམ་གཏོར་ནས་ཧིན་སྒོར་འབུམ་ཁ་ཤས་ཁྱེར་བ་དང་། ཆུང་ས་ནས་སྒོ་ཕྱིར་སྐམ་པའི་གྱོན་གོས་རིགས་དང་བསིལ་ལྷམ།འདག་རྫས་ཚུན་བརྐུས་ལ་ཤོར་ངེས་རེད།
རྐུན་མ་དེ་ཚོ་ཡོང་སྟངས་ཀྱང་རྣམ་པ་དང་སྣང་ཚུལ་སྣ་ཚོགས་ཀྱིས་ཡོང་གི་རེད། དཔེར་ན། གྲོགས་དང་རོགས་བྱེད་ཁུལ་གྱིས་ནང་རྒྱུས་ལེན་པ། ཁྱིམ་མཚེས་ཀྱི་ཚུལ་སྟོན་པ། ཚོང་པ་ལྟ་བུ་མི་ཕྱུག་པོར་སྤྲུལ་པ། དགའ་རོགས་བསྒྲིགས་པ་ཚུན་ཡོང་གི་ཡོད། ཐེངས་མ་གཅིག་ང་ཚོ་ཁང་གཤར་གཅིག་ལ་ཁང་མིག་ལྔ་ཙམ་ཡོད་པ་ཚང་མ་བོད་པ་ཡིན་ལ། དེའི་ནང་སྒོ་ཕྱི་ནས་ལྷམ་གསར་རྙིང་གང་ཡིན་རྐུན་ལ་མ་ཤོར་མཁན་ཧ་ལམ་གཅིག་ཀྱང་མེད་པར་གྱུར།
བར་སྐབས་ཤིག་ལ་ངའི་ཁྱིམ་མཚེས་ཚང་གིས་དགོང་མོ་སྒོ་གཏན་རྒྱུ་བརྗེད་དེ་གཉིད་དུ་ཤོར་བར། ཁྱིམ་དུ་ཁྲོག་སྒྲ་གྲགས་བཞིན་འདུག་ནའང་ཁྱིམ་བདག་གིས་གཉིད་མ་སད་ཀྱི་ངང་སུ་ཡིན་ནམ། ག་རེ་བྱེད་ཀི་ཡོད་ཅེས་དྲིས་བར། ལན་མ་སློག་པས་དོགས་པ་ཟོས་ཏེ་བལྟས་སྐབས། རྐུན་མས་བརྙན་འཕྲིན་ཁྱེར་རྩིས་བྱེད་བཞིན་པ་བྲོས་ཤོར་འདུག
ཐེངས་གཅིག་ངའི་ཁྱིམ་མཚེས་མགོ་སེར་མ་ཞིག་ཡོད་པ་དེས་བོད་པའི་ཕོ་སར་ལོ་གཞོན་ཅིག་དང་དགའ་རོགས་བསྒྲིགས་ཏེ་སྤྲོ་སྣང་ཆེན་པོ་གནང་གི་འདུག་མོད། ཉིན་ཤས་རྗེས་ཕོ་སར་དེས་མོའི་ཡོ་རོབ་སྒོར་མོ་སུམ་སྟོང་དང་རྒྱ་གར་སྒོར་ཁྲི་ལྷག་ཁྱེར་ནས་བྲོས་ཕྱིན་རེད། དེ་མཚུངས་མགོ་སེར་རྒན་མོ་ཅིག་གིས་རྒྱ་གར་ཕོ་གཞོན་ཅིག་ལ་དགའ་རོགས་བསྒྲིགས་ནས་དངུལ་ཁང་གི་ཨང་གྲངས་དང་བྱང་བུ་རྒྱ་གར་གྱི་ལག་པར་ཐེབས་པས། ཡོ་རོབ་སྒོར་མོ་ཁྲི་བཞི་ལྷག་བརྐུས་ཏེ་ཤོར་བ་རེད།
དེང་སང་ང་གསར་སྤོས་ཀྱི་ཁང་གཤར་དེའི་ནང་དུའང་ཐོག་མར་ངོས་རང་ནས་ཉམས་འཇོག་མ་བྱས་པའམ་གཞན་ལ་ཡིད་ཆེས་རྒྱུ་མང་དྲགས་སྟེ། རང་གི་ལག་ཁྱེར་གློག་ཀླད་དང་ཁ་པར་བཅས་ཅ་ལག་མང་པོ་ཅིག་རྐུན་པོར་ཤོར་སོང་བར། ཅ་ལག་དེ་ཚོར་དེ་ཙམ་ཕངས་སེམས་གང་མ་བྱུང་ནའང་། གློག་ཀླད་ནང་ཕ་ཡུལ་གྱི་ཡུལ་གོམས་གཤིས་ལུགས་མང་པོ་ཅིག་བརྙན་ཕབ་ཡོད་པ་ཁག་དང་། དེབ་མང་པོ་ཅིག་བཀླགས་ཏེ་ཟིན་བྲིས་དང་རྩོམ་ཡིག་ཏུ་དཀའ་ལས་མང་པོ་བརྒྱབས་ནས་བཀོད་ཡོད་པ། རང་གི་འདྲ་པར་དོན་སྙིང་ཅན་མང་པོ་ཅིག་བརླག་སོང་བར་ཕངས་སེམས་ཚད་མེད་བྱུང་། གང་ལྟར། དེ་ནས་རིམ་པར་ངའི་ཁང་གཤར་དེའི་ཁང་མིག་ཚང་མའི་ནང་རྐུན་མ་ཤོར་སོང་།
ཕྱི་ནས་སྦག་སྦག་ནང་གི་སྣུམ་ཚང་མ་རྟག་པར་འཐེན་འགྲོ་བ་དང་། སྣུམ་འཁོར་དང་སྦག་པའི་ཤུབས་བརྐུས་འགྲོ་བ། བསྐོར་ལམ་དུ་བུད་མེད་ཚོར་འཇབ་རྒོལ་གྱིས་ལྟོ་ཕད་འཕྲོག་པ་དང་། རི་སྒང་གི་མཚམས་པ་ཚོ་ཚུན་ཆད་ཤིང་ནགས་ཁྲོད་འཇབ་སྒུག་གིས་ལག་པར་ཐེབས་ཚད་འཕྲོག་མཁན་ཡོད་པ་རེད་དེ། ཡ་མཚན་པོ་ཅིག་ནི་གནས་ཚུལ་འདི་འདྲ་ཉེན་རྟོག་པ་ཚོར་ཡར་ཞུ་བྱས་ན། ཁྱེད་ཀྱི་ཁ་པར་ཨང་ཀི་ཙམ་ལེན་པ་ལས་བཙལ་གཅོད་བྱེད་རྒྱུ་ཕར་བཞོག་ཡིད་ཆེས་ཙམ་བྱས་ན་ལྷ་རབ་རེད།
མདོར་རྩ་གནས་ཚུལ་འདི་རིགས་གྲོགས་ནང་ཕན་ཚུན་སོགས་ལ་བཤད་སྐབས། ཧ་ལམ་བརྐུས་ཆེ་ཆུང་གང་འཚམས་མ་ཤོར་མཁན་གཅིག་ཀྱང་མི་འདུག་ཅེས་ན་ཧམ་པར་མི་འགྲོ་ཙམ་གདའ། དེར་བརྟེན། རྡ་སར་བཞུགས་པའི་ཕྱི་ནང་གི་མི་མང་སུ་ཡིན་ན་ངེས་པར་རྐུན་མ་ལ་གཟབ་གཟབ་ནན་ཏན་བྱེད་དགོས་འདུག
གཉིས་པ། མི་བརྐུས་མཁན་གྱི་རྐུན་པོ།
རྒྱུ་རྐྱེན་གང་ཡིན་གསལ་ཐག་ཆོད་ཅིག་མ་ཤེས་མོད། ཕལ་ཆེར་རྡ་ས་འདིར་མི་འཁྱམས་དང་མི་བདག་མེད་མང་དྲགས་རྐྱེན་དང་། འཁོར་ཡུག་གི་ཆ་ནས་ཀྱང་ཕན་ཚུན་འབྲེལ་འདྲེས་སུ་གྲོང་ཁྱེར་སོགས་ལས་སྟབས་བདེ་ཙམ་ཡོད་པ་སོགས། ཆ་རྐྱེན་དམིགས་བསལ་ཅིག་འཛོམས་ཡོད་པའི་ཉེར་ལེན་གྱིས་ཡིན་ས་རེད། ས་ཆ་འདི་ནི་ཆུང་མ་མི་རག་མཁན་ཚོས་ཆུང་མ་བཙལ་ས་དང་། ཁྱོ་ག་མི་རག་པ་ཚོས་ཁྱོ་ག་བཙལ་ས། དགའ་རོགས་མི་རག་པ་ཚོས་ཀྱང་དགའ་རོགས་བཙལ་ཏེ་སྐྱིད་པོ་གཏོང་ས་ཞིག་ཡིན་པའི་ཆ་ནས། སྐབས་རེར་ཁོར་ཡུག་འདི་འཁྲུག་ཆ་དོད་དྲགས་རྐྱེན། དགའ་རོགས་དང་ཁྱོ་བོ། ཆུང་མ་བཅས་རྐུན་མར་ཤོར་བའང་ཧ་ཅང་གིས་ཚབས་ཆེན་ཡིན་པ་རེད།
ང་རང་གི་གྲོགས་པོ་རྡ་སར་ཡོད་དུས་དགའ་རོགས་ཧ་ལམ་བརྒྱ་བསྐོར་ཞིག་ཀྱང་བཙལ་མྱོང་བའི་ཕོ་སར་ཅིག་ཡོད། རྗེས་སུ་ཁོང་ཨ་རིའི་ནང་སླེབས་ཏེ་ལོ་མང་འགོར་མཐར་ང་ལ་ཁ་པར་གཏོང་སྐབས། རྡ་རམ་ས་ལ་ལྟ་བུའི་དགའ་རོགས་སྒྲིག་རྒྱུའི་ཆ་ནས་འཁྲུག་ཆ་དོད་པོ་ཅིག་ཨ་རི་ནའང་མི་འདུག་ཅེས་བརྗོད་སོང་། དཔེར་ན། ཕྱི་རྒྱལ་དུ་ཕྱིན་པ་གསར་འབྱོར་བོད་པ་མང་ཤོས་སྐྱེས་པ་ཕོ་ཡི་གྲངས་འབོར་གྱིས་ཟིན་ཡོད་པ་དང་། ཁོང་ཚོའི་ཆུང་མའི་འབྱུང་ཁུངས་ཡག་ཤོས་རྡ་ས་དང་ལྡི་ལིའི་བོད་མོ་ལྟོ་གོས་ལ་དཀའ་ངལ་ཅན་ཚོ་ཡིན་པ་རེད། བོད་ནས་ཀྱང་ཆེད་མངགས་ཕྱི་རྒྱལ་ཁྱོ་ག་བཙལ་དུ་ཡོང་བ་དེང་སང་རྡ་ས་ནས་མང་པོ་འདུག་པ་དངོས་ཡོད་རེད།
འོན་ཀྱང་། བུ་མོ་དེ་རིགས་ལ་ཕྱི་རྒྱལ་གྱི་བོད་པ་ཁྱོ་ག་ཅིག་རག་ནའང་ཡིག་ཆ་སོགས་འགྲོ་ལུགས་སྒྲུབ་པར་ཡུན་རིང་དགོས་པས། དེའི་རིང་ལ་ཁྱོ་གས་སྒོར་མོ་བསྐུར་བ་བེད་སྤྱོད་ཀྱིས་རྡ་སར་ངང་སྒུག་བྱས་ཏེ་བསྡད་དུས། ལས་ཀ་གཙོ་བོ་ཅིག་ནི་ཨིན་སྐད་འཛིན་གྲྭར་འགྲོ་རྒྱུ་དེ་ཡིན་ལ། དེ་གར་མགོ་སེར་ཕོ་སར་མང་པོས་སྔ་མོ་ནས་དམིགས་ཡུལ་དང་བཅས་ཏེ་གྲ་སྒྲིག་ཨང་གསར་གྱིས་ཁ་བརྡ་དགེ་རྒན་དུ་སླེབས་ཡོད་པ་རེད། རྡ་སར་ཨིན་ཇིའི་ཁ་བརྡ་འཛིན་གྲྭར་བསྐྱོད་མཁན་མང་ཆེ་ཤོས་གྲྭ་པ་དང་བུ་མོ་ཡིན་ལ། དགེ་རྒན་མང་ཤོས་མགོ་སེར་ཕོ་སར་ཡིན་པ་རེད།
གནས་ཚུལ་དེ་འདྲའི་འོག་ག་ཚོད་དམ་ཚིག་ཅན་གྱི་བུད་མེད་ཅིག་ཡིན་ནའང་། མགོ་སེར་ཕོ་སར་གཅིག་གཉིས་ལ་རྐུན་མ་ཤོར་གྱི་མེད་ཅེས་ན་རྫུན་གཏམ་ཁོ་ན་ཡིན། ཉམས་མྱོང་གི་མིག་གིས་བལྟས་ན་དངོས་སུ་རང་གིས་རང་ལ་ཡིད་མི་ཆེས་པ་དེ་འདྲའང་མཐོང་རྒྱུ་ཡོད་པ་རེད། གནས་ཚུལ་དེ་འདྲའི་འོག་རྡ་སར་ཡོད་པའི་བུད་མེད་མང་པོ་ཅིག་མགོ་སེར་ཚོར་རྐུན་མར་ཐེངས་མང་ཤོར་གྱི་ཡོད། དཔེར་ན། ང་ལ་ངོ་ཤེས་རྡ་སའི་ཨིན་ཡིག་དགེ་རྒན་ཡག་པོ་ཅིག་ཡོད། ཁོང་གིས་སོ་སོ་དང་བོད་པའི་བུ་མོ་བར་གྱི་གསང་བ་བཤད་གསལ།
དང་པོར། བོད་པའི་བུ་མོ་མང་པོ་ཅིག་གིས་ནང་ལ་སློབ་ཚན་འཚོགས་རོགས་ཞེས་ཨུ་ཚུགས་བརྒྱག་གི་འདུག་པས། ནང་ལ་སློབ་ཚན་འཚོགས་པར་ཕྱིན་སྐབས། སྒོ་དང་སྒེའུ་ཁུང་གི་ཡོལ་བ་ཡོངས་བརྒྱབས་ཏེ་འོ་ཡི་བྱ་བ་རྐྱང་བསྟེན་སོང་བར། ཁོ་རང་ཧང་སངས་སྟེ་མི་བདེ་བ་ཆེན་པོ་བྱུང་མོད། རྗེས་སུ་གོམས་བྱང་གིས་བོད་མོ་མང་པོ་ལ་དགེ་རྒན་ཡིན་པའི་ཟོལ་གྱིས་འཛགས་ཐུབ་སོང་ཞེས་བརྗོད་སོང་། འོན་ཀྱང་། ང་རང་གི་གྲོགས་པོ་མགོ་སེར་ཕོ་སར་མང་པོ་ཅིག་གིས་བློ་ཡུལ་དུ་ཁྱོན་ནས་མི་ཤོང་བའི་དོན་དག་ཅིག་ནི། བོད་མོ་ཚོའི་གསང་བ་དམ་པོ་དང་ཟོལ་བཅོས་ཀྱི་གཤིས་ཀ་དེར་ཧ་ལས་ཀྱིན་འདུག
དཔེར་ན། དགའ་རོགས་བསྒྲིགས་ཏེ་ནང་གཅིག་བྱས་ནས་ལོ་གཅིག་གཉིས་ལ་འཁྲུག་སྤྱོད་སོགས་གང་བྱུང་མང་བྱུང་བྱས་བསྡད་ནའང་། མོ་རང་གི་གྲོགས་ངོ་ཤེས་དང་མི་མང་སའི་ཁྲོམ་གཞུང་སོགས་སུ་ཐུག་སྐབས། ཁྱོན་ནས་ངོ་མི་ཤེས་ཁུལ་དང་མིག་གིས་བལྟ་ཙམ་ཡང་མི་བྱེད་པ་དེས། མགོ་སེར་ཕོ་སར་བོད་མོ་དགའ་རོགས་ཅན་མང་པོ་ལ་ཕོག་ཐུག་ཆེན་པོ་ཕྱིན་འདུག
གང་ལྟར། བུ་མོ་ཉམ་ཆུང་ཡ་རབས་ཚད་འཛིན་འཕེར་རིགས་ལའང་ཞིབ་ཏུ་བརྟག་སྐབས། གསང་བའི་ཁུག་མའི་ནང་དགའ་རོགས་གཅིག་གཉིས་ཉར་མེད་པ་ཧ་ལམ་མེད། ལྷག་པར་བུ་མོ་མཛེས་མ་ཁྱོ་ག་ཕྱི་རྒྱལ་ཡོད་པ་མང་ཆེ་ཤོས་ཀྱིས་དགའ་རོགས་ལྐོག་ཏུ་གཉིས་གསུམ་རེ་ཉར་བསྡད་ཡོད་མོད། ཚོར་བ་ཧ་ཅང་རྣོན་པོ་མིན་ན་དགའ་རོགས་ཁོ་རང་ཚོ་ནང་ཕན་ཚུན་གྱིས་ཀྱང་མི་ཤེས་པ་རེད། ཅུང་མངོན་གསལ་དོད་པོའི་རིགས་གཅིག་ཕྱི་རྒྱལ་གྱི་ཁྱོ་གར་གཉེན་སྒྲིག་ཡི་གེ་ཚུན་བླངས་ཚར་ནའང་། རྡ་སའི་དགའ་རོགས་ལ་ནང་གཅིག་གིས་བསྡད་དེ་ཁྱོ་ག་སྐྱེས་དམན་ནང་བཞིན་གནས་པ་དང་། ཁ་ཤས་ཁྱོ་ག་ཡོད་བཞིན་དུ་དགའ་རོགས་ལྔ་དྲུག་མཉམ་དུ་ཉར་བསྡད་པའང་ཡོད་རེད།
དེ་འདྲ་བྱས་ཏེ་ཁྱོ་ག་ཅུང་ལས་བཟང་ཙམ་ཚོས་སོ་སོའི་ཆུང་མ་འཁྲུག་སྤྱོད་ཐད་རྐུན་མར་ཤོར་ནའང་། ཐ་དོན་བཟའ་ཚང་ལྷན་འཛོམས་བྱུང་ཐུབ་ཀྱི་ཡོད་རུང་། ཁྱོ་ག་ལས་ངན་མང་ཤོས་ཀྱིས་ཆུང་མ་རྡ་ས་ནས་གཏན་དུ་རྐུན་ལ་ཤོར་ཏེ་ཕྱིར་འོང་མེད་པར་འགྱུར་གྱི་ཡོད་རེད། མདོ་རྩ་ཆུང་མ་རྡ་སར་བཞག་པའི་ཁྱོ་ག་ཚོས་སྤྱང་ཀི་ཁྱུ་ཚོགས་ཤིག་གི་དཀྱིལ་ལུག་ཅིག་བཞག་ན་གང་འདྲ་ཡིན་པར་བསམ་བློ་བཏང་སྟེ་ཚོད་དཔག་བྱས་ན། ནོར་འཁྲུལ་མི་ཤོར་བར་ཕན་ངེས་ཡིན།
གསུམ་པ། མིའི་བསམ་བློ་བརྐུས་མཁན་གྱི་རྐུན་པོ།
རྡ་ས་འདི་ནི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལྟེ་གནས་ཡིན་སྟབས། ས་འདིར་མི་གང་འཚམས་ཤེས་ཡོན་དང་བསམ་བློ་ཡོད་པ། ཆོས་ཀྱི་ཉམས་རྟོགས་མཐོན་པོར་བསླེབས་པ། སྨན་པ་དང་རྩིས་ལ་མཁས་པ།ལག་རྩལ་ལ་མཁས་པ། ཆབ་སྲིད་པ་དང་ཚོང་པ།ཡིག་བསྒྱུར་པ། གསར་འགྱུར་གྱི་ལས་རིགས་དང་འཛིན་སྐྱོང་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱང་མང་པོ་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་ཚོས་གཞན་ལ་ཕན་ཅིག་ཐོགས་ན་དེ་ལས་དགའ་སྤྲོ་འཕེལ་གཞི་མེད་པ་རེད་དེ། ལས་རིགས་གཅིག་ནང་འཚང་ཀ་བརྒྱབས་མཁན་གྱི་མི་མང་དྲགས་པ། སྤྱི་ཚོགས་དང་ལས་གཞི་སོགས་ཀྱི་རྒྱ་ཆུང་དྲགས་རྐྱེན། དཀའ་ངལ་དང་རྙོག་དྲ། འཁྲབ་སྟོན་སྤྱོད་པ་ཡ་མ་བརླ་མང་པོ་ཅིག་རང་བཞིན་གྱིས་འཐོན་ཡོང་གི་ཡོད།
དེའི་ནང་ཕན་ཚུན་མངོན་པར་མི་གསལ་བའི་སྒོ་ནས་ལས་ཀ་བརྐུན་མ་བརྒྱབས་རེས་དང་། གོ་ས་བརྐུན་མ་བརྒྱབས་རེས། ཕོག་ཐོབ་བརྐུན་མ་བརྒྱབས་རེས་དང་སྦྱིན་བདག་བརྐུན་མ་བརྒྱབས་རེས། ཁྲོམ་ས་བརྐུན་མ་བརྒྱབས་རེས་དང་གསར་འགྱུར་བརྐུན་མ་བརྒྱབས་རེས། སྐྱོབས་གསོ་ཐོབ་ཐང་བརྐུན་མ་བརྒྱབས་རེས་དང་། རྩོམ་བྲིས་བརྐུན་མ་བརྒྱབས་རེས། ཐ་ན་མིས་དེབ་མང་པོ་བཀླགས་བཞག་པའི་བསམ་བློ་བརྐུན་མ་བརྒྱབས་རེས་ཚུན་ཚུད་ཡོད་ལ། དེ་ཚོ་ཞིབ་མོར་བྱེ་བྲག་ཏུ་བཤད་ན་མི་རེ་རེའི་མིང་དང་བཅས་ཏེ་འདོན་རྒྱུ་ཡོད་མོད། གཅིག་ནས་ཡིག་ཚོགས་ལ་འཇིགས་པ་དང་གཉིས་ནས་གང་ཟག་བྱེ་བྲག་པར་ཕོག་ཐུག་བཟོ་འདོད་མེད་པས་བཞག་པ་ཡིན།
གང་ལྟར་གནད་དོན་འདི་ཚོ་ཚང་མ་མིའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་དཀའ་ལས་བརྒྱབས་བཞག་པ་ཅིག གཡོ་ཐབས་སྤྱད་དེ་དངོས་ཤུགས་བརྒྱུད་གསུམ་ནས་འཕྲོག་པའི་ལས་རྩོམ་མཁན་ཤིན་ཏུ་མང་བས། དེའང་རྐུན་མའི་གྲས་སུ་བཞག་ན་ཧ་ཅང་འོས་འཚམས་ཡིན། དཔེར་ན། ནམ་རྒྱུན་དཔེ་དེབ་མང་པོ་ཀློག་མཁན་གྱི་མི་ཞིག་ཡོད་པ། ཉི་མ་གཅིག་ལ་ཁོང་གྲོགས་པོའི་སྟེང་ཁོང་ཁྲོ་ཆེན་པོ་གནང་གི་འདུག རྒྱུ་མཚན་གང་ཡིན་དྲིས་པར། ཁོས་ལེ་ལོ་རྐྱང་བྱས་ཏེ་དེབ་ཀྱི་རིགས་ཅི་གང་ཀློག་གི་མ་རེད་མོད། ངེད་གཉིས་ཁ་བརྡ་བྱས་ཏེ་ངས་དེབ་བཀླགས་བཞག་པ་ཚོའི་སྙིང་པོ་འགྲེལ་བཤད་བརྒྱབས་པ་རྣམས། ཁོ་རང་གིས་ཐད་ཀར་བཀླགས་པའི་ཟོལ་དང་ཁུལ་གྱིས་མང་ཚོགས་ནང་གཏམ་བཤད་དང་ཧམ་པ་ཚ་བོའི་ངང་མཁས་ཉམས་འདོན་གྱི་འདུག་ཅེས་བཤད་ཡོད་པ་ལྟ་བུ། དེ་རིགས་ཀྱི་རྐུན་པོའི་བྱ་བ་ཧ་ཅང་མང་སྟབས། ངེས་པར་དུ་རྡ་སར་རྐུན་པོའི་རིགས་ལ་ཡིད་གཟབ་དང་དོགས་ཟོན་བྱེད་གལ་ཆེའོ།།
དངོས་གནས་དེ་འདྲ་ཡིན་ན་བློ་ཕམ་པ་ལ་།
ཁྱེད་རོང་གིས་གནས་ཚུལ་འགའ་དོན་དངོས་དང་ཅུང་མི་མཐུན་པར་སེམས། རྡ་སར་ཕྱི་གླིང་བའི་རྐུབ་ལ་རྒྱུགས་མཁན་དེ་བོད་རིགས་བུད་མེད་མ་རེད། ཕལ་མོ་ཆེ་བོད་རིགས་སྐྱེས་པ་རེད། སྐྱེས་པ་དེ་དག་ཀྱང་བརྒྱ་ཆའི་ནང་ནས་བརྒྱ་དགུ་བཅུ་གོ་བདུན་ཙམ་བོད་ནས་རེད། དེས་ན། ཕྱི་གླིང་བའི་སྐྱེས་པས་བོད་པའི་བུད་མེད་ཀྱི་རྐུབ་སྔོགས་པ་ལས་བོད་པའི་སྐྱེས་པས་ཕྱི་གླིང་བུད་མེད་ཀྱི་རྐུབ་སྔོགས་པ་ལྡབ་འགྱུར་གྱི་མང་གི་རེད། ལྷག་པར་དུ་རྡ་སའི་སྲང་ལམ་དུ་བོད་པའི་སྐྱེས་པ་སྐྲ་རིང་ཅན་མི་ཉུང་བ་ཞིག་གིས་སྤྱང་ཀིས་ལུག་ལ་ལྡིར་བ་བཞིན་དབྱིན་ཇིའི་བུ་མོར་ལྡིར་ནས་ཉིན་འཁྱོལ་ཐབས་བྱེད་བཞིན་ཡོད་པ་ནི་དོན་དངོས་རེད། དབྱིན་ཇིའི་བེུད་གཅིག་རག་ཚེ་རང་ཉིད་ལ་བཟའ་ཟླ་དང་བུ་ཕྲུག་ཡོད་ཀྱང་དེ་དག་ཡོངས་རྗོགས་བློས་གཏོང་གིས་ཕྱི་གླིང་དུ་སྐྱོད་ཀྱི་ཡོད། དེ་ནི་ལོ་ཤས་ནང་གི་རྡ་སའི་སྣང་ཚུལ་གསར་པ་ཞིག་རེད།
རྐུ་མ་ཡི་ནང་ནས་མངོན་གསལ་དོད་ཤོས་དེ་རྩོམ་ཡིག་རྐུ་མ་རྒྱག་མཁན་དེ་དག་རེད། རྐུ་མ་དེའི་སྣང་ཚུལ་ཧ་ཅང་གི་གསལ་པོ་རེད་ལ་རྫབ་ཀྱང་ཆེན་པོ་རེད།
རྐུན་མ་ངར་བ་ཅིག་ལོས་ཡིན་འདོད་ཀི བརྐུ་སྟངས་བཤད་ནས་བརྐུ་མ་བགྱིས་ཁུལ་མ་བཤད། ཡིག་བྱང་ནོར་འདུག་ལགས།
བརྐུ་ས་བཟང་བའི་རྡ་ས་་་་བཏགས་ན་གཤིས་འི་མཚམས་པོ་འདུག ཁྲི་རལ་བ་འཚིག་པ་མ་བཟའ་ཨ།
ཁྲི་རལ་ལ་བདེན་ཁ་ཞིག་མ་སྟེར་ན་མ་ཡོང་ཐལ། ང་རང་རྐུན་མ་དེ་ཚོའི་ནང་གི་རྐུན་རྒན་ཞིག་ཡིན། ཡིན་ན་ཡང་། སེམས་གནག་པའི་ངང་ནས་གཅིག་ལ་རྐུས་མེད། ཕར་བཞག་ལ་བསམ་བློ་རྒྱ་ཆེན་བཏང་ནས་རྐུས་བ་རྐྱང་ཡིན།
བོད་མོ་དེ་ཚོར། ཕྱི་རྒྱལ་ལ་དགའ་བོས་མ་འཐེན་བར་གྱི་ལོ་དང་ཟླ་བའི་རིང་ལ་གཡབ་རྐུན་བརྒྱབས་པ་ཡིན། གསང་བ་དེ་ཚོ་ཕྱི་ལ་བཤད་ནས་བོད་མོའི་མདུན་ལམ་དང་དགའ་བོ་བར་འགལ་ཟླ་ཕྱིན་དུ་བཅུག་པའི་ལོ་རྒྱུས་གཅིག་ལ་མེད།
དབྱིན་མོ་དེ་ཚོ་ལ་ཡང་། ཚུར་ཟ་འདོད་ཡོད་རིགས་ལ་དགའ་མ་གཅིག་བརྟེན་ཡིན་མིན་གྱི་སྐད་ཆ་དྲང་མོ་བཤད་ནས་གཡབ་བཞག་པ་གཅིག་ལ་མེད། མྱི་གཞི་མི་དྲང་བའི་རྐུན་མ་ཞིག་ཡིན་ཚོད་རེད། སྨན་དང་ཤུབས་ལ་བློ་བཀལ་ནས། ཐང་བུ་ལུས་ལ་འཁོར་དུ་བཅུག་པ་གཅིག་ལ་མེད།
དབྱིན་བོད་གཉིས་ཀྱི་དགའ་མ་ཚོ་ཚང་མ་ལ་ཡག་འཐོར་རྐྱང་རྐྱང་ལས། ཁྱོད་ངན་ང་སྡུག་གི་བདེ་མོ་བཞག་པ་གཅིག་ལ་མེད། བྱས་ཙང་། རྐུན་མ་ང་ལྟ་བུ་ལ་དག་གཟབ་བྱེད་དགོས་བའི་དགོས་བ་ཆེན་པོ་མི་མཐོང་གི། ཡིན་ན་ཡང་། རྡ་སའི་རྐུན་མ་ལ་གཟབ་དགོས་བ་དེ་ཡང་ངོན་གསལ་རེད། ལོ་རེ་ནས་མྱི་གཞི་སྡུག་རུ་འགྲོ་བའི་སྣང་བ་ཤར།
བསམ་བློ་དང་རྒྱུ་དངོས་སོགས་ཀྱི་རྐུན་མའི་ནང་ལ་ཐེ་མེད། གཙང་མ་གཙང་རྐྱང་ཡིན། གཅིག་མིན་ན་སྒོང་རྡོག་སྐྱ་རིལ། ཧ་ཧ་ཧ།
གནམ་ལགས།
རྐུན་མ་མང་བའི་དྷ་སར།
བུད་མེད་རྐུ་མཁན་ཁྱོད་རེད།
ཇག་པ་མང་བའི་དྷ་སར།
ཇག་དཔོན་ང་རང་ཡིན་ནོ།
དཔེ་ཤ་རྐུས་ན་རྐུས་བཅུག །
བསམ་བློ་རྐུས་ནའང་རྐུས་བཅུག །
བཟའ་ཟླ་རྐུས་པ་དེ་ལས།།
སྙིང་རླུང་ཆེ་བ་མིན་འདུག །
མེ་དཀར་ལགས།
དྷ་སར་སྡོད་པའི་རིང་ལ།
དངུལ་ལོར་རྐུ་རྒྱུ་མ་བྱུང་།
མེ་དཀར་འགྲོགས་པའི་རིང་ལ།
བཟའ་ཟླ་རྐུ་རྒྱུ་མ་བྱུང་།
མེ་དཀར་དྲ་གྲོགས་ཁྱོད་ཀྱི།
མཛེས་མ་རྐུ་མཁན་སུ་རེད།
སྙིང་རླུང་ལྡང་པ་མ་གནང་།
བཟོད་སེམས་སུ་ལ་སྒོམ་གེ །
ཨ་ཙི་སྐུ་རྩེད་ཞུས་ཡིན།།
འ་ཛི་དགོངས་དག་ཞུ་རྒྱུར།།
བོད་དམག་གཞོན་ནུ་ཞིག་གི། །
སྐུ་ཟླ་མཛེས་མ་དེ་ལ།།
མདང་དགོང་འདོད་བདེར་རོལ་པས།།
དེ་རིང་དཀའ་ལས་ཁག་འདུག །
དམག་མི་ཁྱོད་ལ་དགོངས་དག །
སྔོན་བྱོན་བོད་ཀྱིས་མཁས་པ་རྣམས་ཀྱི་ཡི་གེའི་དག་ཆ་རྣམས་བློ་ལྡན་དག་གིས་སྲུང་བར་བྱེད་རུང་། མིང་ཚིག་མང་པོའི་དག་ཆ་རྣམས་རྣམ་གཡེངས་ཅན་དང་། ལེ་ལོ་ཅན་གྱི་རྐུན་པོས་བརྐུས་ཏེ་མེད་པར་བཟོས་པ་རྣམས་སླར་གསོ་དགོས་པར་མཐོང་། དེ་ཡང་། རྡ་ས། ཞེས་པ་མ་ཡིན་པར་དྷ་ས། ཞེས་དགོས དྷརྨ་སཱ་ལཱ། ཞེས་པའི་བསྡུས་ཡིག་གོ འགྲོ་བ་མ་ཟད། ཅེས་པ་ལ་བོད་ཀྱི་སྔོན་བྱོན་མཁས་པས། འགྲོ་བར་མ་ཟད། ཅེས་དང་། ཕྱི་རྒྱལ་བ། ཞེས་པར་ཕྱི་རྒྱལ་པ། ཡོང་། ཞེས་པར་འོང་། མདང་དགོང་། ཞེས་པར་མདང་དགོངས། རྒྱལ་བས་བཀའ་སྩལ་བ། ཞེས་པར་། རྒྱལ་བས་བཀའ་སྩལ་པ་དྭང་དུ་ལེན་ན། དྷ་ས་རུ་དེ་ལྟ་བུའི་རྐུན་མ་མེད་པར་མ་འགྲོ་ན་ཡང་ཉུང་དུ་འགྲོ་བ་ལ་ཐེ་ཚོམ་མེད།
ཁྱེད་རང་སྤྱིར་ཡགས་པོ་བྲིས་འདུག། ཡིནཡང་ཁྱེད་རང་གི་གསུང་པའི་བཀའ་མོལ་ཁག་གཅིག་གིས་ཕྱི་རྒྱལ་ལ་ཞུག་པའི་ཁྱོ་ཁ་དང་རྡ་སར་ཞུག་པའི་བོུ་གཉིས་ཁ་བྲལ་བཏང་ཡག་གི་ཉེན་ཁ་འདུག།
ནོར་པ། དང་། བཅོས་པ།
རྡ་ས། དྷ་ས།
འགྲོ་བ་མ་ཟད། འགྲོ་བར་མ་ཟད།
ཕྱི་རྒྱལ་བ། ཕྱི་རྒྱལ་པ།
ཡོང་། འོང་།
མདང་དགོང་། མདང་དགོངས།
རྒྱལ་བས་བཀའ་སྩལ་བ། རྒྱལ་བས་བཀའ་སྩལ་པ།
རྒན་འཇམ་དཔལ་ལགས་ཀྱིས།
ད་སྐུ་མཁྱེན། ལ་དྭགས་པ་ལགས། ཁྱེད་ཀྱིས་ཞལ་དེ་ཅུང་བཙུམས་བཞུགས་རོགས་གནང་། སྤྱིར་ཁྱེད་ནས་ཡིག་ནོར་བཅོས་ན་དགའ་བསུ་ཡོད། འོན་ཀྱང་། ཁྱེད་ཀྱིས་ཡི་གེ་ནོར་མེད་པ་ཁག་ནོར་བསྡད་པར་བཅོས་ཀྱི་འདུག ཁྱེད་རང་མི་བགྲེས་སོང་ཞིག་གིས་དེ་འདྲ་གནང་རྒྱུར་ངོ་མི་ཚའམ། དཔེར་ཆ་བཞག་ན། ངས་མདང་དགོང་ཞེས་བྲིས་པ། ཁྱེད་ནས་མདང་དགོངས་སུ་བཅོས་ཏེ་ཡིག་ནོར་བྲིས་འདུག བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མདང་དགོང་ཉིན་སྔོན་མའི་མཚན་མོ་ཞེས་བྲིས་འདུག དག་ཡིག་གསར་བསྒྲིགས་ནང་དུའང་དེ་བཞིན་བྲིས་འདུག ད་ཁྱེད་ལ་ཁུངས་ལུང་ག་རེ་ཡོད།
དྷརྨ་སཱ་ལཱ་སོགས་ཀྱི་ཆོས་མིང་སྙན་པོ་དེ་འདྲ་བཏགས་པ་ནི་ཕྱིས་སུ་དགོས་དབང་གིས་རྟོག་བཏགས་བྱས་པ་ཡིན་ས་རེད། ན་ནིང་ཀང་ར་རྒྱལ་པོའི་འགྲེམས་སྟོན་ཁང་གསར་པ་དེ་༧གོང་ས་སྐྱབས་མགོན་ཆེན་པོས་དབུ་འབྱེད་སྐབས། ཀང་ར་རྒྱལ་པོའི་བཙུན་མོ་ར་ཇེ་སི་ཏན་ནས་ཡོང་བསྡད་པ་དེས། ༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་སྙན་སྐུ་བསོད་ཀྱིས་རྡ་རམ་ས་ལ་འདི་དཔལ་འབྱོར་ཡར་རྒྱས་དང་སྐད་གྲགས་རྒྱས་པ་རེད་མ་གཏོགས། མོ་རང་དང་ཐོག་མནའ་མར་ཡོང་དུས་རྡ་རམ་ས་ལའི་མི་ཚོར་སྡོད་སའི་ཁང་པ་འགྲིག་ཙམ་ཡང་མེད་པའི་དབུལ་ཕོངས་ཀྱི་ས་གནས་ཤིག་རེད། མ་གཞི་ཧིན་དུ་སྐད་ནང་རྡ་རམ་ས་ལ་ཞེས་པ་མི་སྐྱོ་བོ་སྡོད་ཁང་ཙམ་ཡང་མེད་པ་དེ་འདྲའི་གོ་དོན་རེད་ཅེས། ཀང་ར་རྒྱལ་པོའི་བཙུན་མོ་ནས་དེ་འདྲ་གསུངས་སོང་།
ད་ཁྱེད་རང་ལ་ཁུངས་ལུང་ག་རེ་ཡོད་ཤོད་དང་། མཁས་པ་མགུ་བའི་གཏམ་འདྲ་ཡོད་ན་དགའ་བཞིན་སྤྲོ་བཞིན་དུ་དང་ལེན་ཡོད། དེ་མིན་མིང་མཐའི་བ་ཆ་ཚང་པ་ལ་བསྒྱུར་དགོས་པ་དེ་འདྲའི་ཨུ་ཚུགས་དང་བཙན་པོ་དབང་ཡོད་ལ་ངོས་ལེན་གཏན་ནས་མེད།
གཡུ་ཐོག་རྒྱལ་པོ་ལགས།
རྩོམ་ཡིག་འདི་ཕོ་མཆོག་མོ་དམན་གྱི་བསམ་བློ་ཁུར་ཏེ་བྲིས་པ་དེ་འདྲ་རྩ་བ་ནས་མིན་ལགས། དངོས་ཡོད་གནས་ཚུལ་གང་མཐོང་བ་གཞིར་བཞག་གིས་བྲིས་ཡོད། བོད་པའི་ཁྱོ་ག་མང་པོ་ཅིག་སྤྱོད་པ་སྣ་ཚོགས་ཡོད་པ་ནང་བཞིན་བུད་མེད་ཀྱང་དེ་དེ་བཞིན་དུ་གནའ་སྔ་མོ་ནས་ཡོད་པ་རེད། དཔེར་ན། གནའ་སྔ་མོ་སྲོང་བཙན་སྒམ་པོ་སོགས་ཟ་ལེ་རྒྱལ་ཁ་ཤས་བྱུང་བ་དང་ལྷན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་དང་མ་ཅིག་ལབ་སྒྲོན་སོགས།སྲོང་བཙན་ལས་ཀྱང་འཁྲབ་ཏོ་ཚ་བོ། ཨིན་ཇིའི་སྐད་ནང་བཤད་ན་hippieདེ་འདྲ་བོད་མོ་མང་པོ་བྱུང་ཡོད་རེད་ད།
ཉེ་རབས་ཀྱི་ལོ་རྒྱུས་ནང་དུའང་བོད་དང་ཨིན་ཇི་མི་རིགས། སིང་པའི་མི་རིགས་དང་ཀ་ཤི་མེར་གྱི་ཁ་ཆེ་དེ་འདྲར་ཐོག་མར་འབྲེལ་ལམ་བྱུང་སྟེ། ཕན་ཚུན་དགའ་རོགས་བསྒྲིགས་པ་དང་གཉེན་བསྒྲིགས་སོགས་བོད་པའི་བུ་ལས་བུ་མོ་ཚོ་ནས་འགོ་བཙུགས་ཏེ་གྲངས་འབོར་ཀྱང་ལྡབ་འགྱུར་གྱིས་མང་པོ་ཡོད་རེད་ད།
རྡ་ས་གཅིག་པུར་ཆ་མཚོན་ན་དེ་སྔ་བོད་པའི་ཕོ་སར་མང་པོ་མགོ་སེར་རིགས་དང་མཐུན་འཇུག་མང་པོ་བྱུང་བཞིན་པ་དངོས་ཡོད་རེད། འོན་ཀྱང་། དེང་སང་རྡ་སའི་སྤྱི་ཚོགས་ཡོངས་སུ་འགྱུར་ཚར་རེད། དེང་སང་བོད་མོ་རྣམས་ཧང་སངས་བའི་འཁྲུག་པོ་དང་གོ་སྐབས་མང་པོ་རག་གི་ཡོད་རེད་ད། ལྷག་པར་བོད་པའི་གོམས་གཤིས་ནང་བུ་དེ་ཚོས་འཇོན་ཐང་བཏོན་ཏེ་བུ་མོའི་ཁ་གསོ་དགོས་པ་ལྟ་བུའི་ལུགས་སྲོལ་ཅིག་ཡོད་པ་དེས།བུ་མོ་ཚོར་གུ་ཡངས་ཀྱི་འཁོར་ཡུག་མང་པོ་ཡོད་རེད། མ་གཞི་དུས་ཚོད་ཀྱིས་འདང་གི་མི་འདུག་མ་གཏོགས། འདིའི་སྐོར་ཞིབ་འཇུག་གིས་དེབ་ཅིག་བཏོན་ན་ངོ་མ་ལྟད་མོ་ངོ་མཚར་ཅན་དེ་འདྲ་ཡོད་རེད་ད།
ས་ཆ་རང་དབང་ཅན་དང་སྐྱིད་པོ་ཞིག་ཡིན་ས་རེད། ངོ་མ་ཅིག་འགྲོ་བར་འདོད། ང་སྡོད་ས་འདིར་རྐུན་མ་དང་བུད་མེད་དུག་རྫས་རྣམ་གཡེང་སོགས་བྱེད་ས་མེད་སྟབས་ས་ཆ་གུ་དོག་དྲག་འདུག སྐྱེས་སྨན་ཕར་བཞོག ཆོག་མཆན་མེད་པར་གྲོང་པའི་ཁྱི་ལ་བྱུག་བྱུག་བྱས་ན་བཙོན་ལ་འགྲོ་དགོས།
ཁྱེད་རང་གི་ཡག་པོ་བྲིས་འདུག་བཀྲིན་ཆེ།།
འདི་དག་དངོས་ཡོད་ཡིན་ན་ཡང་མིག་ཆུ་ཤོར་དགོས་པ་དེ་འདྲ་མི་འདུག ལྷོ་ཕྱོགས་ནས་ཕུན་ཚོགས་ཟེར་བ་ཞིག་ཟ་རེ་ཟུར་རེ་ར་བཟི་བསྡད་ཡོད་དུས་སུས་ཁྱེར་འདིས་ཁྱེར་མ་ཤེས་པར་མཁལ་མ་གཉིས་ཀ་རྐུ་མ་ཤོར་འདུག མིག་ཆུ་ཤོར་དགོས་པ་དེ་འདྲ་རེད།
ཨོ་ རྡ་རམ་ས་ལ་འགྱུར་སོང་བ་རེད་དམ། སྔ་ས་ནས་འདི་འདྲ་རེད། གང་ལྟར་མི་རེ་གཉིས་ཀྱིས་སྤྱི་ཚོགས་ལ་རྒྱས་འགེབ་བྱས་པ་འདི་ཡང་བལྟ་སྟངས་ཤིག་ཡིན་སྲིད།
གཞན། ལ་དྭགས་པས་མིག་ཡ་གཅིག་ནམ་ཞར་བཙུམ་བསྡད་འདུག་པས་དཔོན་ཐོབ་རེ་རག་མེད་པར་སྨོན། ཡོད་ཚེ་སྒེར་གཅོད་པ་ཞིག་ཡིན་པ་ཐག་གིས་ཆོད། རྡ་ས་དང་ངྷ་ས་ལ་བོད་པའི་ངོས་ནས་ཁྱད་པར་སྤུ་ཙམ་ཡང་མི་འགྲོ་བར་རྡ་ས་དེ་མཛེས་ཙམ་འདུག ངྷ་ས་འབྲི་བ་ལས་དབྱིན་ཡིག་གི་ DHASA བྲིས་བཞག་ན་ལྷག་ཏུ་ཡག་སྣང་འདུག ཧ་ཧ་ཧ
ད་དུང་རྐུ་མ་ཆེ་ཤོས་དེ་ལས་འདུག་ཆབ་སྲིད་བཙོན་པ་འཛུན་མ་ཚོས་ཆབ་སྲིད་བཙོན་པ་ངོ་མའི་ལས་རྒྱུད་རྐུ་མ་བརྒྱབས་ནས་རང་ཉིད་ཆབ་སྲིད་བཙོན་པ་ཡིན་པའི་ལོ་རྒྱུད་ཛུན་མ་བཤད་ནས་ལམ་འགྲོ་ཆུ་མོ་ལྟར་འགྱུག་ནས་ས་ཕྱོགས་གང་སར་འགྲོ་བ་བཅས་ཡོད་དོ།
ཡོ་རོབ་དང་ཨ་རིར་ཕེབས་མཁན་གསར་འབྱོར་མང་ཆེ་བས་རྡ་ས་འགྲིམས་མྱོང་ཞིང་། རྡ་ས་ནི་བོད་མིའི་ལོ་རྒྱུས་ནང་མདོ་མོ་གལ་ཆེ་ཞིག་རེད། རྐུན་མ་ཡོད་ཤས་ཆེ། དེ་ལས་ལྷག་པའི་དཔའ་བོ་དཔའ་མོ་མང་པོ་ཞབས་བཅགས་མྱོང་བའི་གནས་རྩ་ཆེན་ཞིག་རེད། དེ་ལ་ཤར་ཕྱོགས་ཁམས་ནས་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་གཙོས་བོད་ནས་སྐྱེ་ཆེན་དུ་མ་ཞབས་བཅགས་མྱོང་ལ། ལྷོ་ཀོང་པོ་ནས་བདུད་འཇོམས་རིན་པོ་ཆེ་གཙོས་པའི་བཙན་བྱོལ་བའི་སྐྱེ་ཆེན་དུ་མ་ཕེབས་པ། བྱང་ནས་སོག་པོའི་བླ་ཆེན་མང་ཆེ་བ་དང་། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་མང་ཆེ་བའི་བླ་ཆེན་མི་ཆེན་མང་པོ་ཕེབས་མྱོང་བའི་ལུང་ཁུག་བསམ་ཡུལ་ལས་འདས་པ་ཞིག་རེད།
གནས་དེ་ནི་ཆོལ་ཁ་གསུམ་གཅིག་ཏུ་འཛོམས་པའི་བོད་མིའི་སྲིད་ཀྱི་དཀྱིལ་འཁོར་དང་པོ་དང་བཞེངས་ས་དང་། ཆོས་ལུགས་ལྔ་གཅིག་ཏུ་ཁ་ཐུག་པའི་ཕ་ཁྱིམ། ད་དུང་བདག་གི་སྙིང་གི་ནོར་བུ་རྒྱལ་བ་ཡིད་བཞིན་ནོར་བུའི་བྱེས་ཀྱི་ཕ་གཞིས་ཆགས་ཡུལ་དེ་ཡིན། གནས་དེ་ནས་བོད་མི་སྟོང་ཕྲག་མང་པོར་རེ་བ་སྦྱིན་ཡོད་ལ། གནས་དེ་ནས་བོད་མིའི་སྡུག་བསྔལ་འཛམ་གླིང་གི་རྣ་བར་འདྲེན་ཡོད། གནས་དེ་ལ་བདག་ཅག་གི་མགོན་སྐྱབས་བཙན་བྱོལ་བོད་གཞུང་ཆགས་ཡོད་ལ། བདག་ཅག་གི་མ་འོངས་པའི་རེ་བ་བཅོལ་བའི་བུ་གསོ་ཁང་ཆེན་པོ་ཞིག་ཀྱང་ཕྱག་བཏབ་ཡོད།
ནོར། དཀྱིལ་འཁོར་དང་པོ་དང་བཞེངས་ས་དང་།
བཅོས། དཀྱིལ་འཁོར་དང་པོ་དེ་བཞེངས་ས་དང་།
གཞོན་ནུ་ཟླ་མེད་ལགས།དངོས་གནས་དེ་འདྲ་མིའི་མཁལ་མ་རྐུན་མར་ཤོར་བ་བདེན་ན།སྐུ་མཁྱེན་ཁུངས་ལུང་ཡོད་ན་ས་གནས་ཆུ་ཚོད་སོགས་གསལ་བོར་ཤོད་དང་མ་གཏོགས།དཀྲོགས་གཏམ་འདྲ་བོ་ཆགས་ས་རེད་ད
ད་སྐུ་མཁྱེན། ལ་དྭགས་པ་ལགས། ཁྱེད་ཀྱིས་ཞལ་དེ་ཅུང་བཙུམས་བཞུགས་རོགས་གནང་། སྤྱིར་ཁྱེད་ནས་ཡིག་ནོར་བཅོས་ན་དགའ་བསུ་ཡོད། འོན་ཀྱང་། ཁྱེད་ཀྱིས་ཡི་གེ་ནོར་མེད་པ་ཁག་ནོར་བསྡད་པར་བཅོས་ཀྱི་འདུག ཁྱེད་རང་མི་བགྲེས་སོང་ཞིག་གིས་དེ་འདྲ་གནང་རྒྱུར་ངོ་མི་ཚའམ། དཔེར་ཆ་བཞག་ན། ངས་མདང་དགོང་ཞེས་བྲིས་པ། ཁྱེད་ནས་མདང་དགོངས་སུ་བཅོས་ཏེ་ཡིག་ནོར་བྲིས་འདུག བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མདང་དགོང་ཉིན་སྔོན་མའི་མཚན་མོ་ཞེས་བྲིས་འདུག དག་ཡིག་གསར་བསྒྲིགས་ནང་དུའང་དེ་བཞིན་བྲིས་འདུག ད་ཁྱེད་ལ་ཁུངས་ལུང་ག་རེ་ཡོད།
་
ཁྲི་རལ་པ་མཆོག་གིས་འདི་ལྟར་བྲིས་པ་ལ། ལན་ཞིག་བོད་རིག་གཞུང་གི་མིང་ཚིག་དག་རྣམས་སྲུང་སྐྱོབ་ཆེད་འབུལ་དགོས་པར་མཐོང་། ཁྱེད་ལྟ་བུ་བོད་ཀྱིས་སྔོན་གྱི་མཁས་པས་བྲིས་པའི་དག་ཆ་དག་རྩིས་མེད་པར་བོད་རྒྱ་ཚིག་མཛོད་ཆེན་པོ་དང་། དག་ཡིག་གསར་བསྒྲིགས་ན་ནོར་བྲིས་པར་ཁུངས་བཅོལ་པ་ལ། སྔར་ཡང་མང་དུ་བཤད་ཟིན། སླར་ཡང་འཆད་དགོས་པར་མཐོང་། སྔར་གྱི་རིག་གཞུང་དཔེ་ཆ་རྣམས་ལ་བཀོད་པ་ལྟར་བདག་ཅག་ཕྱི་རབས་ཀྱི་བོད་སྐད་དོན་གཉེར་ཀུན་ལ་ལྟ་བདེ་ཆེད་དུ་དག་ཡིག་ཟ་མ་ཏོག་དང་། དག་ཡིག་ངག་གི་སྒྲོན་པ་དག་ན། དགོངས་ཞེས་ཡོད་པ་ལན་གྲངས་དུ་མར་བཀོད་ཟིན་པས། སླར་དགོད་མི་དགོས་པ་བྱས། ཁྱེད་ལ་ལོང་ཡོད་ན། བོད་ཀྱི་རིག་གཞུང་དག་པོར་འབྲི་ཐུབ་པའི་ཆེད་དུ་སྔར་གྱི་གཞུང་དཔེ་དག་ལ་གཟིགས་དགོས། ཁུངས་སྐྱེལ་བའི་ཆེད་དུ། གངས་ཅན་སྐད་ཀྱི་མཁས་དབང་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་ཆོས་འབྱུང་། དེབ་གཟུགས་མ་ཤོག་གྲངས་༡༩༣ ན་འདི་ལྟར་བྲིས་ཏེ “རྨ་ཆུའི་ཕྱུགས་རྫིས་མཐོང་སྟེ་དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས་པས།” ཞེས་པ་སོགས་བོད་མཁས་པས་བྲིས་པ་ན་ཡོད་པ་དང་། བོད་ཀྱི་ལུང་པ་མང་པོ་ན་ད་དུང་ཁ་སྐད་དུ་ཡང་འཇུག་འཐོན་པས་འདོན། འདི་དག་ངའི་ཁུངས་ཡིན། ཡིད་ལ་གོ་བར་མཛོད།
དག་ཡིག་ངག་གི་སྒྲོན་པ་དག་ན། ཞེས་པ། དག་ཡིག་ངག་གི་སྒྲོན་མ་དག་ན། ཞེས་ཀློག་པར་མཛོད།
ལ་དྭགས་བློ་འཇམ་པ་ལགས་འཇོ་ལེ། ཁྱེད་རང་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་པ་དང་།སྔ་རབས་མཁས་པའི་གསུང་བགྲོས་ལ་དོ་སྣང་ཡོད་པར་གུས་ཞབས་ཡོད།འོན་ཀྱང་།སྔ་རབས་མཁས་པའི་གསུང་ན་འདུག་ཅེས་བརྡ་རྙིང་པ་དང་ཡི་གེ་འབྲི་ཚུལ་རྙིང་པ་ཁག་མང་པོ་ཅིག་ཨུ་ཚུགས་ཀྱིས་འབྲི་དགོས་ན།ལས་སླ་བོ་དེ་དཀའ་མོར་བཏང་བ་རང་མ་གཏོགས་དགོས་པ་གང་ཡང་མེད་པ་རེད།དཔེར་ན།ཁྱེད་རང་ལྟར་དུ།དེང་སང་གི་དག་ཡིག་ཁག་ནང་ཡོད་པ་མདང་དགོང་ཞེས་པ་དེ།སྔ་མོའི་ཡིག་རྙིང་ཅིག་ཏུ་མདང་དགོངས་ཞེས་བྲིས་འདུག་པས་དེ་ལྟར་བྲི་དགོས་ལབ་ན།ཡིག་རྙིང་ཁག་ནང་མིག་ལ་མྱིག་དང་ཀུན་པོ་ལ་ཀུནད་པོ།བཙན་པོ་ལ་བཙནད་པོ།མེད་ལ་མྱེདདུ་སོགས་དག་ཆ་ཡ་མ་གཟུགས་སྣ་ཚོགས་པ་ཅིག་ཡོད་པས།དེ་ལྟར་དུ་འགྲོ་དགོས་ན་བོད་ཡིག་གི་རྣམ་གཞག་དེ་གང་ལ་འགྲོ་སོང་།དེ་ལྟ་བུའི་འབྲི་ཚུལ་དང་བརྡ་རྙིང་པ་མང་པོ་སྐད་གསར་བཅད་རེ་རེའི་སྐབས་སུ་བཅོས་བསྒྱུར་བྱས་ཏེ་ཡོང་བ་རེད།
ད་སྟབས་བདེ་རུ་བཏང་བཞག་པ་དེ་ཚོ་གཡུག་སྟེ་ཕྱིར་ལོག་བརྒྱབས་ན་ཕན་ཁྱད་འདྲ་ཨེ་ཡོད་དམ།བུ་སྟོན་ཕར་བཞག་རྗེ་ཙོང་ཁ་བ་དང་གོང་ས་ལྔ་བ་སོགས་ཀྱི་གསུང་ནང་དུའང་དག་ཆ་དེ་འདྲ་སྔ་མའི་ལྷག་འཕྲོ་ཁ་ཤས་མཐོང་སོང་།དཔེར་ན།༧གོང་ས་ལྔ་བའི་རང་རྣམ་ནང་དེང་སང་ཡོངས་གྲགས་ཀྱི་སྡེ་གཟར་གྱི་དག་ཆ་ལ་བདེ་གཟར་ཞེས་ཐེངས་མང་བྲིས་འདུག་མོད།བོད་སྤྱི་ཚོགས་སྟེང་ཡོངས་གྲགས་དེ་ཡིག་ནོར་ལ་རྩིས་གྲབས་རེད།རྗེ་བཙོང་ཁ་བ་ཞེས་མཁས་པ་མང་པོས་བྲིས་ཡོད་ནའང་།དེང་སང་ཡོངས་གྲགས་སུ་ཙོང་ཁ་བ་ཞེས་འབྲི་བཞིན་པ་རེད།མཁས་དབང་ཟམ་གདོང་ཚང་གིས་ཀྱང་དམངས་གཙོ་ཟེར་བ་དོན་དང་ཡི་གེ་མང་ཉུང་གཉིས་ཀའི་ཆ་ནས་མང་གཙོ་ལ་བཅོས་ན་ལེགས་ཞེས་དགོངས་ཚུལ་མང་པོ་ཕེབས་ཡོད་རེད།
དེ་ནས་བོད་རྒྱ་ཚིག་མཛོད་ལྟ་བུར་ཁྱེད་ཚོས་ཅིག་བཤད་ཁུལ་མ་བྱས་ན་ལེགས།ཚིག་མཛོད་དེ་བསྒྲིགས་མཁན་བོད་ཆོལ་གསུམ་གྱི་མཁས་དབང་གཞན་དྲིང་མི་འཇོག་པ་དེ་ཚོའི་འགྲམ་ནས།ཁྱེད་ཚོ་ལྟ་བུར།བླུན་པོ་སྨྲ་བ་ཉུང་ན་མཛེས།།ཞེས་པ་དེ་ཧ་ཅང་གིས་མཛའ་བོ་ཡོད་རེད་ད།
ཁྱེད་རང་གི་རྡ་ས་རྐུན་མ་མང་བ་མཐོང་ཡས་དེ་ག་རེ་རེད་ལབ་ན། མི་ཡག་པོ་ཡང་མང་པོ་ཡོད་པའི་རྟགས་རེད། རྡ་སའི་རྐུན་མ་དེ་རྐུན་མ་རེད། དེ་ཚོ་དཔེ་མི་སྲིད་པའི་ཐ་ཞན་མ་རབས་རེད། ཡིན་ན་ཡང་ཁྱེད་རང་གིས་རྡ་སར་རྐུན་མ་ཡོད་པ་དེ་བཞིན་ག་པར་གང་སར་མཐོང་ཡས་ཡོད་ཀྱང་། རྡ་ས་ལ་དམིགས་བཀར་དགོས་པ་དེ་གང་ཡིན་ནམ། ཕལ་ཆེར་འདི་ལྟར་ཡིན་ཤས་ཆེ་སྟེ། རྡ་སར་རྐུན་མ་ཡོད་པ་དེར་ཧང་སངས་པའི་རྟགས་རེད། དཔེར་ན། ནམ་རྒྱུན་མི་ལག་པ་གཙང་མ་དེས་ནམ་ཞིག་རྐུན་མ་བརྐུས་ན་ཧང་སངས་སངས་བྱས་པ་ནང་བཞིན་རེད།
གོང་གི་རྙོག་དྲ་དེ་དག་སེལ་ཡས་ཆེད་ཡིན་ན། མི་དེ་དང་དེ། མིང་འདི་དང་འདི། སྡོད་གནས་འདི་དང་འདི་ཞེས་གསལ་སྟོན་ཐུབ་ན་ཡག་པོ་རེད། དེ་མིན་མཚང་འབྲུ་ཙམ་ཡིན་ན་དགོས་པ་གང་ཡང་མ་མཐོང་ངོ།།
མི་རེ་ཟུང་དང་གཅིག་གཉིས་ནས་རྐུན་མ་ཤོར་བར་ཡ་མཚན་གང་ཡང་མེད་པ་རེད།གནས་ཚུལ་དེ་འདྲ་རྒྱུན་ལྡན་རེད།འོན་ཀྱང་།མི་རེ་རེ་སོགས་མིང་འདོན་དགོས་ན་བརྗོད་མི་ཚར་བ་ཞིག་རེད།ཧ་ལམ་མི་སུ་ལ་ཐུག་ན་རྐུན་མ་ཤོར་མེད་མཁན་ཅིག་མི་འདུག་པ་འདྲ་བོ་རེད།དེ་འདྲར་བརྟེན་རྒྱུན་ལྡན་མ་རེད།དེ་བས་རྩོམ་ཡིག་འདི་བྱུང་བ་རེད་ལགས།
མི་མང་པོའི་ཁུངས་སྐྱེལ་མི་དགོས། རྡ་སའི་མི་འདི་གཅིག་རང་གཅིག་གི་མིང་འབོད་བྱོས་ལ། ཁུངས་དང་དཔང་རྟགས་འཁྱེར་ཐུབ་པ་བྱོས་ན་ཕན་ཐོགས་ཡོད་ལ། དེ་མིན་མི་ས་ཡ་མང་པོའི་མིང་བརྗོད་ཐུབ་ན་བརྒྱ་ཕྲག་ཁ་ཤས་བརྗོད་མི་ཐུབ་པ་གང་ཡང་མེད་སྙམ་མོ།།
གནས་ཚུལ་འདི་ཚོ་རྒྱུན་ལྡན་ཞིག་རེད། དེ་ལ་ཁུངས་ཡིན་ན་ཅིག་འཁྱེར་ཤོག་ཟེར་ནས་ངར་ངར་བྱེད་ནས་ཅི་བྱེད།
བསྟན་འཛིན་རིགས་ལྡན་ཟེར་བ་དེ་ཁྱད་མཚར་བ་ལ།མི་གཅིག་གི་ཁུངས་སྐྱེལ་དགོས་ན་ཁྲི་རལ་ཁོ་རང་གིས་ཁོང་གི་ཅ་ལག་མང་པོ་རྐུན་མར་ཤོར་བ་ལབ་འདུག་ག མ་གཞི་རྡ་ས་པི་སི་ལས་ཁུངས་སུ་ཁུངས་ལྡན་དགོས་ན་འགྲོ་དགོས་རེད་པ།དེ་ནས་case དེ་འདྲ་ག་ཚོད་དགོས་དགོས་རག་གི་རེད་ད།སེམས་ཁྲལ་ཁོ་རང་མེད་རེད།
དེ་ལས་ཁུངས་སྐྱེལ་དགོས་ན་༢༠༡༣ལོ་གཅིག་པུར་ཀིརྟི་སྒྲོལ་ནས་ཟུང་སྟེ་གཞིས་འགོ་དང་དྲུང་ཆེ།རྩིས་པ་སོགས་ག་ཚོད་དགོས་དགོས་བྱུང་ནས་གཞུང་གིས་གནས་དབྱུང་བཏང་བ་སོགས།དུས་བབ་གསར་ཤོག་གཅིག་པུའི་སྟེང་ག་ཚོད་བསླེབས་སོང་།བལ་ཡུལ་ནས་བོད་གཞུང་དངུས་འབུམ་བརྒྱ་ཕྲག་ཁ་ཤས་རྐུན་མ་བརྒྱབས་མཁན་དེ་འདྲ་བཏོན་སོང་ང་།
སྔ་མོ་རང་བཙན་པ་དེ་འདྲས་ཤིམ་ལ་གཏན་སློབ་ཀྱི་འབུམ་ལྔ་རྐུན་མ་བརྒྱབས་ནས་བཟུང་སྟེ།གཞུང་འབྲེལ་ཤེས་བྱ་གསར་ཤོག་སྟེང་རྐུན་མ་ག་ཚོད་དགོས་དགོས་ཁྱབ་བསྒྲགས་བྱས་ཡོད་རེད་ད།ད་དུང་ཁུངས་སྐྱེལ་ན་ཅིག བསྟན་བཤིག་རང་རེད་ཧཧཧ
ལ་སྟོད་ལགས། རྙོག་དྲ་དེ་འདྲ་མང་པོ་དེ་འདྲ་ག་པར་གང་སར་ཡོད་ན། རྡ་ས་གཅིག་པུ་དམིགས་བཀར་དགས་དོན་གང་ཡིན་ནམ། བོད་མི་ཞིག་གས་དེ་ལྟར་ཡིན་ཚེ། རང་གི་ཕོར་བར་རང་གིས་གདོང་རྒྱག་ཞུས་པ་རེད། ཁོས་མི་ཐུག་ཚད་ཀྱིས་རྡ་ས་ནས་རྐུན་མའི་རྙོག་དྲ་བྱུང་བ་དང་། མིང་བགྲངས་ན་གྲངས་ཚོད་མེད་པ་ཞེས་རྡ་སའི་མི་ཡོངས་རྫོགས་རྐུན་་རེད་དམ།
ས་ཁུལ་གང་སར་གྱི་ཚགས་པར་ནང་རྐུན་མ་དང་མི་གསོད་འཕྲོག་བཅོམ་གོ་ཡས་ཡོད་པ་གང་ཞིག་ལ། རྡ་ས་ཟུར་འདོན་བྱ་དགོས་དོན་གང་ཡིན་ནམ། ཤ་ཞེན་ཡོད་ནས་བཤད་པ་རེད་དམ། སྒེར་གྱི་དགའ་མི་དགའ་མདོག་བྱས་ནས་བཤད་པ་རེད་དམ། ཡང་ན་གནས་དོན་གང་ཡོད་དམ། རྡ་སར་གཉའ་བཅོས་བཤད་པ་ཡིན་ནམ། ཆེད་མངགས་དཀྲོག་རྐྱེན་བྱས་པ་རེད་དམ། དངོས་གནས་རྡ་སའི་མི་ཡོངས་རྫོགས་རྐུན་མ་རེད་ཟེར་ནདེ་སྐད་ཅ་རྫབ་ཆེན་མ་རེད་དམ། ཤ་ཞེན་འགན་འཁུར་ཡོད་ན་སྐད་ཅ་བཤད་སྟངས་དེ་འདྲ་མ་རེད། ང་ཚོ་བསྡད་སའི་གཡས་གཡོན་སྐོར་བྱ་ཁང་དུ་རྐུན་མ་ཇག་པའོ་གྱོད་གཞིའི་ཁེངས་ནས་ཡོད་ན། སཁུལ་འདིར་གནས་སྡོད་ཚང་མ་རྐུན་མ་ཇག་པ་ཡིན་དགོས་སམ། གནས་དོན་གང་བྱུང་བཤད་མཁན་དེ་ཚོ་ངན་པ་ལངས་ཤོར་དུ་མ་འགྲོ་ཐབས་བྱ་དགོས་ཡས་དེ་འདྲ་ཡང་ཡོད་པ་མཁྱེན་དགོས། དེ་མིན་ང་ལ་ཁྱད་པར་གང་ཡང་མེད། ག་ཚོད་འུ་རྡུག་ན་ཡང་རང་གི་སྒྲིག་འཛུགས་དང་བཞུགས་སྒར་ཡིན་པས་དད་མོས་ཞུ་མ་ཐུབ་ན་ཡང། འདི་འདྲའི་ཐབས་སྐྱོའི་སྐད་ཅ་བཤད་ནས་དགོས་པ་གང་ཡང་མ་མཐོང་ངོ།། ལོ་གསར་བཀྲ་ཤིས་བདེ་ལེགས།།
རྡ་ས་ན་དེ་འདྲ་སྤྱོད་ངན་མང་པོ་ཡོད་པ་དངོས་ཡོ་གནད་ཚུལ་རེད།ཐེངས་གཅིག་ང་རང་གི་ངོ་ཤེས་མཚམས་པ་སྐུ་ཞོག་ལགས་ཤིག་ཤིང་ནགས་ནས་བཅོམ་སྟེ།སྒོར་མོ་སྟོང་ཕྲག་ལྔ་བཙན་འཕྲོག་བྱས།ཡང་ཨ་ནི་མཚམས་པ་ཅིག་ཏྲི་སི་བེ་ལམ་ཁ་ནས་བཅོམ་འདུག དེ་ནས་བཙན་གཡེམ་གནས་ཚུལ་མང་པོ་ཡོད་པ།ཉེ་ཆར་བོད་པ་བུ་མོ་ཅིག་ལ་རྒྱ་གར་ཚལ་ཚོང་པ་ཅིག་བཙན་གཡེམ་བྱས་པ་སྒོར་ཁྲི་ལྔ་སྤྲད་དེ་ནང་འགྲིག་བྱུང་འདུག་ག བར་སྐབས་ཨ་ནི་ཅིག་ལ་འང་བཙན་གཡེམ་བྱས་སོང་ང་།ཡང་བོད་པ་ཕོ་སར་ཅིག་གིས་བཙན་གཡེམ་བྱས་པ་ཕ་ཡུལ་སོགས་གསར་ལམ་གང་སར་སླེབས་སོང་ང་།རྗེས་སུ་ཕོ་སར་དེ་ལོ་གཅིག་ཙམ་རྗེས་ནས་བཙོན་ཁང་ནས་གློད་ཡོད་རེད་ད།ལྷག་པར་གསོག་སྒ་བསླབ་གྲ་སྔོན་མ་རྒྱ་གར་ཚོས་པེ་མང་པོ་བྱུང་རེད་ད།དེ་ཚོ་ཡར་གཏུག་གི་ཁོ་རང་མེད་རེད།གསོག་སྒ་སློབ་ཟུར་ཚོའི་གསལ་ཐིང་ཤེས་ཀི་རེད་ད།
གང་ལྟར།ང་རང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་སྡུག་ཅག་འདི་འདྲ་ཡོད་པ།ང་རང་ཚོས་ཕྱི་ལ་བཏོན་ནས་བསྒྱུར་བཅོས་བཏང་སྦྱང་བཤད་བྱེས་དགོས་རེད་མ་གཏོགས།ཕྱོགས་ཞེན་གྱིས་གུས་ཞབ་ལ་ཁག་བཞག་ནས་གཡུག་བཞག་ན།༧རྒྱལ་བ་རིན་པོ་ཆེ་ནམ་རྒྱུན་ང་ཚོ་དྲང་པོ་དྲང་བཞག ཕྱི་གསལ་ནང་གསལ་ཡིན་ཞེས་གསུང་བསྡད་པའི་རིན་ཐང་བརླག་པ་མ་ཟད།ཉི་མ་གཅིག་གནས་ཚུལ་སྡུག་ཅག་འདི་ཚོར་ཕྱི་རྒྱལ་མི་ཚོ་དོ་སྣང་སླེབས་ཏེ།ཉམས་ཞིབ་བྱས།དེབ་བྲིས།གློག་བརྙན་བཟོས་དེ་འདྲ་ཏན་ཏན་ཡོང་གི་རེད་ད།དེ་དུས་ང་ཚོ་ཚར་རེད།དགྲ་དགའ་གཉེན་སྡུག་ཏན་ཏན་ཆགས་ཀྱི་རེས།
དེ་ལས་སྔ་སེ་ནས་ང་རང་ཚོས་ནང་ཁུལ་གྱིས་ཚར་བཅད་ན་ཡག་ཤོས་ཡོད་རེད་ལ།མི་ཅིག་ལ་མཚོན་ནའང་།དང་ཐོག་རང་སྐྱོན་རང་བརྗོད་བྱས་ན་སོ་སོར་དག་སེལ་ཡོང་གི་རེད་མ་གཏོགས།གཞན་གྱིས་ཚུར་སྐྱོན་བརྗོད་དུས་ལ་བབ་ན་ཚར་རེད།
ཕྱི་རྒྱལ་བས་ཧ་གོ་སོང་ན། དེ་ལ་ངོ་ཚ་དགོས་དོན་ཅི་རེད། གཙོ་བོ་རང་སེམས་གཙང་དགོས་བ་རེད། ཚུ་རྒྱ་མཚོའི་ནང་ན། སྦྲུལ་སྦལ་མང་པོ་ཡོད་པ་རེད། ཡོད་དགོས་བ་ཞིག་ཡང་རེད། ཁུངས་དགོས་ནི་ཡོད་ན། རྒན་མོ་ཡག་མ་དང་དར་མ་དེ་འདྲ་རྡ་ས་ལ་བཞག་དང་། དེ་ནས་ལྟད་མོར་ལྟོས་ཆོག་གི་རེད། ཧ་ཧ་ཧ།
གང་ལྟར་རང་རྒྱུ་དང་རང་ལུས་ལ་གཟབ་གཟབ་གནོངས། རྡ་ས་འདི་སྣ་འདུས་འགྲོན་པོ་འདུག་ས་རེད། ངན་བྱེད་པོ་ཚང་མ་བོད་པ་གཅིག་པོ་མ་རེད།
ཆུ་རྒྱ་མཚོ་ལ་བཅོས་སོ།
ཤེས་བྱ་ཐམས་ཅད་ལེབ་ལེབ་མ་ཡིན། དེ་ལ་ཚོད་དང་ཚད་མ་ཡོད།
རྩོམ་པ་པོ་ཁྲི་རལ་ཁོ་རང་གིས་གློག་ཀླད་བོར་བས་སེམས་མ་སྐྱིད་ནས་རྡ་རམ་ས་ལ་ཡོངས་ལ་དབྱུག་པས་ལེབ་རྡུང་ཞིག་བྱས་པ་ཙམ་རེད། དེ་འདྲ་གནས་ཚུལ་རེ་རེ་ནས་བགྲང་བསྡད་ན་ས་ཆ་གང་ཡིན་ན་ཡང་འདི་འདྲ་ཡོང་གི་ཡོད་རེད། ང་རྡ་རམ་ས་ལར་ལོ་མང་པོ་བསྡད་པ་ཡིན། ཕྱི་ལོགས་ལ་འགྲོ་དུས་ཁང་པ་ལ་སྒོ་ལྕགས་རྒྱག་མ་མྱོང་། དངུལ་ཁུག་སྲབ་མོ་དེའི་ནང་ན་མང་པོ་ཞིག་ཅང་མེད་མོད་ཡོད་པ་དེ་ལ་ལུང་གང་ཞིག་ནས་གཡུག་བཞག་ན་ཡང་ཚུར་རང་ལག་ལ་འཚམས་པོ་བདེ་མོར་འབྱོར་ཡོང་གི་འདུག ན་ནིང་ཞིག་ལ་རྡ་རམ་ས་ལར་མི་ཞིག་གིས་སྒོར་མོ་འབུམ་མང་པོ་བོར་བ་རྙེད་མཁན་གྱིས་ཚུར་སྤྲད་པས་སྐད་གྲགས་ཀྱིས་ཁྱབ་པ་རེད། ངའི་གློད་ཀླད་འདྲ་བོ་དེ་མར་འགྲུལ་འཁོར་འབབ་ཚུགས་སུ་ཉིན་མཚན་ཁ་ཤས་བཞག་ན་ཡང་ཁྱེར་འགྲོ་མཁན་ཞིག་ཅང་ཡོད་པའི་སྣང་བ་མི་འདུག
ཁྲི་རལ་ཞིབ་ཀློག་ཅིག་བྱས་ཡིན། ཡོད་ཚད་བདེན་པ་བདེན་རྐྱང་རེད་ཅེས་བཤད་ན་གཞན་གྱིས་ཁས་ལེན་དཀའ་མོད་བདེན་པ་མང་བ་མངོན་གསལ་རེད། ད་དུང་བཤད་རྒྱུ་ཞིག་ལ་ཁྱོད་ཀྱི་ཅ་ལག་འགའ་རྐུན་ལ་ཤོར་བ་ངས་རི་སྒང་གི་བླ་རྒན་སྣང་སྐྱིད་དེའི་ཁ་ནས་ཐོས། མ་གཞི་ཁྱེད་རང་གིས་གཞན་ལ་ཡིད་ཆེས་བྱེད་རྒྱུ་མང་དྲགས་འདུག མ་ཟད་ལས་ཀ་དེ་རྐུན་མ་ཁོ་ལ་སྤྲད་མེད་རྒྱུ་ན་་་་་་ད་མི་བཤད་ཚར་ཚར་ཚར་བ་རེད། ཟླ་ཤས་རྗེས་མཇལ་ཐུབ་སྙམ།
གྲོགས་པོ་རུ་ཤུལ་བུ་ལགས་ཀྱིས་ངའི་རྩོམ་ཉོག་འདི་བཀླགས་པར་དགའ་སྤྲོ་འཕེལ།ཁོམ་པ་ཡོད་དུས་ཕེབས་ཤོག་དང་ང་ཚོ་སྐྱིད་པོ་བྱས་ཏེ་འདུག་ཡ་ཤ་ཉེ།